མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གཞུང་ཚབ་མཆོག་ལ་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་ཚབ་གསར་བས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནས་ཉེ་ལམ་ཨ་རིའི་རྒྱལ་སྲིད་དྲུང་ཆེ་དང་ཐུག་འཕྲད་གནང་བར་དགའ་མོས་དང་སྦྲགས་ཨ་རིའི་གཞུང་མང་གཉིས་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་བྱས་ཡོད་པ་རེད།

Representative of His Holiness the Dalai Lama, former minister Dongchung Ngodup has met the Atul Keshap of New US Embassador in India. (Photo source from Twitter of USAmbIndia)

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༡༢ ཙམ་ལ་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ། ཨ་རིའི་གཞུང་ཚབ་གསར་པ་སྐུ་ཞབས་ཨ་ཏུལ་ཀེ་ཤེབ་(Atul Keshab) མཆོག་ལ་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་གཞུང་ཚབ་ངོས་ནས་ཨ་རིའི་གཞུང་དམངས་གཉིས་ཀྱིས་མུ་མཐུད་བོད་མིར་རྒྱབ་སྐྱོར་དང་རོགས་རམ་གནང་ངེས་ཡིན་སྐོར་གསུངས་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཐུག་འཕྲད་སྐབས་སུ་ཨ་རིའི་གཞུང་ཚབ་གསར་པའི་ངོས་ནས་བཀའ་མོལ་ཅི་གནང་ཡོད་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཨ་རིའི་གཞུང་ཚབ་ཁོང་རང་གསར་པ་རེད། ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་གར་ལ་འཚམས་གཟིགས་ཕེབས་པའི་སྒང་ལ་ངེད་གཉིས་མཇལ་བ་རེད་ལ། བཀའ་མོལ་ཡང་བྱུང་བ་རེད། དུས་རྒྱུན་ཨ་རིའི་གཞུང་ཚབ་དང་ང་ཚོའི་དབར་འབྲེལ་བ་ཡག་པོ་རེད། ཁོང་རང་གཞུང་ཚབ་གསར་བ་ཡིན་སྟབས་ཁ་སང་དྲུང་ཆེ་མངགས་ཏེ་འཚམས་ཤོག་ཅིག་ཕུལ་ཏེ་ཡར་སྙན་སེང་ཞུས་པ་རེད། དེ་ནས་ཁོང་རང་དེ་སྔ་ནས་བོད་པའི་ཐོག་ཐུགས་རྒྱུས་ཡོད་དེ་འདྲ་རེད་འདུག

ཁ་སང་ཆུ་ཚོད་ ༡༢།༣༠ ནས་ ༡།༣༠ བར་ཕལ་ཆེར་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་ལྷོད་པོ་དང་ལྷུག་པོ་བྱུང་སོང་། སྐབས་དེར་ཁོང་གིས་ང་ལ། ཁ་སང་སྔོན་མ་ཁྱེད་རང་གིས་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinks)དང་ཐུག་འཕྲད་བྱས་པ་ཡག་པོ་ཞེ་དྲགས་བྱུང་སོང་། ཕྱི་སྲིད་དྲུང་ཆེ་ལ་༧སྐྱབས་མགོན་པོ་རིན་པོ་ཆེའི་མཇལ་དར་དང་བཀའ་ཡིག་སོགས་གསོལ་རས་གནང་བ་དེར་ཧ་ཅང་དགའ་པོ་བྱུང་འདུག་གསུངས་བྱུང་། དེ་དང་མཉམ་དུ་ཨ་རིའི་མི་མང་དང་། ཨ་རིའི་གཞུང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་མུ་མཐུད་ནས་བོད་པའི་ཐོག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་བཞིན་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ཐེངས་ཀྱི་ཐུག་འཕྲད་དེ་ཨ་རིའི་གཞུང་ཚབ་ཁང་གི་ལས་ཁུངས་སུ་བྱུང་ཡོད་པ་དང་། ཐུག་འཕྲད་ཆེད་དོན་གཅོད་མཆོག་དང་དྲུང་ཆེ་རྣམ་གཉིས་བཅར་ཡོད་ཅིང་། དོན་གཅོད་མཆོག་ནས་ཨ་རིའི་གཞུང་ཚབ་ཆེན་མོར་འཚམས་འདྲི་དང་སྦྲགས། བོད་པའི་གནས་སྟངས་སྤྱི་དང་། ཨ་རི་དང་རྒྱ་ནག དེ་བཞིན་རྒྱ་གར་བཅས་ཀྱི་གནས་སྟངས་སྐོར་དང་། གཞན་ཡང་ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིན་ཕིན་བོད་ལ་ཕེབས་པ་སོགས་ཀྱི་སྐོར་ནས་བཀའ་མོལ་གནང་ཡོད་པ་དང་། ལྷག་པར་དུ་དོན་གཅོད་མཆོག་གིས་ཨ་རིའི་གཞུང་ངོས་ནས་བལ་ཡུལ་ནང་ཡོད་པའི་བོད་མི་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བལ་ཡུལ་ནང་གི་བོད་མི་ཚོའི་གནས་སྟངས་སྐོར་ནས་གླེང་སློང་ཡུན་རིང་གནང་ཐུབ་ཡོད་འདུག

ཁ་སང་ཨ་རིའི་གཞུང་ཚབ་ཆེན་མོས་རང་གིི་ཊུ་ཝི་ཊར་དྲ་ལམ་སྟེང་ལྡི་ལིའི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ལྷན་དུ་བསྒྲོན་པའི་སྐུ་པར་ཞིག་སྤེལ་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་འབྲོང་ཆུང་དངོས་གྲུབ་ལགས་དང་ཐུག་འཕྲད་བྱུང་བར་དགའ་པོ་བྱུང་། ཨ་རིའི་ངོས་ནས་ཆོས་དད་རང་དབང་དང་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་གི་ངོ་བོ་བཅས་པར་ཉར་ཚགས་བྱ་རྒྱུ་དང་། ༧གོང་ས་མཆོག་གི་མིའི་རིགས་ཀུན་ལ་ཐོབ་ཐང་འདྲ་མཉམ་དགོས་པའི་དགོངས་བཞེད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་བཀོད་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. Sonam Chophel says:
    ལོ་ 5 སྔོན།

    Communist Chinese leaders are not at all happy with this highly meangful meeting, Thank you !!! Your Excellency for this great timely meeting,

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese