མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་རྫོང་ཞིག་ནང་ཆུ་ལོག་གནོད་སྐྱོན་ཆེན་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བལ་ཡུལ་གྱི་སིན་དྷུ་དཔལ་མཆོག་རྫོང་(Sindhupalchok) ཞེས་པའི་ནང་དྲག་ཆར་བསྟུད་མར་བབས་པར་བརྟེན། ཁུལ་དེའི་མེ་ལམ་ཆི་རྒྱུག་ཆུའི་ (Melamchi river) སྟོད་བརྒྱུད་དུ་ས་ཉིལ་གྱིས་རྒྱུག་ཆུ་འགག་པ་ཤོར་ཏེ་ཉུང་མཐར་མི་གྲངས་ ༢༠ གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁྱིམ་ཚང་ ༢༠༠ ལྷག་ལ་ཆུ་ལོག་གིས་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག

སིན་དྷུ་དཔལ་མཆོག་རྫོང་གིས་ཁ་སང་བསྒྲགས་པའི་གནས་ཚུལ་ལྟར་ན། ཆུ་ལོག་གི་དོན་རྐྱེན་ཁྲོད་ཉུང་མཐར་མི་གྲངས་ ༢༠ གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཁྲོད་རྒྱ་རིགས་གཉིས་དང་རྒྱ་གར་བ་གཅིག་བཅས་ཀྱི་བེམ་པོ་རྙེད་ཡོད་སྐོར་དང་། བལ་ཡུལ་གྱི་དམག་མི་དང་ཉེན་རྟོག་མི་སྣས་མི་གྲངས་ ༧༤ ཙམ་ཆུ་ལོག་གི་གནོད་སྐྱོན་ཁྲོད་ནས་བསྐྱབས་ཡོད་ནའང་། ད་ལྟ་གར་སོང་ཆ་མེད་དུ་གྱུར་བའི་གྲངས་ཐོ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྐྱེན་འདས་སུ་ཕྱིན་པའི་མི་གྲངས་མུ་མཐུད་ཡར་འཕར་ངེས་ཡིན་སྐོར་བརྗོད་འདུག

ཆུ་ལོག་དེ་ལ་བརྟེན་ནས་རྒྱུག་ཆུ་དེའི་སྨད་བརྒྱུད་ཀྱི་ཁྱིམ་ཚང་ ༢༠༠ ལྷག་གནས་ཡུལ་མེད་པར་གྱུར་པ་དང་། ཁྱིམ་ཚང་ ༡༠༠༠ ལྷག་ཆུ་ལོག་གི་ཉེན་ཁར་གཡོལ་ཆེད་ས་གནས་གཞན་ལ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་དང་།  ཟམ་པ་གྲངས་  ༤ དང་ཐག་ཟམ་ ༥ བེད་མེད་དུ་གྱུར། ཉ་གསོ་ཁང་ ༧ དང་ཁུལ་དེའི་འཐུང་ཆུའི་ལས་གྲྭ་བཅས་ཆུ་ལོག་གྱིས་འཁྱེར་ཡོད་པ་དང་། དེ་བཞིན་ཁུལ་དེའི་གློག་ཁང་ལ་ཆག་སྐྱོན་བྱུང་ཡོད་སྟབས། གནས་སྐབས་ས་གནས་ལ་གློག་མེད་པར་གྱུར་ཡོད་འདུག

ཧི་མ་ལ་ཡའི་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། ཆུ་ལོག་དེའི་འབྱུང་རྐྱེན་ནི་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནས་བསྟུད་མར་ཆར་བ་བབས་སྟབས། རི་ངོས་ཀྱི་གྲོག་རོང་ཞིག་གི་ནང་ས་ཉིལ་བྱུང་སྟེ། མེ་ལམ་ཆི་རྒྱུགས་ཆུ་ (Melamchi river) འགག་ཡོད་པ་དང་། རྒྱུག་ཆུ་དང་ཆར་ཆུ་གཉིས་འཁྱིལ་ནས་གློ་བུར་དུ་ཤོར་བ་ལ་བརྟེན། མེ་ལམ་ཆི་རྒྱུག་ཆུ་ཡི་སྨད་བརྒྱུད་དུ་ཆུ་ལོག་བྱུང་བ་ཞིག་ཡིན་སྐོར་བཀོད་འདུག་ལ། སིན་དྷུ་དཔལ་མཆོག་རྫོང་གི་རྫོང་དཔོན་ཨ་རུན་པོག་རལ་ (Arun Pokhrel) གྱིས། ཆུ་ལོག་འདིའི་འབྱུང་རྐྱེན་ནི་ཕྱི་ལོ་ ༢༠༡༥ ལོར་བྱུང་བའི་ས་ཡོམ་གྱིས་ཁུལ་དེའི་རི་བརྒྱུད་དུ་ཆགས་པའི་འཁྱག་རོམ་དང་ས་འདམ་གཉིས་ལ་གཡོ་འགུལ་ཐེབས་སུ་བཅུག་ཡོད་པ་དང་། ཉེ་ལམ་རི་བརྒྱུད་དེར་ཆར་ཆེན་བབས་པ་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་སྐོར་བརྗོད་འདུག

ཆུ་ལོག་དོན་རྐྱེན་བྱུང་ཁུལ་གྱི་ཡུལ་མི་རཱ་དྷི་ཀ་ཤེ་རེས་ཐ་ (Radhika Shrestha) ཞེས་པ་ཞིག་གིས། ང་ཞིང་ཁ་ནས་ཕྱིར་ཁྱིམ་དུ་ལོག་ཚར་ཙམ་ཡིན་པ་དང་། སྐབས་དེར་གཉེན་ཉེ་ཞིག་གི་ཁ་པར་འབྱོར་ཏེ། མེ་ལམ་ཆི་རྒྱུག་ཆུ་ (Melamchi river) ཡི་སྟོད་བརྒྱུད་དུ་ས་ཉིལ་བྱུང་ནས་རྒྱུག་ཆུ་འགག་ཡོད་པ་དང་། དེ་ཤོར་ཉེན་ཡོད་པས་ས་མཐོ་སར་ཉེན་གཡོལ་དུ་འགྲོ་དགོས་པ་བརྗོད་བྱུང་བ་དང་། སྐབས་དེར་ངའི་བཟའ་ཟླས་ཞིང་ཁའི་ནང་ཞིང་ལས་བྱེད་བཞིན་ཡོད་སྟབས། འཕྲལ་དུ་ངའི་བཟའ་ཟླར་ཁ་པར་བཏང་སྟེ་ཉེན་བརྡ་བཏང་ནས་རི་མཐོ་སར་བྲོས་བ་ཡིན། ཞེས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༧ ཉིན་བལ་ཡུལ་གྱི་གྷན་དྷ་ཀི་ (Gandaki) ཞིང་ཆེན་གྱི་སྤྱི་ཁྱབ་པ་ཀི་རི་ཤི་ན་ཅན་དྷ་ར་(Krishna chandra) ཞེས་པ་ཞིག་གིས། སིན་དྷུ་དཔལ་མཆོག་རྫོང་གི་ཆུ་ལོག་གི་དོན་རྐྱེན་བྱུང་ཁུལ་དུ་བསྐྱོད་ཡོད་པ་དང་། ཞིང་ཆེན་སྲིད་གཞུང་གིས་བལ་སྒོར་ས་ཡ་ ༥༠ བཏང་སྟེ་ངལ་སེལ་དང་མྱུར་སྐྱོབ་ཀྱི་ལས་དོན་བསྒྲུབ་རྒྱུ་དང་། བདེ་སྲུང་མི་སྣ་དང་མྱུར་སྐྱོབ་ཐད་བསྐོས་མི་སྣ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅས་ས་གནས་སུ་བསྡད་དེ་ཆར་དུས་ཀྱི་སྐབས་འདིར་མུ་མཐུད་མྱུར་སྐྱོབ་ཀྱི་ལས་དོན་གཉེར་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་བལ་ཡུལ་ཀྱི་དབུས་གནམ་གཤིས་སྔོན་བརྡ་ལས་ཁུངས་ཀྱིས་བཏང་བའི་ཉེན་བརྡའི་ནང་། མ་འོངས་ཉིན་ཤས་རིང་ཆུ་ལོག་གི་ཉེན་ཁའི་ནང་ཡོད་པའི་ས་ཁུལ་ཁག་ནས་མུ་མཐུད་ཡིད་གཟབ་བྱེད་དགོས་པ་དང་། བལ་ཡུལ་གྱི་ཞིང་ཆེན་ཚང་མའི་ནང་ཆར་བ་འབབ་ཚད་ནི་ཆེན་པོ་དང་ཧ་ཅང་ཆེན་པོ་ཡིན་པའི་སྔོན་བརྡ་བཏང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese