མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ཡོངས་བསྒྲགས་གནང་དགོས་པའི་གྲོས་འཆར་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འཐུས་མི་སི་ཁོ་ཊི་པེ་རེ་ལགས་ནས་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་བདུན་ཅུ་ལྷག་འཁོར་བར་སྐྱོན་བརྗོད་དང་འབྲེལ་ཨ་རིས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་བསྒྲགས་གནང་དགོས་པའི་གྲོས་འཆར་བཏོན།

ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་བརྒྱ་འཁོར་ཟེར་བའི་དུས་དྲན་དང་བསྟུན། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་བདུན་ཅུ་ལྷག་འཁོར་གྱི་ཡོད་པར་སྐྱོན་བརྗོད་དང་སྦྲགས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ (Scott Perry) ལགས་ཀྱིས། ཨ་རིའི་གྲོས་ཚོགས་ནང་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དགོས་པའི་གྲོས་འཆར་བཏོན་ཡོད་སྐོར་བཀོད་འདུག

གྲོས་ཚོགས་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་སྒེར་གྱི་ཊུ་ཝེ་ཊུར་སྟེང་སྤེལ་བའི་གནས་ཚུལ་ནང་། མི་གསོད་ཁྲག་སྦྱོར་གྱི་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་འགལ་གྱིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་བདུན་ཅུ་ལྷག་འཁོར་ཡོད་པས། ད་ནི་ཨ་རི་འགུལ་སྐྱོད་བྱེད་པའི་དུས་ལ་རན་ཡོད་ལ། ངས་དེ་རིང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཁྲིམས་འཆར་བཏོན་ཏེ། ཨ་རིའི་སྲིད་འཛིན་བྷའེ་ཌན་ལགས་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་བསྒྲགས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་བྱུང་བར་དགའ་སྤོབས་སྐྱེས་ཡོད། ཅེས་བརྗོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་དྲ་རྒྱའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཚེས་ ༦ ཚེས་ ༣༠ ཉིན་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་ཀྱིས་བཏོན་པའི་གྲོས་འཆར་ཡིག་ཨང་ H.R.4281 པར་གྲོས་ཚོགས་འོག་མའི་འཐུས་མི་ (Scott DesJarlais) དང་འཐུས་མི་ (Thomas P. Tiffany) གཉིས་ཀྱི་རྒྱབ་གཉེར་འོག ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་དང་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་བྱས་ཡོད་ཅིང་། གྲོས་འཆར་གྱི་སྙིང་བསྡུས་སུ། རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་པ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱས་ཚེ་ཉེས་ཆད་གཅོད་དགོས་པ་བཀོད་འདུག

འདས་ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་ཀྱིས། ཨ་རིའི་གྲོས་ཚོགས་འོག་མའི་ནང་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་ལས་ཐ་དད་དང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུའི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཕྱི་ལོ་ ༡༩༩༡ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཅེས་པ་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་བོད་ཆོལ་ཁ་གསུམ་ལ་ངོས་འཛིན་བྱས་པའི་ཚིག་ཐོ་གཞིར་བཟུང་། ད་ཐེངས་ཀྱི་ཁྲིམས་འཆར་དེའི་ནང་དུའང་བོད་ཅེས་པ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ངོས་འཛིན་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད། ད་ལྟ་ཨ་རིའི་གྲོས་ཚོགས་ཕྱི་སྲིད་ཚོགས་ཆུང་གིས་ཁྲིམས་འཆར་དེ་ཨ་རིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཚན་པར་སྤྲད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་ནི་ཕྱི་ལོ་ ༡༩༦༢ ལོར་ཨ་རིའི་པེན་སིལ་ཝེ་ནི་ཡ་ (Pennsylvania) མངའ་སྡེའི་ནང་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ནས་བསྟུད་མར་སྐབས་ ༥ རིང་གྲོས་ཚོགས་མའི་འཐུས་མིར་འོས་འདེམས་བྱུང་ཡོད་འདུག་ལ། ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུའི་སྲིད་གཞུང་སྐབས་བཞག་པའི་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལག་བསྟར་དང་། བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་ལ་ཁོང་གིས་རྒྱབ་སྐྱོར་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese