མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་སློབ་ཕྲུག་ཚོགས་པར་དམངས་གཙོའི་སྙིང་སྟོབས་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་དམངས་གཙོའི་ལས་འགུལ་ལྷན་ཚོགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཡུ་གུར་ལས་འགུལ་ཁང་། ཧོང་ཀོང་ལྟ་ཞིབ་ཁང་བཅས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་དང་དམངས་གཙོའི་རིན་ཐང་གོང་འཕེལ་དུ་གཏོང་ཆེད་མཉམ་འབྲེལ་ལས་འགུལ་བསྟུད་མར་སྤེལ་བཞིན་པར་ཆེ་བསྟོད་གཟེངས་རྟགས་གནང་འདུག

STUDENTS FOR A FREE TIBET AWARDED DEMOCRACY COURAGE TRIBUTE

ཁ་སང་ཕྱི་ཚེས་ ༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་གི་དམངས་གཙོའི་ལས་འགུལ་ལྷན་ཚོགས་ (World Movement for Democracy) ཀྱི་དྲ་ཐོག་ཚོགས་ཆེན་ཐེངས་ ༡༠ པའི་སྟེང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཡུ་གུར་ལས་འགུལ་ཁང་། ཧོང་ཀོང་ལྟ་ཞིབ་ཁང་བཅས་རྒྱ་ནག་གཞུང་གི་བཙན་དབང་རིང་ལུགས་ལ་འགོག་རྒོལ་བྱེད་མཁན་གྱི་རང་དབང་དང་དམངས་གཙོ་དོན་གཉེར་བའི་ཚོགས་པ་གསུམ་ལ་ཆེ་བསྟོད་དང་རྒྱབ་སྐྱོར་མཚོན་སླད་དམངས་གཙོའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་གནང་ཡོད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལག་བསྟར་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་གའི་གསར་འགོད་པར་ཐེངས་འདིའི་ཆེ་བསྟོད་གཟེངས་རྟགས་སྐོར་ནས་འགྲེལ་བརྗོད་གནང་དོན། ད་ལན་ལས་འགུལ་ཚོགས་པ་གསུམ་ལ་གཟེངས་རྟགས་འདི་ཕུལ་དགོས་པའི་དམིགས་ཡུལ་གཙོ་བོ་དེ། ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་འདས་པའི་ལོ་བཅུ་ཙམ་ནང་འཐབ་རྩོད་པ་རྣམས་ནུས་པ་མཉམ་སྤུང་གི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་ཕྱིན་པ་ལྟར། ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཚོགས་འདུ་རིམ་པ་ཚོགས་པ་དང་མཉམ་འབྲེལ་གྱི་ལས་འགུལ་སྤེལ་བ་སོགས་ཀྱིས་མཚོན་པའི་ལས་ཀ་ཤུགས་ཆེན་པོ་བྱས་པ་རེད། དེར་བརྟེན་སྤྱི་ཡོངས་ནས་ད་ལན་གྱི་གཟེངས་བསྟོད་དེ་མཉམ་རུབ་ཀྱི་ལས་འགུལ་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱས་པ་ཞིག་དང་། གཞན་ཡང་ང་ཚོའི་འཐབ་རྩོད་དང་གཞོན་སྐྱེས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཀྱི་འདུག ཅེས་བརྗོད་བྱུང་།

གཟེངས་བསྟོད་འདིས་བོད་དོན་འཐབ་རྩོད་དང་ཚོགས་པའི་ལས་འགུལ་གྱི་ཐོག་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཅི་ཡོད་སྐོར་ལ་ཁོང་གིས། སྤྱིར་ལྷན་ཚོགས་འདི་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཡོད་པའི་ཚོགས་པ་དང་། ལས་འགུལ་བ་བཅས་ཀྱིས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ཁ་སང་གི་ཚོགས་འདུའི་སྟེང་ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱལ་སྤྱིའི་སྟེང་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་པར་བརྟེན། གཟེངས་བསྟོད་ཐོབ་མཁན་གྱི་ཚོགས་པ་རྣམས་ལ་རྒྱལ་སྤྱིའི་སྟེང་ནས་ངོས་འཛིན་དང་རྒྱབ་སྐྱོར་ཐོབ་རྒྱུ་དང་། དེའི་ཐོག་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པར་མཚོན་ན་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་རུ་བྱེད་ཐབས་དང་། མ་འོངས་པར་ལས་འགུལ་ཚོགས་པའི་དབར་མཉམ་འབྲེལ་གྱི་ལས་འགུལ་སྤེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བ་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་རྒྱའི་སྟེང་གཟེངས་རྟགས་ངོས་ལེན་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བྱ་དགའ་དེས་རྒྱ་ནག་གི་དབང་ཆ་གཅིག་སྡུད་ཀྱི་བྱ་སྤྱོད་ལ་ཁ་གཏད་ཀྱིས། གདུང་སེམས་མཉམ་སྐྱེད་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ལས་འགུལ་སྤེལ་མཁན་གྱི་ལས་འགུལ་བ་རྣམས་ལ་ཆེ་མཐོང་གནང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

འཛམ་གླིང་གི་དམངས་གཙོའི་ལས་འགུལ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཧོང་ཀོང་ལྟ་ཞིབ་ཁང་། ཡུ་གུར་ལས་འགུལ་ཁང་བཅས་ཚོགས་པ་གསུམ་གྱིས། དྲག་གནོན་ལ་ཁ་གཏད་གཅོག་ཆེད་དམངས་གཙོའི་ལས་འགུལ་བ་ཚོར་དགོས་པའི་སེམས་ཤུགས་ཀྱི་མིག་དཔེ་མཚོན་ཐུབ་ཀྱི་ཡོད། ཚོགས་པ་དེ་དག་གི་ཚོགས་མི་ཚོས་མི་རིགས་དང་ཚོགས་སྡེ་འདྲ་མིན་མཉམ་དུ་འབྲེལ་ལམ་བཙུགས་ཏེ། ན་གཞོན་ནུས་སྟོབས་གོང་འཕེལ་དང་དྲ་ལམ་གྱི་ཐོག་ནས་མཉམ་འབྲེལ་ལས་འགུལ་སྤེལ་བ་བརྒྱུད། རང་དབང་མེད་པའི་རྒྱལ་ཁབ་ཁག་གི་ནང་དུ་འབྱུང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་ཁྱབ་སྤེལ་དང་། དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཅེས་བཀོད་འདུག

འཛམ་གླིང་གི་དམངས་གཙོའི་ལས་འགུལ་ལྷན་ཚོགས་འདི་ནི། ཕྱི་ལོ་ ༡༩༩༩ ལོར་ཨ་རིའི་གཞུང་གི་དམངས་གཙོ་གོང་སྤེལ་བསྟི་གནས་ཁང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྡུས་པའི་ཚོགས་ཆེན་གྱི་གྲོས་ཆོད་འོག་གསར་འཛུགས་བྱས་པ་ཞིག་དང་། ལྷན་ཚོགས་འདིས་འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་འཛམ་གླིང་གི་དམངས་གཙོ་དང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཚོགས་པ་དང་། མི་སྒེར་། ཆེད་མཁས་པ་སོགས་ཀྱི་དབར་འབྲེལ་མཐུད་དང་རྒྱབ་སྐྱོར་གྱི་ལས་དོན་སྤེལ་གྱི་ཡོད་ཅིང་། ལྷན་ཚོགས་འདིའི་ཐོག་མའི་དམིགས་ཡུལ་ནི་དམངས་གཙོ་ཉམས་དམའ་བོ་ཡོད་སར་དམངས་གཙོ་གོང་སྤེལ་དང་། དམངས་གཙོ་ཡུན་རིང་ལག་བསྟར་བྱ་སའི་ཁུལ་དུ་དམངས་གཙོར་བཅོས་བསྒྱུར་དང་སྔར་བས་ཚགས་ཚུད་བཟོ་རྒྱུ། དེ་བཞིན་དམངས་གཙོའི་ལམ་དུ་ཞུགས་མེད་པའི་རྒྱལ་ཁབ་ནང་གི་དམངས་གཙོའི་ལས་འགུལ་བ་རྣམས་ལ་རམ་འདེགས་དང་ཁོང་ཚོའི་ནུས་པ་མཐོར་འདེགས་བྱ་རྒྱུ་བཅས་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese