མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དབྱིངས་སྐྱིད་ལགས་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ནང་ཞུགས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་ཕྱི་ཚེས་ ༢༣ ནས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༨ ཉིན་བར་འཚོག་གཏན་འཁེལ་བའི་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ནང་བོད་རིགས་ཨོ་རྩལ་བ་གྲགས་ཅན་ཆོས་དབྱིངས་སྐྱིད་ལགས་མཉམ་ཞུགས་གནང་འདུག

Choeyang Kyi ,The First Tibetan winner of Olympic Game. (Image:Screenshot)

རྒྱ་ནག་གཞུང་གིས་འདི་ལོའི་ཉི་ཧོང་གི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ་རྣམས་ཀྱི་མིང་གཞུང་ཡོངས་བསྒྲགས་བྱས་པ་ལྟར་ན། འདི་ལོའི་རྒྱ་ནག་གི་ཨོ་རྩལ་བ་ཁྱོན་ ༧༧༧ ཁྲོད་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཚུད་ཡོད་པ་དང་། ཁོང་མོ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པ་ཐེངས་གསུམ་པ་དེ་ཆགས་འདུག ཁོང་མོ་མ་གཏོགས་བོད་རིགས་ལུས་རྩལ་བ་གཞན་ཚུད་ཡོད་མེད་གསལ་ཆ་མི་འདུག

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཁང་གིས། ཆོས་དབྱིངས་སྐྱིད་ལགས་ཀྱིས་ལུས་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱི་ལུས་རྩལ་ཡར་སྐྱེད་ལ་དམིགས་ནས་ནན་ཏན་གྱི་སྒོ་ནས་ལུས་སྦྱོང་བྱས་པར་བརྟེན། ད་བར་ཕུལ་བྱུང་གི་བྱ་དགའ་མང་པོ་ཞིག་ཐོབ་ཡོད་པ་དེར། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བ་ཚང་མས་ཁ་མིག་ཡར་ལྟ་དགོས་སྐོར་དང་། བོད་མཐོ་སྒང་གི་ལུས་རྩལ་བ་ཞིག་ཡིན་པའི་ཆ་ནས། ཁོང་མོའི་དཀའ་དཔྱད་ཀྱི་ངལ་རྩོལ་དང་གཡུལ་ཟའི་འབྲས་བཟང་གིས། བོད་མཐོ་སྒང་གི་ལུས་རྩལ་བ་ཞིག་གི་ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་མཚོན་ཡོད་སྐོར་བརྗོད་འདུག

བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ ༢༠༡༢ ལོར་ལོན་ཌོན་ ( London ) དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་ཐོག་ཨང་གཉིས་པའི་བྱ་དགའ་བླངས་པ་དང་། སྐབས་དེར་ཨེ་ཤ་ཡའི་བུད་མེད་འདུར་རྒྱུག་མཁན་ཆེས་མགྱོགས་ཤོས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་འདུག  ༢༠༡༦ ལོར་བྷི་ར་ཛར (Brazil )  དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཏེ་ཨང་ལྔ་པ་བླངས། དེ་བཞིན་ ༢༠༡༨ ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དང་། ༢༠༡༩ ལོའི་ཁོ་ཌར (Qatar) འཚོགས་པའི་འཛམ་གླིང་རྒྱུག་མཆོང་འཕེན་གསུམ་གྱི་འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་ཅིང་། དེའི་ཁོངས་ནས་བུད་མེད་རུ་ཁག་གི་ལོ་འཁོར་བྱ་དགའ་ཨང་དང་པོ་ཐོབ་པ་སོགས་ད་ལྟ་བར་དུ་ཁོང་མོ་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་ཚོགས་ ༡༣ ཙམ་གྱི་ནང་ཞུགས་ཡོད་འདུག

People Welcome Choeyang Kyi at xining Airport on 28 Aug 2016.(Image:sohu.com)

བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང༌། ཆུང་དུས་ནས་ཡུལ་ཚོའི་སློབ་གྲྭར་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་ལོན་ཏོན་ཨོ་རྩལ་ཐོག་ཨང་གཉིས་པའི་དངུལ་གྱི་རྟགས་མ་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས། བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་སྐྲུན་ཡོད་པས། འདས་པའི་ལོ་བཅུ་ཙམ་ནང་བོད་ཀྱི་ན་གཞོན་མང་པོ་ཞིག་རྒྱ་ནག་དང་རྒྱལ་སྤྱིའི་རྩེད་འགྲན་སྣ་མང་ནང་མཉམ་ཞུགས་བྱས་ཏེ་བྱ་དགའ་ཐོབ་ཡོད་པའི་ཁྲོད། བོད་རིགས་ཨོ་རྩལ་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ལ་ཕྱི་ལོ་ ༢༠༠༨ ལོའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཐོག་སྨི་ཆིག་ཁྲིའི་སྐྱེས་པའི་རྒྱང་རྒྱུག་ཁྲོད་ཨང་དང་པོ་ཐོབ། དེ་བཞིན་ ༢༠༡༡ ལོའི་ཊོར་ཀེ་རྒྱལ་སྤྱིའི་འགྲན་ཚོགས་ཐོག་འཇུ་རེས་ཤེད་རྩལ་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་བའི་ཤི་ལོག་སྒྲོལ་མ་ལགས། ཕྱི་ལོ་ ༢༠༡༣ ལོའི་སྐབས་ ༢༡ པའི་ཡ་གླིང་གི་འགྲན་ཚོགས་མཐོར་འཛེག་འགྲན་སྡུར་ཁྲོད་བོད་རིགས་བུ་མོ་རིན་ཆེན་ལྷ་མོ་ལགས་ལ་ཨང་དང་པོ་ཐོབ་ཡོད་པ་རེད།

རྒྱ་ནག་གཞུང་ཕྱོགས་ནས་ཕྱོགས་སྒྲིག་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་བོད་རིགས་ལུས་རྩལ་བའི་ལོ་རྒྱུས་ལྟར་ན། བོད་ཉིང་ཁྲི་ས་ཁུལ་ནས་ཡིན་ཞིང་སྐབས་དེར་དམའ་འབྲིང་སློབ་མ་ཞིག་ཡིན་པའི་བོད་རིགས་ཕུར་བུ་ཚེ་རིང་ལགས། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་རྒྱལ་ཡོངས་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཐོག་ཞུགས་ཏེ། ལྕགས་རིལ་དང་ལག་དབྱུག་རྒྱང་འཕེན་ཁྲོད་ཨང་དང་པོ་ཐོབ་ཡོད་པ་དང་། ཕྱིས་སུ་རྒྱལ་ཡོངས་རང་བཞིན་གྱི་འགྲན་ཚོགས་ཐེངས་བཞིར་མཉམ་ཞུགས་གནང་སྟེ། ཁོང་ལ་ཨང་དང་པོ་གཅིག་དང་གཉིས་པའི་གཟེངས་རྟགས་གཉིས་ཐོབ་ཡོད་པ་མ་ཟད། སྔ་གཞུག་ཏུ་སྐབས་གཉིས་པའི་ཡ་གླིང་ལུས་རྩལ་འགྲན་ཚོགས་དང་། ཡུ་རོབ་དང་ཨ་ཧྥེ་རི་ཁ། ཨོ་སི་ཊོ་ཡ་བཅས་ཀྱི་ནང་བསྡུས་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་ཚོགས་ནང་དུའང་ཞུགས་ཡོད་འདུག ཁོང་ནི་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་མཐུན་ཚོགས་ནང་ཚུད་པའི་བོད་རིགས་ལུས་རྩལ་བ་ཐོག་མ་དང་།  རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་བོད་རིགས་ཐོག་མ་དེ་ཡིན་འདུག

Three International Tibetan Athletes in early times.(PhotoCollection)

གཞན་ཡང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་ཀང་ཀྲུའུ་གྲོང་ཁྱེར་དུ་བསྡུས་པའི་རྒྱལ་ཡོངས་སྐབས་དྲུག་པའི་ལུས་རྩལ་འགྲན་ཚོགས་ཐོག བོད་ཀྱི་མདའ་རྩལ་བ་རྡོ་རྗེ་ཆོས་དབྱིངས་ལགས་ནས་ཨང་དང་པོ་བླངས་ཏེ། ཕྱི་ལོ་ ༡༩༨༨ ལོར་ལྷོ་ཀོ་རི་ཡའི་རྒྱལ་སར་བསྡུས་པའི་སྐབས་ ༢༤ པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་མཉམ་ཞུགས་གནང་ཡོད་པ་དང་། ཁོང་ནི་བོད་རིགས་ཨོ་རྩལ་བ་དང་པོ་དེ་ཆགས་ཡོད་འདུག

ཕྱི་ལོ་ ༡༩༣༨ ལོར་བོད་སྡེ་དགེ་རུ་སྐྱེས་ཤིང་། རང་ལོ་ ༣༥ སྟེ་ཕྲུ་གུ་གསུམ་གྱི་ཨ་མར་གྱུར་བའི་བོད་རིགས་བུད་མེད་རི་འཛེག་པ་ཕན་ཐོགས(潘多)ལགས། ཕྱི་ལོ་ ༡༩༧༥ ཟླ་ ༥ ཚེས་ ༢༧ ཉིན་སྐྱེས་པའི་རུ་ཁག་ཅིག་དང་ལྷན་དུ་སྨི་ ༨༨༤༨ ཡིན་པའི་ཇོ་མོ་གླང་མའི་དབུ་རྩེར་འཛེགས་ཡོད་པ་དང་། ཁོང་མོ་ནི་འཛམ་གླིང་སྟེང་གི་ཇོ་མོ་གླང་མའི་དབུ་རྩེར་འཛེག་མཁན་བུད་མེད་གཉིས་པ་དེར་ངོས་འཛིན་བྱས་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese