དགེ་བཤེས་བློ་བཟང་དཔལ་ལྡན།
ཨོ་གླིང་།
བཅའ་ཁྲིམས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ལ་ཡི་རང་ཞུ་འོས། ཡིན་ནའང་ཁ་སང་དེ་རིང་ཁྲིམས་ཞིབ་པ་རྣམ་གསུམ་ངོས་ལེན་མེད་ཚུལ་གྱིས་ངོ་རྒོལ་གནང་མཁན་འདི་ཚོ། བཅའ་ཁྲིམས་སྲུང་སྐྱོབ་ཀྱི་ཆེད་ཡིན་པ་བདེན་པ་ཡིན་ན། ཁྲིམས་ཞིབ་ཁང་ལ་གུས་བརྩི་མེད་པར་སྒོ་ཆེན་ཐོག་འཕྲེད་དར་སྦྱོར་དགོས་དོན་མེད་པ་དང་། དབུས་འོས་བསྡུ་ལྷན་ཁང་དང་གསར་འགོད་པར་ཡང་ཉེན་བརྡའ་གཏོང་དགོས་དོན་མི་འདུག སྤྱང་ཀི་ཡིན་ན་སྐྱ་ཐག་ཆོད་པ་དང་འཕར་ར་ཡིན་ན་དམར་ཐག་ཆོད་ཕྱིར། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཤིག་བཙུགས་ནས། ངོ་རྒོལ་སྐད་འབོད་གནང་མཁན་ཚོར་ཁྲིམས་ཞིབ་པ་གསུམ་ཁྲིམས་དོན་གང་ལ་ཅི་ལྟར་འགལ་ཡོད་མེད་དྲི་བ་དྲིས་ལན་བྱེད་པ་དང་། གསར་འགོད་པའི་མདུན་སར་དངོས་སུ་བཅའ་ཁྲིམས་ལ་བགྲོ་གླེང་གནང་དུ་ཕེབས་བསུ་ཞུ་དགོས་ངེས་རེད། བཅའ་ཁྲིམས་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་འབོད་བྱེད་ཀྱིན་ཡོད་པ་དངོས་བདེན་ཡིན་ན་བཅའ་ཁྲིམས་དོན་ཚན་༤༧ པར་འགལ་བའི་དམ་འབུལ་གནང་མཁན་ཚོར་ཡང་སྐད་འབོད་གནང་དགོས་ངེས་རེད། གྲོས་བསྡུར་བཀག་སྡོམ་གྱི་བཅའ་ཁྲིམས་ཀྱི་འབྲུ་དོན་རྩིས་མེད་གནང་མཁན་ཡང་གླེང་དགོས་ངེས་རེད།
བཅའ་ཁྲིམས་སྲུང་སྐྱོབ་པ་ངོ་མ་ཞིག་ཡིན་ན་བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་དགོས་པ་དང་། དེ་ཡང་དྲང་བདེན་ཞིག་ཡིན་དགོས། དེ་མིན་ཕྱོགས་གཅིག་གི་གོ་ལོ་ཐོས་ལོ་དང་དྲ་ཐོག་ན་རྒྱབ་སྐྱོར་བ་མང་རབས་ཀྱིས་ཕན་མི་ཐོགས། བཅའ་ཁྲིམས་སྲུང་སྐྱོབ་ཀྱི་ལས་འགུལ་ངོ་མ་ཞིག་ཡིན་ན་བཅའ་ཁྲིམས་ཀྱི་དོན་ཚན་ལུང་འདྲེན་དང་ཇི་ལྟར་འགལ་བ་སོགས་ཀྱི་སྙན་ཞུ་བྲིས་ནས་ཕུལ་ན། དེ་ལ་ཁྲིམས་ལུགས་གཞི་ལ་བཞག་ནས་ལན་འདེབས་ཡོང་ངེས་རེད། དེ་ལྟར་བཅའ་ཁྲིམས་གཞི་ལ་བཞག་ནས་རྒྱུ་མ་ཕུ་འདེེད་ཀྱིས་བདེན་ལུང་པ་གཉིས་ལ་ཕུ་ཐག་རིང་རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་ཞེས་པའི་དཔེ་ལྟར་མཐའ་ལ་གཏུགས་པའི་དུས་སུ་སླེབས་འདུག དེ་མིན་ཞབས་བཀྱག་སྟོང་བ་བཟོ་དགོས་པའི་དགོས་འདུན་ནི་ཅུང་ཡ་མཚན་པ་ཞིག་རེད། རྒྱུ་མཚན་ནི་ཟླ་ཤས་རིང་ཁྲིམས་ཁང་གི་ཞབས་བཀྱག་སྟོང་བར་བཞག་ཡོད་པས་སྐབས་དེར་བློ་བདེ་བོ་བྱུང་སོང་ངམ། མུ་མཐུད་ནས་ཁྲིམས་ཞིབ་པ་མེད་པའི་སྒྲིག་འཛུགས་ཤིག་དགོས་སམ། སྐབས་བཅུ་དྲུག་པའི་གྲོས་ཚོགས་འཕར་མ་དང་སྐབས་དེའི་ཚོགས་ཆུང་གིས་ལག་ཏུ་ཅི་ཞིག་རྙེད་སོང་།
ལས་དོན་དེ་རིགས་ཁྲིམས་འགལ་ཡིན་ཙང་འཇུག་སྐྱོང་གནང་མ་ཐུབ་པ་རེད། ཕྱོགས་ཞེན་དང་རང་དོན་ཁོག་བཅུག་བཅས་ཀྱིས་བཅའ་ཁྲིམས་སྲུང་སྐྱོབ་གནང་མི་ཐུབ། དོན་ངོ་མའི་བཅའ་ཁྲིམས་སྲུང་སྐྱོབ་གནང་མཁན་ཡིན་ན་མདུན་དུ་ཐོན་ནས་བཅའ་ཁྲིམས་ལ་བགྲོ་གླེང་གནང་བའི་གྲལ་དུ་ཞུགས་པའི་སྤོབས་པ་ཡོད་དགོས། དེས་རྒྱ་ཆེ་མང་ཚོགས་ལ་ཁྲིམས་ཀྱི་གོ་རྟོགས་ཡག་པོ་ཞིག་རྙེད་ངེས་རེད། དེ་མིན་ཡི་མ་རང་བ་དང་འཇིག་སྐུལ། ཕར་ཕྱོགས་ཀྱི་གདུང་ལ་མཛུབ་མོ་བཙུག་པ་སོགས་ཀྱིས་བཅའ་ཁྲིམས་སྲུང་སྐྱོབ་གནང་རྒྱུ་ནི་ཁ་ཞེ་མི་མཐུན་པའི་ལས་དོན་ཡིན་པ་ཟུར་བལྟས་ལེབ་མཐོང་ལྟར། བཅའ་ཁྲིམས་སྐྱོབ་འདོད་མིན་པར། སྒྲིག་འཛུགས་གཏོར་འདོད་ཡིན་འདུག་གོ། །
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
དགེ་ཤེས་བློ་བཟང་ལགས་ཀྱིས་གསུངས་པ་དེ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན་པས་རྒྱབ་སྐྱོར་ཡོད། དེང་ང་ཚོའི་སྤྱི་ཚོགས་ནང་ག་དུས་ཡིན་ཀྱང་དགྲ་དགའ་གཉན་སྡུག་གི་ལས་ཀ་ཁོ་ན་བྱེད་མཁན་མི་ངན་འགའ་ཤས་ཡོད་པ་དེ་ནི་ཟུར་ལྟས་ལེབ་མཐོང་རེད། དེ་ཚོ་དོད་རྒྱལ་གྱི་རྗེས་འབྲང་པ་ཁག་གཅིག་དང་། ལི་ཐང་ཨ་ཐར་གྱི་རྗེས་འབྲང་པ་ཨོ་རྒྱན་སྟོབ་རྒྱལ་དང་ཁོའི་རྒྱུག་ཁྱི་མི་ངན་ཁག་གཅིག་ཡོད་པ་དེ་དག་གིས་རྒྱ་དམར་གྱིས་བྱེད་མ་ཐུབ་དེ་ཚོ་་ཁོ་ཚོས་བྱེད་བཞིན་ཡོད་པ་རེད། ཕལ་ཆེེར་ཁོ་ཚོར་རྒྱ་དམར་གྱིས་བོད་པའི་སྤྱི་ཚོགས་སྐྲུགས་ཆེད་ཀྱི་དངུལ་འབོར་ཆེན་འགྲོ་གྲོན་གཏོང་བཞིན་ཡོད་པ་རེད། གང་ཡིན་ཟེར་ན་མི་དེ་ཚོ་ཡོང་འབབ་ཡོད་པའི་ལས་ཀ་གང་ཡང་མེད་ཀྱང་འབུམ་མང་པོའི་ཁང་པ་རྒྱབ་ཡས་དང་ས་ཆ་ཁྱོན་ཆེ་ཉོ་རྒྱུ་ཡོད་པ་དེ་ཚོ་དངུལ་གང་ནས་བྱུང་བ་རེད། དཔེར་ན་དབུ་རྒྱན་སྟོབ་རྒྱལ་གྱི་ས་ཁང་བོད་མིའི་སྒྲིགས་འཛུགས་ཀྱི་གཞིས་ཆག་གཅིག་ལས་ཆེ་བ་ཡོད་པ་དེའི་དངུལ་གང་ནས་བྱུང་བ་རེད་དེ་བཞིན་སེར་རྟའི་འགྲོ་སོང་ཆེ་བའི་དངུལ་གང་ནས་བྱང་བ་རེད། མི་ངན་དེ་ཚོ་བོད་མིའི་སྤྱི་ཚོགས་ནང་ཙི་ཙི་སྒམ་པོའི་འདྲ་བ་ནང་བཞིན་སྡད་ཡོད་པ་རེད། ད་ལྟ་མི་ཀླད་སྟོང་འགའ་གནས་ཚུལ་གང་ཡང་ཞིབ་རྟོག་མེད་པར་མི་ངན་དེ་ཚོའི་ཇུས་ངན་འོག་ཏུ་ཚུད་བཞིན་འདུག་པས་ཟབ་ནེན་བྱེད་དགོས། ང་ཚོས་ཤེས་དགོས་པ་ཞིག་ནི་སྐབས་ ༡༦ པའི་སྤྱི་འཐུས་རྒྱུན་ལས་དེ་དག་གིས་ཚབ་ཆེའི་ནོར་འཕྲུལ་གྱིས་ལས་ཀ་བྱས་པ་དེ་དག་ཚང་མས་ཤེས་པ་བྱེད་དགོས།
Geshe la, just to remind you that those who use freedom of expression and protest against the judges are not conditioned to be legal expertise by the Charter. Every ordinary Tibetan have the right to express their opinions and it does not mean to challenge the law. There is nothing valuable gem in your article. It is something like village leader chide on poor man.
No doubt BUT he/she should be sensible to express his/her opinions. You can’t simply say anything without any reason to express. First read what is being expressed and then point out the points you don’t agree with reason. Without any reason to express your opinion you just can’t say anything against any person. You yourself are objecting to his freedom of expression.
ངོ་མ་དགེ་བཤེས་ལགས་བདེན་ནོ།། བོད་རྒྱལ་རྒྱུར་ཅིག
བོད་མིའི་མིང་འཁུར་ནས་ནང་ཁུལ་དམ་ཚིག་དང་བོད་མིའི་ཆིག་སྒྲིལ་གཏོར་བཤིག་པ་ཚོ། ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར།། ཞེས་པ་ལྟར། དགྲ་བོའི་དངུལ་དངོས་བླངས་ཟིན་པས་ཝ་མོ་རྣམས་ཡིན་ནོ།། ཁྱོད་ཚོ་མི་འགའ་ཞིག་གིས་བྱེད་སྟངས་དེ་ཡིས་བོད་རྩམ་གཟན་པ་རྣམས་ངོ་རེ་ཚའོ།། གྲྭ་པའི་མིང་འཁུར་ཨོ་རྒྱན་སྟོབས་རྒྱས་དང་དེ་ཡི་ཇག་པ་རྣམས་ལ་ལས་རྒྱུ་འབྲས་ཡོད་དོ།། ཁྱེད་རྣམས་ཐར་མི་ཡོང་ངོ་།།
དགེ་ཤེས་བློ་བཟང་ལགས་ཀྱི་གསུངས་པ་དེ་ངོ་མ་བདེན་པ་རེད། མི་ཁ་ཤས་ཀྱིས་དོན་དག་ཡག་པོ་ཧ་མ་གོ་བར་བཙན་དབང་དང་། འཇིགས་བསྐུལ་དེ་འདྲ་སུས་ཀྱང་བྱས་ཐུབ་ཀྱི་རེད། དཔའ་བོ་ཡིན་ན་རྒྱུ་མཚན་དང་བདེན་པ་བྱས་ནས་བཤད་ཐུབ་ན་དེ་དཔའ་བོ་ངོ་མ་རེད། དེ་མིན་བརྒྱ་བཤད་སྟོང་བཤད་ག་རེ་བཤད་ཀྱང་ཐབས་སྡུག་རེད་དོ།
བདེན་པ་རེད
འདི་ཚོའི་འཁན་ཁུར་ཡིན་ཟེར་མཁན། ནོར་བཟང་ཟེར་གྱི་སྐད་ཆའི་རྒྱུད་རིམ་ནང་ཁྲིམས་དང་སྒྲིག་གཞི་ཚིག་གཅིག་བཤད་པ་གོ་མ་སོང་། གཅིག་གོ་བ་ནི། བཅའ་ཁྲིམས་དོན་ཚན་༤༧ འགག་ཚར་རེད་ཟེར། ཧཧ