མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་གིས་བདམས་ཐོན་སྲིད་སྐྱོང་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་འོས་བསྡུ་ལས་ཁང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་དང་བསྟུན་ཨ་རིའི་གཞུང་དང་ལས་ཐོག་སྲིད་སྐྱོང་གཙོས་པའི་མི་མང་བཅས་ནས་སྲིད་སྐྱོང་གསར་བ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུ་ཡི་འདུག

དེ་རིང་ཕྱི་ཚེས་ ༡༥ ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནེལ་ཌི་པི་རཱ་སི་ལགས་ཀྱིས་ཊུ་ཝི་ཊར་བརྒྱུད། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་བར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པའི་ནང་། ཨ་རིའི་གཞུང་གིས་སྤེན་པ་ཚེ་རིང་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་བར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་ཡི་ཡོད། ང་ཚོས་ཁོང་དང་བོད་མིའི་སྒྲིག་འཛུགས་ལྷན་དུ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་པར་རེ་ལྟོས་ཆེན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར། སྐབས་བཅུ་བདུན་པའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་གནང་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཐོག་སྲིད་སྐྱོང་བློ་སེང་གེ་མཆོག་གི་དབུས་པའི་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་སྐལ་བཟང་རྡོ་རྗེ་ལགས་དང་མི་མང་བཅས་ནས་བདམས་ཐོན་སྲིད་སྐྱོང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ལ་བརྒྱུད་ལམ་འདྲ་མིན་ཐོག་ནས་འཚམས་འདྲི་ཞུས་པ་དང་སྦྲགས་མ་འོངས་པའི་ལས་དོན་ལམ་ལྷུང་ཡོང་བ་བཅས་ཀྱི་འཚམས་འདྲི་དང་རྟེན་འབྲེལ་ཞུས་ཡོད་པ་རེད།

དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་ཀྱི་བརྙན་འཕྲིན་བརྒྱུད་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་ཞུས་པའི་ནང་། ད་ལན་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་གསལ་བསྒྲགས་འགྲུབ་པ་ཡིན་དུས། ངས་བཀའ་ཤག་གི་ཚབ་ཞུས་ཏེ་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འོས་བསྡུར་རྒྱལ་ཁ་འཐོབ་པར་བསྔགས་བརྗོད་ཞུ་ཡི་ཡོད། དེ་བཞིན། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་ཕུལ་ཏེ། བཀའ་ཤག་ངོས་ནས་འཚམས་འདྲི་ཞུ་རྒྱུ་དང་ཁོང་གི་ལས་ཡུན་སྐབས་ཕྱག་ལས་ལེགས་འགྲུབ་ཡོང་བར་ཤོག་ཅེས་སྨོན་འདུན་ཞུས་ཡོད། ཅེས་གསུངས་སོང་།

ཡང་བདམས་ཐོན་སྲིད་སྐྱོང་མཆོག་གི་དམ་འབུལ་ཐད་སྲིད་སྐྱོང་མཆོག་གིས། བཀའ་ཤག་ནས་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་དམ་འབུལ་ཞུ་རྒྱུ་ཐག་གཅོད་བླངས་ཟིན་པ་ཡིན། གང་ཡིན་ཟེར་ན། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཚེས་ཉེར་དྲུག་ནི་བཀའ་ཤག་གི་ལོ་ལྔའི་རིང་གི་ཉིན་མཐའ་མ་དང་། ས་ག་ཟླ་བའི་ཚེས་བཅོ་ལྔ། དེ་བཞིན། རེས་གཟའ་ལྷག་པ་བཅས་ཆགས་ཀྱི་ཡོད་སྟབས། ཚེས་བཟང་དུས་བཟང་ལ་དམ་བཅའ་ཕུལ་བ་ཡིན་ན་རྟགས་རྟེན་འབྲེལ་གང་ཅིའི་ཐད་ནས་ཡག་པོ་ཡོང་གི་རེད་བསམ་པའི་ཐོག་ནས་ཉིན་དེར་དམ་བཅའ་འབུལ་རྒྱུ་དང་། གལ་ཏེ་རྒྱ་གར་རྒྱལ་ཡོངས་སུ་དམ་བསྒྲགས་དང་ཧི་མ་ཅལ་ནང་མི་ལྔ་ལས་ལྷག་འཛོམས་མི་ཆོག་པའི་དམ་རྒྱུ་མུ་མཐུད་གནས་ཀྱི་ཡོད་ཚེ། བཀའ་ཤག་ངོས་ནས་དྲ་ལམ་ཐད་གཏོང་བརྒྱུད་དམ་འབུལ་ཞུ་བར་གང་ཐུབ་ཅི་ཐུབ་ཀྱིས་གྲ་སྒྲིག་གནང་གི་ཡིན་ཞེས་ཞུས་བཞག་ཡོད།  བདམས་ཐོན་སྲིད་སྐྱོང་ཆགས་པ་དང་བཀའ་ཤག་ངོས་ནས་སྒེར་དྲུང་ཞིག་དང་སྐུ་སྲུང་བ་འཇོག་དགོས་ཀྱི་ཡོད་པ་ལྟར་བཞག་ཡོད་ལ། གཞན་མཐུན་འགྱུར་ག་རེ་ཞུ་དགོས་བྱུང་ཡང་བཀའ་དྲུང་དང་སྒེར་དྲུང་བརྒྱུད་བདམས་ཐོན་སྲིད་སྐྱོང་ནས་འབྲེལ་བ་གནང་རོགས་ཞེས་ཞུས་བཞག་ཡོད།  འབྲེལ་བ་གནང་བ་ཡིན་ན་བཀའ་ཤག་ནས་གང་ཐུབ་ཅི་ཐུབ་ཀྱིས་མཐུན་འགྱུར་སྤྱོར་གྱི་ཡིན་ཞེས་ཞུས་བཞག་ཡོད། ཅེས་གསུངས་སོང་།

དེ་བཞིན། ཉེར་གཅིག་ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ངོ་དེབ་སྟེང་མཇུག་བསྡོམས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རང་ཉིད་ལ་ཐེངས་འདིའི་སྲིད་སྐྱོང་གི་འོས་བསྡུའི་ཁྲོད་འོས་ཤོག་བརྒྱ་ཆ་ ༤༦% མ་ཟིན་ཙམ་ཐོབ་ཡོད་པར་། རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་ཆེ་གྲས་ཁག་གཙོས་པའི་འབྲེལ་ཡོད་རྒྱལ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བདམས་ཐོན་སྲིད་སྐྱོང་གསར་པ་སྐུ་ངོ་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་བསྟུན། དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདིར་སྲིད་སྐྱོང་གསར་བའི་ལས་དོན་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། དཀའ་ཐུབ་ལྷུར་ལེན་གནང་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ་ཡི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢༠ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢༡ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese