མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་བོད་དོན་ཉན་ཞིབ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་ནང་གི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གནས་ཚུལ་དང་པར་རིས་སོགས་འཁོད་པའི་ཤོག་གྲངས་དགུ་ཅན་གྱི་སྙན་ཐོ་ཞིག་ཕུལ་ཏེ་བོད་ནང་གི་གནས་སྟངས་འགྲེལ་བརྗོད་གནང་ཡོད་འདུག

Dr. Tsewang Gyalpo Arya briefing the Parliament members at the hearing. Photo/Morimoto

ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། རྒྱ་ནག་གི་དམངས་གཙོ་ལ་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚོགས་པ་ཁག་གི་གོ་སྒྲིག་འོག ཉི་ཧོང་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་ཡོངས་ལ་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་དང་། བོད་ནི་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན། ཞེས་པའི་མགོ་བརྗོད་ཡོད་པའི་ཤོག་གྲངས་དགུ་ཅན་གྱི་བོད་ནང་གི་གནས་ཚུལ་དང་པར་རིས་བཀོད་པའི་སྙན་ཐོ་ཞིག་ཀྱང་ཕུལ་ཡོད་པ་དང་། ཉན་ཞིབ་ཀྱི་ཚོགས་འདུ་དེར་ཉི་ཧོང་གི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་དང་ལས་བྱེད་ ༤༠ ཙམ་མཉམ་ཞུགས་གནང་ཡོད་འདུག་ལ། འདི་ལོའི་ཉི་ཧོང་གི་སྟོན་ཁའི་གྲོས་ཚོགས་ནང་དུའང་ཐེངས་འདིའི་ཉན་ཞིབ་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཉི་ཧོང་གྲོས་ཚོགས་ཡུ་གུར་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Furuya Keiji) ལགས་ཀྱིས། ཉན་ཞིབ་དབུ་འབྱེད་དང་འབྲེལ་ནས་ས་ཕྱོགས་གང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་ན། དེར་བཟོད་བསྲན་བྱེད་མི་ཐུབ། ཅེས་པ་དང་། ཉི་ཧོང་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཉམ་རུབ་ཐོག་ཕྱག་ལས་གནང་སྟེ་གནད་དོན་འདིའི་ཐད་རྒྱ་ནག་ལ་ཉེན་བརྡ་དང་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

ད་ེབཞིན་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Shimomura Hakubun) ལགས་ཀྱིས། བོད་དོན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡིན། ཞེས་དང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་ཉི་ཧོང་ནང་ཕེབས་ཏེ་ཉི་ཧོང་གི་གྲོས་ཚོགས་ཚོགས་ཁང་དུ་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད། ཉི་ཧོང་ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡོད་པ་རེད། ཅེས་བརྗོད་ཡོད་འདུག དེ་བཞིན་ཉི་ཧོང་གི་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་ཤུགས་ཆེ་བརྗོད་ཡོད་འདུག

སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉན་ཞིབ་ཚོགས་འདུའི་ཐོག རྒྱ་ནག་དམར་ཤོག་གཞུང་གིས་བོད་མཐོ་སྒང་དེ་དམག་ས་ལྟ་བུར་སྒྱུར་བཞིན་པ་དང་། བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་སྒོ་བརྒྱབ་པ། དེ་བཞིན་རྒྱ་གར་དང་འབྲུག་གི་ས་མཚམས་ཁུལ་དུ་བཙན་དབང་གིས་བོད་མི་རྣམས་གཞིས་ཆགས་བཅུག་པ་སོགས་ལ་བརྟེན་ནས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཛ་དྲག་གི་གནས་སྟངས་འོག་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་ཏེ་བོད་ཀྱི་བྱིས་པ་རྣམས་ལ་དམག་སྦྱོང་སྤྲད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་མཉམ་ཞུགས་བྱེད་དུ་མི་འཇུག་པ། བསམ་བློ་བསྒྱུར་བཅོས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese