མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་མ་འོངས་པར་གང་འདྲ་ཡོང་དང་མི་ཡོང་ནི་སོ་སོའི་ལག་པར་ཡོད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ལྷོ་ཀོ་རི་ཡའི་དད་ལྡན་དོན་གཉེར་ཅན་ཚོར་བཀའ་སློབ་གནང་སྐབས་ང་ཚོའི་སྡུག་བསྔལ་གྱི་རྩ་བ་རྒྱུད་མ་འདུལ་བའི་རྐྱེན་གྱིས་ཡོང་གི་ཡོད་དུས་རྒྱུད་མ་འདུལ་བ་དག་ཉམས་ལེན་བྱས་ནས་ག་ལེར་སེམས་ལ་འགྱུར་བ་ཐེབས་དགོས་སྐོར་བཀའ་སློབ་སྩལ།

ལྷོ་ཀོ་རི་ཡའི་བསླབ་གསུམ་ཤེས་རབ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐད་གཏོང་བརྒྱུད་༧གོང་ས་སྐྱབསམ་མགོན་ཆེན་པོ་མཆོག་གིས། ལྷོ་ཀོ་རི་ཡའི་དད་ལྡན་དོན་གཉེར་ཅན་རྣམས་ལ་འཚེ་མེད་ཞི་བདེ་དང་བྱམས་སྙིང་རྗེའི་སྐོར་བཀའ་སློབ་སྩལ་ཡོད་པ་དང་། ༧གོང་ས་མཆོག་གིས། དེ་རིང་ལྷོ་ཀོ་རི་ཡའི་ཆོས་གྲོགས་ཚོར་ནང་ཆོས་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་ཞིག་བྱུང་བར་ངོས་རང་ཧ་ཅང་དགའ་བོ་བྱུང་། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་དགེ་སློང་ཞིག་ཆགས་ཡོད། བོད་གངས་ཅན་ཀྱི་ལྗོངས་སུ་མཁན་ཆེན་ཞི་བ་འཚོས་དཔལ་ན་ལེཎྜའི་ཆོས་བརྒྱུད་དེ་བཙུགས་གནང་ཡོད། དེ་འདྲ་ཡིན་དུས་ལོ་སྟོང་ཕྲག་ལྷག་གི་རིང་ལ་ང་ཚོ་བོད་པ་ཚོས་གཞུང་ཆེན་སློབ་སྦྱོང་བྱས་ཏེ། དེའི་ཐོག་ནས་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་ཀྱི་ཡོད་པར་བཤད་ཀྱི་ཡོད་པ་རེད། ངོས་རང་ལ་ཆ་བཞག་ནའང་དང་པོ་ཐོས་བྱུང་གི་ཤེས་རབ་སྩལ། དེ་ནས་བསམ་བྱུང་གི་ཤེས་རབ་ཀྱི་ཐོག་ནས་སེམས་ལ་ངེས་པ་ཐོབ་པར་བྱས། དེ་ནས་ཞི་གནས་ཐོབ་མེད་ཀྱང་། དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བསམ་བློ་བཏང་ནས་སེམས་ལ་ཉམས་མྱོང་གང་ཙམ་ཡོད་པ་རེད། གང་ལྟར་ཆོས་གྲོགས་ཚོ་ལ་ངོས་ཀྱི་ཉམས་མྱོང་དང་འབྲེལ་ནས་འགྲེལ་བཤད་ཞུ་ཡི་ཡིན། ཞེས་གསུངས་སོང་།

༧གོང་ས་མཆོག་གིས། སྤྱིར་ངོས་ནས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་ཡི་ཡོད། མིའི་ཁམས་དང་མོས་པ་སྣ་ཚོགས་ཡིིན་པས་ཆོས་ལུགས་ལྟ་གྲུབ་སྣ་ཚོགས་ཡོད་པ་དེས། མིའི་ཁམས་དང་མོས་པ་སྣ་ཚོགས་པ་དེར་ཕན་གྱི་ཡོད་པ་རེད། བཅོམ་ལྡན་འདས་ལ་ཆ་བཞག་ན། གདུལ་བྱ་རིགས་ཅན་གསུམ་ཞེས་པ། དེ་འདྲའི་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། ལྷག་པར་ལྟ་གྲུབ་ཀྱི་ཐོག་ལ་ཁམས་དང་མོས་པ་མི་འདྲ་བ་ཡོད་པའི་རྐྱེན་གྱིས། དེ་ལུགས་ཀྱིས་བཅོམ་ལྡན་འདས་ཀྱི་ཁམས་དང་མོས་པར་འཚམ་པ་ཞིག་གསུང་ཡོང་གི་འདུག དེ་འདྲ་ཡིན་དུས་སེམས་ཅན་མོས་པ་སྣ་ཚོགས་པ་དེར་ཆོས་ལུགས་སྣ་ཚོགས་ཡོད་པ་དེས་ཕན་གྱི་ཡོད་པ་རེད། ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་གྱུར་ནི་སེམས་བཟང་པོ་བྱ་རྒྱུ་དང་། མི་ལ་གནོད་མི་བྱེད་པར། བྱམས་བརྩེའི་ཉམས་ལེན་དགོས་པ་ཞིག་ཚང་མས་གསུང་གི་ཡོད་པ་རེད། ལྟ་གྲུབ་མི་འདྲ་ནའང་བསླབ་བྱ་ནི་སེམས་བཟང་པོ་བྱ་རྒྱུ་དང་། འཚེ་བ་མི་བྱ་རྒྱུ། ཀུན་ལ་ཕན་བདེ་བསྒྲུབ་རྒྱུ་ཞིག་ཆོས་ལུགས་ཚང་མས་གསུང་གི་འདུག ང་ཚོའི་ལོ་རྒྱུས་ཀྱི་ཁྲོད་དུ་སྐབས་རེར་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་བྱས་ཡོད། དེ་དག་ནི་འདས་པའི་ལོ་རྒྱུས་ལ་ཆ་བཞག་ན། རྒྱ་གར་དུ་ཆོས་ལུགས་ཚང་མ་ཡོད་ཀྱང་། ཚང་མས་གཅིག་གིས་གཅིག་ལ་གུས་བརྩི་བྱས་ནས་སྐབས་རེར་ཕན་ཚུན་སློབ་སྦྱོང་བྱེད་ཀྱི་ཡོད། ང་ཚོའི་འཛམ་གླིང་གིས་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་དེར་སློབ་སྦྱོང་བྱས་ནས་རིས་མེད་ཀྱི་ཆོས་ལུགས་སོ་སོས་ཕན་ཚུན་མཐུན་པོ་བྱས་ནས་མིག་དཔེ་སྟོན་ཐུབ་པ་བྱ་དགོས།  ཞེས་གསུངས་སོང་།

སངས་རྒྱས་ཀྱི་ཆོས་ལུགས་ནི། སེམས་ཅན་གྱི་སྡུག་བསྔལ་རྣམས་བཅོམ་ལྡན་འདས་ཀྱིས་ཕྱག་གིས་སེལ་མི་ཐུབ་པ་དང་། སྡུག་བསྔལ་གྱི་རྒྱུ་སྡིག་པ་དེ་དག་ཆུ་ཡིས་བཀྲུ་མི་ཐུབ་ཅིང་། བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་ཡོན་ཏན་རྣམས་ང་ཚོར་སྦྱིན་རྒྱུ་མེད།བཅོམ་ལྡན་འདས་ཀྱི་གདུལ་བྱའི་དོན་ཅི་ལྟར་མཛད་ཀྱི་ཡོད་ཅེ་ན། ཆོས་རྣམས་ཀྱི་ཡིན་ལུགས་དེ་དག་འགྲེལ་བཤད་བསྐྱོན་གྱི་ཡོད་པ་རེད། བདག་ཉིད་བདག་གི་མགོན་ཞེས་གསུང་པ་བཞིན། མ་འོངས་པར་གང་འདྲ་ཡོང་དང་མི་ཡོང་ནི་སོ་སོའི་ལག་པར་ཡོད་པ་རེད། དེ་འདྲ་ཡིན་དུས། བཅོམ་ལྡན་འདས་ཀྱི་ལས་འགན་ནི་ང་ཚོར་བསླབ་བྱ་བསྐྱོན་པ་དེ་ཡིན་ལ། བླང་དོར་གྱི་གནས་སྟོན་བཞག་པ་དེར། ང་རང་ཚོས་ལག་ལེན་བྱས་ནས་སྡུག་བསྔལ་གྱི་རྩ་བ་རྒྱུད་མ་འདུལ་བའི་རྐྱེན་གྱིས་ཡོང་གི་ཡོད་དུས། རྒྱུད་མ་འདུལ་བ་དག་ཉམས་ལེན་བྱས་ནས་ག་ལེར་སེམས་ལ་འགྱུར་བ་ཐེབས་དགོས། དེའི་ཐོག་ནས་ང་རང་ཚོའི་སངས་རྒྱས་པའི་གཞུང་ནས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཞེས་རིམ་པས་བློ་ལ་ཡར་རྒྱས་ཕྱིན་ནས་འགྲོ་རྒྱུ་ཞིག་གསུང་གི་ཡོད་པ་རེད།  མ་རིག་པའི་གཉེན་པོར་བརྟེན་ནས་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སེམས་ལ་ངེས་པ་བརྙེད་དུས། སེམས་ལ་འགྱུར་བ་འགྲོ་ཐུབ། ངོས་རང་སྒེར་ལ་ཆ་བཞག་ན་ལོ་མང་པོར་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སྒོམ་བརྒྱབ་པ་དང་། དེས་སེམས་ལ་འགྱུར་བ་ཐེབས་རྒྱུ་འདུག སངས་རྒྱས་པའི་ཆོས་ལུགས་ཞེས་པ་དེ། སྨོན་ལམ་རྒྱག་པ་དང་། འདོན་པ་གདོན་རྒྱུ་ཙམ་མ་ཡིན་པར། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པ་དེ་མཐིལ་ཕྱིན་པ་བེད་སྤྱོད་བྱས་ནས་སེམས་ལ་འགྱུར་བ་ཐེབས་སླད་ཐབས་ཤེས་ཟུང་འབྲེལ་གྱི་ཐོག་ནས་སྙིང་རྗེ་རྩ་བར་བཞག་སྟེ་ས་ལམ་གྲོལ་ཐབས་བྱ་དགོས། ཞེས་གསུངས་སོང་།

དེའི་རྗེས་ལྷོ་ཀོ་རི་ཡའི་སམ་བྷོ་བཟོ་གྲའི་( SUMBO industries ) སྤྱི་གཉེར་བ་ཆེའུ་ཀུན་སིག ( cho kun sik ) གིས། ཁྱིམ་ཚང་དུ་ཕྲུ་གུ་ཚོས་ཕ་མར་རླུང་བསླངས་བ་དང་། ཕ་མའི་རྩུབ་སྤྱོད་ལའང་ཕྲུ་གུ་རླུང་ལངས་ཚེ། དེར་གདོང་ལེན་ཇི་ལྟར་བྱ་དགོས་སྐོར་གྱི་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཀོ་རི་ཡའི་སྐད་དུ་བསྒྱུར་ཡོད་པའི་སྤྱོད་འཇུག་ཉམས་ལེན་དང་། ཕ་མ་ཚོས་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ་གཉིས་བལྟ་དགོས། ལེའུ་དྲུག་པར་ཁོང་ཁྲོའི་ཉེས་དམིགས་ཤུགས་ཆེན་པོ་གསུངས་ཡོད་པ་དང་། ལེའུ་བརྒྱད་པར་རང་གཅེས་འཛིན་གྱི་སྐྱོན་སྐོར་ཡག་པོ་གསུངས་ཡོད་པ་རེད། ཕ་མ་ཚོའི་ངོས་ནས་སྤྱོད་འཇུག་ལ་ཏོག་ཙམ་བསམ་བློ་བཏང་བ་དང་། ཕྲུ་གུ་ཚོའི་ངོས་ནས་ཀྱང་ཆུང་ཆུང་ནས་སེམས་ལ་སྦྱང་བ་བྱས་ནས་བསམ་བློ་བཏང་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། སྐྱེས་བ་སྔ་ཕྱིའི་སྐད་ཆ་མེད་པ་བྱས་ནས་འཕྲལ་དུ་སེམས་ཞི་བདེ་དང་སྐྱིད་པོ་ཡོང་ཐབས་ལ་སྤྱོད་འཇུག་ལ་བསམ་བློ་བཏང་བ་དང་། མི་ཚང་མར་གྲོགས་པོའི་འདུ་ཤེས་དང་། སེམས་པ་བཟང་པོ་བྱ་རྒྱུ། འཛམ་གླིང་དུ་ཡོད་པའི་མི་གྲངས་དུང་ཕྱུར་ ༧༠ ཚང་མ་མི་གཅིག་པ་རེད། ཚང་མ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་བརྩེ་བ་བྱ་རྒྱུ་གལ་ཆེན་པོ་རེད། ང་རང་ཚོ་གཙོ་བོ་བརྩེ་བ་ལ་བརྟེན་ནས་འཚོ་ཡི་ཡོད། དུད་འགྲོ་ཚོ་ཡང་བརྩེ་བ་ལ་བརྟེན་ནས་འཚོ་ཡི་ཡོད། བྱིས་པ་ཞིག་བཙས་མ་ཐག་དང་མི་ཚེ་གང་བོར་བརྩེ་བས་འཚོ་དགོས་པ་ཞིག་རེད། བརྩེ་བ་ཞེས་པ་ནི་ཆོས་ཁས་ལེན་མི་ལེན་གྱི་གནས་ཚུལ་ཁ་ཁ་རེད། གང་ལྟར་མི་སེམས་བཟང་པོ་ཞིག་དང་། བརྩེ་བའི་སེམས་ཤིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་རེད། དེང་སང་བྱིས་པ་རྣམས་ལ་ཕ་མ་གཉིས་དང་ལྷག་པར་མ་ཡི་བརྩེ་བ་ནི་གལ་ཆེན་ཡིན་པའི་ཚོར་སྣང་རྒྱུན་དུ་ཡོད་པ་རེད། དེ་ནས་སློབ་ཚན་དུ་སེམས་ཀྱི་བདེ་སྡུག་སོགས་ཀྱི་སྐོར་ལ་མེད་དུས། ངོས་ནས་ཚན་རིག་པ་རྣམས་ལ་བྱིས་པ་ཆུང་ཆུང་རྣམས་ཀྱི་སློབ་ཚན་དུ་བརྩེ་བ་དང་བྱམས་བརྩེ་སོགས་ཀྱི་སྐོར་ལ་སློབ་ཚན་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། ང་ཚོས་ལུས་པོའི་སློབ་སྦྱོང་རྣམས་སློབ་ཚན་དུ་སློབ་ཀྱི་ཡོད་དུས། ད་སེམས་ཀྱི་སློབ་སྦྱོང་སྤྲད་དགོས་ཀྱི་འདུག དེ་ནི་ཆོས་ཀྱི་སྐད་ཆ་ཞིག་མིན་པར་མིའི་ལུས་བདེ་པོ་དང་སེམས་སྐྱིད་པོ་བཟོ་རྒྱུ་ནི་ཤེས་ཡོན་གྱི་དམིགས་ཡུལ་ཡིན་པ་རེད། ཅེས་གསུངས་སོང་།

དེ་ནས་སྨན་ཞབས་པ་བྷ་ཡའེ་ཡིས་ (bae hyoung duk)  དེང་སང་འགྲོ་འོང་བཀག་འགོག་བྱེད་ཀྱི་ཡོད་རྐྱེན་མི་རྣམས་ལ་ཁེར་རྐྱང་གི་དཀའ་ངལ་ཡོང་གི་ཡོད་སྟབས། སྨན་ཞབས་པ་ཞིག་གི་ངོས་ནས་ཁེར་རྐྱང་གིས་མནར་བའི་མི་རྣམས་ལ་རོགས་རམ་ཇི་ལྟར་དགོས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ནད་ཡམས་ཀྱི་རྐྱེན་པས་ང་རང་ཚོར་འགྲོ་འོང་གི་བཀག་རྒྱ་ཞིག་ཡོད་ཀྱང་། ཁ་པར་གྱི་ལམ་ནས་མང་པོ་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་དང་གྲོགས་པོ་མང་པོ་བཟོ་ཐུབ་པ་དང་། ཉམས་མྱོང་དང་འབྲེལ་བའི་བསླབ་བྱ་མང་པོ་ཞིག་དྲ་རྒྱ་བརྒྱུད་ནས་བླང་ཐུབ་ཀྱི་ཡོད། མིར་ཐུག་རྒྱུར་དཀའ་ངལ་ཡོད་ཀྱང་། དྲ་རྒྱའི་ཐོག་ནས་འབྲེལ་བ་མང་ཙམ་བླངས་ན་ཁེར་རྐྱང་གི་དཀའ་ངལ་སེལ་ཐུབ་ཀྱི་རེད། ཅེས་གསུངས་སོང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༢༠ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 1

  1. Asanga says:
    ལོ་ 5 སྔོན།

    MY guru says:མིའི་ལུས་བདེ་པོ་དང་སེམས་སྐྱིད་པོ་བཟོ་རྒྱུ་ནི་ཤེས་ཡོན་གྱི་དམིགས་ཡུལ་ཡིན་པ་རེད། Always wonderful!

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese