མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་གིས་སྤྱི་ལྷན་གྱི་རྩོད་རྙོག་སེལ་དགོས་པའི་འཕྲིན་ཡིག་བསྐུར་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་གིས་ཚོགས་དྲུང་ལས་ཁུངས་སུ་འཕྲིན་ཡིག་ཅིག་བསྐུར་ཏེ་ཕྱི་ཟླ་དགུ་བའི་གྲོས་ཚོགས་འཚོག་ལ་ཉེ་བ་དང་བསྟུན་འདས་དོན་གྱི་འགལ་ཟླ་ཕར་བཞག་སྟེ་ཁ་ཚ་དགོས་གཏུག་གི་དཀའ་ངལ་སེལ་རྒྱུ་གལ་ཆེན་ཡིན་པའི་སྐུལ་ལྕག་གནང་འདུག

ཉེ་སྔོན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཚོགས་དྲུང་ལས་ཁུངས་ལ་བཀའ་འདྲི་ཞུས་ཏེ། ཨ་རིའི་གཞུང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཀའ་རྙོག་སེལ་ཐབས་བྱ་དགོས་པའི་འཕྲིན་ཡིག་ཅིག་བཏང་ཡོད་པ་དེའི་ནང་དོན་ག་རེ་ཡིན་པ་དང་ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་རྣམས་ལ་ཕུལ་རྒྱུ་བྱུང་ཡོད་མེད་དྲིས་པར། སྐབས་དེར་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱིས། ད་ལྟ་གནས་ཚུལ་དེའི་སྐོར་ལ་ཞུ་རྒྱུ་གང་ཡང་མེད་སྐོར་གསུངས་བྱུང་བ་དང་། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། དེ་རིང་ཉིན་རྒྱབ་གཞི་ནས་ཚོགས་དྲུང་ལས་ཁུངས་ནས་དམ་འབུལ་ཞུ་ཕྱོགས་གཉིས་ཆགས་པའི་འདེམས་ཐོན་སྤྱི་འཐུས་རྣམས་ལ་འཕྲིན་ཡིག་དེ་ཕུལ་ཡོད་པ་རེད།

དེ་ཡང་འཕྲིན་ཡིག་དེ་ནི་ཨ་རིའི་བར་བརྒལ་རྒྱལ་སྲིད་དྲུང་ལས་ལེ་སཱ་པེ་ཊར་སན་  (Lisa Peterson) ལགས་ཀྱིས། ཟླ་འདིའི་ཚེས་ ༢ ཉིན་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱི་མཚན་ཐོག་ཏུ་བཏང་གནང་ཡོད་ཅིང་། ནང་དོན་གཙོ་བོ་ནི། ང་ཚོས་བོད་མིའི་གྲོས་ཚོགས་འཐུས་མི་གསར་པའི་ནང་དམ་འབུལ་ཞུ་རྒྱུ་འགོར་འགྱངས་གནང་གི་ཡོད་པ་ཤེས་རྟོགས་བྱུང་།  ཕྱི་ཟླ་དགུ་བའི་གྲོས་ཚོགས་འཚོག་ལ་ཉེ་བ་དང་བསྟུན་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་དང་ལྷན་དུ་བོད་རྒྱ་ཞི་མོལ་སླར་གསོ་ཡིས་བོད་རང་སྐྱོང་ལྗོངས་ནང་རང་སྐྱོང་འཐོབ་ཐབས་དང་། བོད་ཀྱི་སྐད་ཡིག་རིག་གཞུང་དང་ཆོས། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱ་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་གིས་བལྟས་བསྡད་ཡོད། གྲོས་ཚོགས་ཀྱི་བྱ་རིམ་དང་འབྲེལ་བའི་རྩོད་རྙོག་དུས་ཐོག་དང་ཁྲིམས་གཞིར་བཟུང་སེལ་མ་ཐུབ་པ་དེས། བོད་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ལ་བཅོལ་བའི་ཡིད་ཆེས་ཁྱད་གསོད་གཏོང་གི་ཡོད། དེར་བརྟེན། ང་ཚོས་བདམས་ཐོན་བྱུང་བའི་སྤྱི་འཐུས་ཚོས་འདས་པའི་མི་མཐུན་པའི་ཕྱོགས་ཕར་བཞག་སྟེ། ད་ལྟ་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཐོག་དོ་ནན་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད། ཅེས་བརྗོད་ཡོད་པ་རེད།

གཞན་ཡང་འཕྲིན་ཡིག་གི་མགོར། འདི་ལོར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་དང་དཀའ་ངལ་གཞན་ག་རེ་འཕྲད་ཀྱང་། བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་གསར་བ་དང་གྲོས་ཚོགས་འཐུས་མི་གསར་བ་འདེམས་ཐུབ་པ་དེས་ང་ཚོར་སེམས་ཤུགས་སྦྱིན་བྱུང་། བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་དུ་བསྐྱོད་པ་དང་མང་གཙོའི་གྲུབ་ཆར་གྱུར་བའི་ལྷན་ཁང་ཁག་གི་ལས་འགན་ནི་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་བོད་མི་ཚོར་རྒྱབ་སྐྱོར་བྱ་རྒྱུ་མཚོན་པའི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ཨ་རིའི་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་མཉམ་འབྲེལ་ལ་འགྱུར་བ་མེད་པར། ཨ་རིས་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་དེའི་ལས་དོན་ཐོག་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 5 སྔོན།

    གལ་ཆེའི་ཡིག་ཆ་འདི་ཉིན་གྲངས་༢༢་རིང་ལ་སུ་ཞིག་གིས་སྦེད་བསྡད་པ་ཡི་ནམ། གསར་པོ་བཟོ་དགོས་པ་རེད།

    Reply
  2. མཁས་གྲུབ། says:
    ལོ་ 5 སྔོན།

    ང་ཚོའི་སྒྲིགས་འཛུགས་དེ་ཆོ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ཀྱང་བྱས་ནས་ཡོ་རེད།
    བོད་ཀྱི་མ་འོངས་པའི་རེ་བ་དང་ཡིད་ཆེས་ཚང་མ་ད་ལྟའི་སྤྱི་ལྷན་འདི་ཚོས་མེད་པ་ཟོ་ས་རེད།
    ཁྱེད་ཚོ་སྤྱི་འཐུས་བྱེད་མདོད་མེད་ན་དགོངས་པ་ཞུས། བོད་མི་ཚད་ལྡན་སེམས་ཤུགས་ཅན་མང་པོ་ཡོ་རེད། རྟ་ལམ་བོང་བུས་སྐག་མ་དོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese