མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསེ་ཚང་རིན་པོ་ཆེ་མཆོག་སྐུ་གཤེགས་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྗེས་དྲན་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཚེ་ཧྲིལ་པོ་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་དུ་ཐུགས་ཁུར་བཞེས་མཁན་ཨ་ལགས་བསེ་ཚང་རིན་པོ་ཆེ་མཆོག་སྐུ་གཤེགས་པར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དབུས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མྱ་ངན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་གནང་གི་འདུག

ཁ་སང་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༥ ཙམ་གྱི་སྟེང་བོད་ཀྱི་མཁས་པའི་དབང་བོ་དང་ཀན་སུའུ་གཙོད་མི་རིགས་དགེ་འོས་སློབ་གླིང་གི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོ། ཚངས་སྲས་བཞད་སྒྲ་དང་བསེ་ཚང་གསུང་འབུམ་གྱི་རྩོམ་པ་པོ། སྙིགས་དུས་ཀྱི་མ་ཧཱ་པཎྚི་ཏ་༧རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དགུང་གྲངས་ ༨༤ སྟེང་སྐུ་གཤེགས་ཡོད་པའི་གནས་ཚུལ་ཐོན་པ་དང་། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་རྡེ་ར་རྡུན་ཁུལ་དུ་རྟེན་གཞི་བྱས་པའི་བཀྲ་ཤིས་འཁྱིལ་དགོན་པ། དེ་བཞིན། དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དབུས་བོད་ཕྱི་ནང་གཉིས་ཀྱི་བླ་ཆེན་དང་མཁས་དབང་ཁག རྩོམ་པ་པོ་དང་སྙན་ངག་པ་སོགས་དད་ལྡན་རྗེས་འབྲངས་པ་སྟོང་ཕྲག་མང་པོས། ཡིག་ངག་གཉིས་ཀྱི་ཐོག་ནས་ཨ་ལགས་བསེ་ཚང་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་རྗེས་དྲན་མྱ་ངན་དང་འབྲེལ་བའི་པར་རིས་དང་རྩོམ་ཡིག་སོགས་སྤེལ་མུས་ཡིན་པ་རེད་ལ། མི་ཞིག་གིས་དྲ་ལམ་དུ་བསྟན་པའི་ཀ་ཆེན་ཞིག་ཆག་སོང་། དུས་ཀྱི་སྒྲོན་མེ་ཞིག་གཟིམས་སོང་། རིག་པའི་གླེགས་བམ་ཞིག་ཟད་སོང་། ས་ཐོབ་སེམས་དཔའ་ཞིག་ཕེབས་སོང་ཞེས་སྐྱོ་གདུང་དང་བཅས་བྲིས་འདུག

༧དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་རྗེས་དྲན་ཡིག་ཆུང་ཞིག་ཕུལ་བ་དེའི་ནང་། གངས་རིའི་མི་བུ་བྱེ་བ་ཕྲག་བརྒྱ་ཡི།།འདབ་བརྒྱད་སྙིང་གི་པདྨོའི་ཁང་བཟང་ན།།ཚངས་སྲས་བཞད་པའི་སྒྲ་དབྱངས་སྙན་པོ་ཡིས།།  ཤིས་པར་སྒྲུབ་མཁས་དམ་པ་ཁྱོད་ལ་འདུད།། ཞེས་དང་། ཀརྨ་པ་མཆོག་དང་བསེ་ཚང་རིན་པོ་ཆེ་རྣམ་གཉིས་དངོས་སུ་ཞལ་མཇལ་མྱོང་མེད་ནའང་། བོད་དུ་ཀརྨ་པ་མཆོག་དགུང་ན་གཞོན་དུས་སུ་སྙན་ངག་སྦྱོང་བའི་སྐལ་བ་བྱུང་སྟེ། ཨ་ལགས་བསེ་ཚང་རིན་པོ་ཆེས་མཛད་པའི་ཚངས་སྲས་བཞད་སྒྲར་བལྟ་ཀློག་བྱ་རྒྱུ་བྱུང་ཞིང་། གསུང་རབ་དེ་དག་གི་བཀའ་དྲིན་ལ་བརྟེན་ནས་ཀརྨ་པ་རིན་པོ་ཆེ་མཆོག་རྩོམ་རིག་གི་ལམ་དུ་ཞུགས་པ་དང་བསེ་ཚང་རིན་པོ་ཆེར་དངོས་སུ་ཞལ་མཇལ་རྒྱུའི་འདུན་པ་ཆེན་པོ་ཡོད་ཀྱང་བོད་མི་རིགས་ཀྱི་ད་ལྟའི་ལས་དབང་གི་རྐྱེན་པས་ཞལ་མཇལ་མ་ཐུབ་པར་བློ་འགྱོད་ཆེན་པོ་སྐྱེས་ཡོད་སྐོར་སོགས་གསུངས་འདུག

ཨ་ལགས་བསེ་ཚང་རིན་པོ་ཆེ་མཆོག་ནི་ཡོངས་གྲགས་ཐོག་བོད་ཀྱི་སྐད་ཡིག་རིག་གཞུང་གི་སློབ་དཔོན་ཆེན་མོ་བ་ཞིག་ཡིན་པ་ལྟར། ཁོང་སྐུ་འཚོ་བཞུགས་རིང་༧པཎ་ཆེན་རིན་པོ་ཆེའི་བཀའ་དགོངས་འོག ཕྱི་ལོ་ ༡༩༨༥ ཙམ་ནས་ཉེ་བའི་ལོ་ངོ་ ༤༠ མ་ཟིན་ཙམ་གྱི་རིང་རང་མི་རིགས་ཀྱི་རིག་གནས་གཙུག་ཏུ་བཟུང་སྟེ། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་། ནུབ་བྱང་མི་རིགས་སློབ་ཆེནདང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་། དེ་བཞིན་མི་རིགས་དཔེ་སྐྲུན་ཁང་། བིས་མདོའི་པཎ་ཆེན་ཚད་མའི་སློབ་གླིང་། ཀན་ལྷོའི་མི་རིགས་སློབ་གྲྭ་དང་ཀན་ལྷོ་ཁུལ་བོད་རིགས་སློབ་འབྲིང་། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་སོགས་སུ་སློབ་ཁྲིད་ཀྱི་ཕྱག་ལས་གནང་སྟེ། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་འཕེལ་རྒྱས་ལ་གསོན་ཉམས་བསྐྲུན་གནང་ཡོད་པ་རེད།

ཕྱི་ལོ་ ༡༩༥༡ ལོར་ཞིང་གཤེགས་དམ་པ་ཁོང་དབུས་སུ་ཆིབས་ཁ་བསྒྱུར་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཟིམ་ཆུང་མཇལ་ཁ་ཐོབ། ཕྱི་ལོ་ ༡༩༥༣ ལོར་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་དགའ་ལྡན་ལྷ་བརྒྱ་མ་དང་ཡོན་ཏན་གཞིར་གྱུར་མའི་ལྗགས་ལུང་གསན་གནང་མཛད་དེ། ཕྱི་ལོ་༡༩༥༤ ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕར་ཕྱིན་དམ་བཅའ་བཞག་གནང་མཛད།  རྒྱ་ནག་གིས་བོད་ལ་དབང་སྒྱུར་དང་འབྲེལ། ཕྱི་ལོ་༡༩༥༨ ནས་ལོ་མང་རིང་ཟི་ལིང་ནས་བཙོན་འཇུག་གིས་བཙོན་གྲོལ་ཐོབ་རྗེས། ཕྱི་ལོ་ ༡༩༦༦ ལོར་སླར་ཡང་རིག་གནས་གསར་བརྗེ་ཡི་ལས་འགུལ་འོག་བཙོན་དུ་བཅུག  ཕྱི་ལོ་༡༩༦༨ ལོར་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་མོ་གཡོགས་ནས་བླ་བྲང་བསང་ཆུའི་དགའ་ཕུག་སྡེ་གྲོང་དུ་ངལ་རྩོལ་བསྒྱུར་བཀོད་ལོ་ ༡༡ བཀོལ་ཡོད་འདུག

རིན་པོ་ཚང་གི་གསུང་རྩོམ་ཁག་ལ་རྒྱལ་ཡོངས་དང་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་མྱོང་བ་མ་ཟད། ཁོང་གིས་ད་བར་བརྩམས་ཆོས་ཚངས་སྲས་བཞད་པའི་སྒྲ་དབྱངས་དང་། བསེ་ཚང་གསུང་འབུམ། མགར་རྩེ་དགོན་པའི་གདན་རབས་དང་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག།  དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན།  སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན། གཏེར་ལུང་དགོན་པའི་བཅའ་ཡིག དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།  རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད་སོགས་ཡོད་འདུག

༧རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༣༧ ལོར་རེབ་གོང་ཐེ་བུ་རུ་ཡབ་ཕུར་བ་ཚེ་རིང་དང་། ཡུམ་ལྷ་མོ་སྐྱིད་གཉིས་ལ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་གྱི་སྟེང་༧ ཀུན་གཟིགས་པཎ་ཆེན་དགུ་བ་ཆེན་པོའི་ལུང་བསྟན་བཞིན་བསེ་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་མཛད།  སྔ་རྗེས་སུ་༧རྒྱལ་དབང་པཎ་ཆེན་གཉིས་ཀྱི་དབུས་ཀུན་དགའ་རྒྱ་མཚོ་དཔལ་བཟང་པོ་དང་། མ་ཧཱ་པཎྚི་ཏ་རྗེ་འཇིགས་མེད་རིག་པའི་བློ་གྲོས། རྩ་བའི་བླ་མ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཤར་བདུན་པ་ཆེན་པོ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ། འབྲས་སྤུངས་དགེ་བཤེས་དབལ་ཤུལ་འཇམ་དབྱངས་རྒྱ་མཚོ། རབ་འབྱམས་པ་མགྲོན་ལུང་འཇམ་དབྱངས་གྲགས་པ། དུས་ཞབས་པ་མཁས་དབང་སྟག་ལྷ།  བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ།  ཁ་གྱའི་སྒོམ་རྭའི་ཨ་ཁུ་རིན་པོ་ཆེ་རྗེ་ནི་རུའི་བསྟན་པ་ཚང་།  གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་བསམ་གྱི་མི་ཁྱབ་པ་མང་པོར་ཞབས་བཏེགས་ཏེ། དབུ་མ་ཕར་ཕྱིན། ཚད་མ་དང་མཛོད། འདུལ་བ་སོགས་མདོ་སྔགས་གཉིས་དང་། སྒྲ་སྙན་རྩིས་གསུམ་དང་སུམ་རྟགས་དག་གསུམ་སོགས་ཀྱིས་མཚོན་ཐུན་མོང་རིག་གནས་ཀུན་ལ་ཐོས་བསམ་གྱི་སྒོམ་པ་མཐིལ་ཕྱིན་པ་གནང་།

བསེ་ཚང་རིན་པོ་ཆེ་མཆོག་ནི་ཀུན་མཁྱེན་ཡབ་སྲས་གསུམ་དང་༧རྒྱལ་དབང་པཎ་ཆེན་གཉིས་ཀྱི་སློབ་བུ་ཞིག་ཡིན་པ་ལྟར། ཁོང་གི་སྐུ་ཚེ་གང་བོར་མཚོ་སྔོན་དང་ཀན་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་ལྔ་བཅུ་ཙམ་གྱི་དགོན་འདུན་པ་རྣམས་ལ་དབང་ལུང་མན་ངག་གི་གདམས་པ་གནང་ཞིང་། སངས་རྒྱས་བསྟན་པའི་ཆོས་རྒྱུན་ཆད་ལ་ཉེ་བ་དག་སླར་གསོ་མཛད་པ་དང་། སྔར་ཡོད་རྣམས་གོང་འཕེལ་དུ་མཛད་དེ་སློབ་བུ་ནམ་མཁའི་སྐར་ཚོགས་ལྟར་བསྐྲུན་པར་མཛད་ཡོད་ལ་། ཁོང་གིས་སྔ་ཕྱིར་བོད་བརྒྱུད་མཐོ་རིམ་ནང་བསྟན་སློང་གླིང་གི་རྒྱུན་ཞིབ་འཇུག་པ་དང་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་དང་བོད་སྐད་ཡིག་རྩོམ་རིགས་ཀྱི་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་བཞེས་ཏེ། སྐུ་ཚེ་ཧྲིལ་བོ་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་དུ་ཐུགས་ཁུར་ཆེས་བཞེས་ཀྱིས་གཞན་ཕན་གྱི་རླབས་ཆེན་མཛད་པ་བསྐྱངས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༢༠ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 2

  1. Asanga says:
    ལོ་ 5 སྔོན།

    ཨ་ལགས་བསེ་ཚང་རིན་པོ་ཆེ་མཆོག་ནི་ཡོངས་གྲགས་ཐོག་བོད་ཀྱི་སྐད་ཡིག་རིག་གཞུང་གི་སློབ་དཔོན་ཆེན་མོ་བ་ཞིག་ཡིན་པ་ལྟར། ཁོང་སྐུ་འཚོ་བཞུགས་རིང་༧པཎ་ཆེན་རིན་པོ་ཆེའི་བཀའ་དགོངས་འོག ཕྱི་ལོ་ ༡༩༨༥ ཙམ་ནས་ཉེ་བའི་ལོ་ངོ་ ༤༠ མ་ཟིན་ཙམ་གྱི་རིང་རང་མི་རིགས་ཀྱི་རིག་གནས་གཙུག་ཏུ་བཟུང་སྟེ། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་། ནུབ་བྱང་མི་རིགས་སློབ་ཆེནདང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་། དེ་བཞིན་མི་རིགས་དཔེ་སྐྲུན་ཁང་། བིས་མདོའི་པཎ་ཆེན་ཚད་མའི་སློབ་གླིང་། ཀན་ལྷོའི་མི་རིགས་སློབ་གྲྭ་དང་ཀན་ལྷོ་ཁུལ་བོད་རིགས་སློབ་འབྲིང་། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་སོགས་སུ་སློབ་ཁྲིད་ཀྱི་ཕྱག་ལས་གནང་སྟེ། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་འཕེལ་རྒྱས་ལ་གསོན་ཉམས་བསྐྲུན་གནང་ཡོད་པ་རེད།

    Reply
  2. Asanga says:
    ལོ་ 5 སྔོན།

    བསེ་ཚང་རིན་པོ་ཆེ་མཆོག་ནི་ཀུན་མཁྱེན་ཡབ་སྲས་གསུམ་དང་༧རྒྱལ་དབང་པཎ་ཆེན་གཉིས་ཀྱི་སློབ་བུ་ཞིག་ཡིན་པ་ལྟར། ཁོང་གི་སྐུ་ཚེ་གང་བོར་མཚོ་སྔོན་དང་ཀན་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་ལྔ་བཅུ་ཙམ་གྱི་དགོན་འདུན་པ་རྣམས་ལ་དབང་ལུང་མན་ངག་གི་གདམས་པ་གནང་ཞིང་། སངས་རྒྱས་བསྟན་པའི་ཆོས་རྒྱུན་ཆད་ལ་ཉེ་བ་དག་སླར་གསོ་མཛད་པ་དང་། སྔར་ཡོད་རྣམས་གོང་འཕེལ་དུ་མཛད་དེ་སློབ་བུ་ནམ་མཁའི་སྐར་ཚོགས་ལྟར་བསྐྲུན་པར་མཛད་ཡོད་ལ་། ཁོང་གིས་སྔ་ཕྱིར་བོད་བརྒྱུད་མཐོ་རིམ་ནང་བསྟན་སློང་གླིང་གི་རྒྱུན་ཞིབ་འཇུག་པ་དང་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་དང་བོད་སྐད་ཡིག་རྩོམ་རིགས་ཀྱི་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་བཞེས་ཏེ། སྐུ་ཚེ་ཧྲིལ་བོ་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་དུ་ཐུགས་ཁུར་ཆེས་བཞེས་ཀྱིས་གཞན་ཕན་གྱི་རླབས་ཆེན་མཛད་པ་བསྐྱངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese