ལི་ཐོ་ནི་ཡ་གཞུང་གིས་བོད་ རང་བཙན་དང་ཐའེ་ཝན་རང་བཙན་སོགས་ཀྱི་བརྗོད་ཚིག་བཀག་པའི་རྒྱ་ནག་གི་ཁ་པར་རྣམས་བེད་སྤྱོད་གཏོང་མཚམས་འཇོག་དགོས་པའི་ལམ་སྟོན་གནང་།
དེ་རིང་རྒྱ་ནག་ཞོགས་པའི་ཆ་འཕྲི ན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ནི་ ཡའི་རྒྱལ་སྲུང་ལྷན་ཁང་གིས་ཡུལ་ དེའི་མང་ཚོགས་ལ་རྒྱ་ནག་གིས་བཟོ་ སྐྲུན་བྱས་པའི་ཁ་པར་གྱིས་བོད་ རང་བཙན་དང་ཐའེ་ཝན་རང་བཙན་ལ་སོགས་ པའི་བརྗོད་ཚིག་དག་བཀག་སྡོམ་བྱེ ད་ཀྱི་ཡོད་པའི་རྐྱེན་གྱིས་ཁ་པར་ རྣམས་རྒྱའི་ཁ་པར་བེད་སྤྱོད་མཚམས་འཇོག་དགོས་པའི་ཡོངས་ཁྱབ་ ལམ་སྟོན་བྱས་འདུག
ལི་ཐུ་ནི་ཡའི་རྒྱལ་སྲུང་བློན་ཆེ ན་གཞོན་པ་མར་གྷི་རི་སི་ (Margiris Abukevicius) ལགས་ཀྱིས། ང་ཚོའི་ལམ་སྟོན་ནི། མང་ཚོགས་རྣམས་ཀྱིས་འབྱུང་འགྱུར་ རྒྱ་ནག་གི་ཁ་པར་མི་ཉོ་རྒྱུ་དང་། ད་ལྟ་ཉོས་ནས་བཀོལ་སྤྱོད་བྱེད་ བཞིན་པ་དག་གང་མགྱོགས་གཡུག་དགོས་ པ་དེ་ཡིན། ཞེས་བརྗོད་ཡོད་འདུག འོན་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་དང་ཤའོ་ མི་ཁ་པར་བཟོ་ཚོང་ཁང་གིས་གནད་དོ ན་འདིའི་ཐད་གསལ་བཤད་ལྟ་བུ་གང་ ཡང་བྱས་མི་འདུག
ལི་ཐུ་ནི་ཡའི་རྒྱལ་སྲུང་ལྷན་ཁང་ གི་དྲ་ལམ་བདེ་འཇགས་ཚན་པས་ཉེ་ཆར་ ཡུ་རོབ་ཁུལ་དུ་ཚོང་འགྲེམ་བྱས་ པའི་རྒྱ་ནག་གི་ཁ་པར་ལ་ཞིབ་འཇུག་ བྱེད་སྐབས། རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་ཆེ་ གྲས་ཤའོ་མི་ (Xiaomi) ཡི་ཁ་པར་མ་ལག་ནང་བོད་རང་བཙན་དང་། ཐའེ་ཝན་གྱི་རང་བཙན་ཁྲི་ལོར་བརྟ ན་པར་ཤོག དམངས་གཙོའི་ལས་འགུལ་གྱིས་མཚོན་ པའི་རྒྱ་ནག་གཞུང་ལ་གནོད་པའི་ཚི ག་བརྗོད་རྣམས་བཀག་སྡོམ་བྱེད་པའི ་ནུས་པ་ལྡན་པ་ཤེས་རྟོགས་བྱུང་ཡོ ད་པ་མ་ཟད། སྤྱིར་ཤའོ་མིས་བཟོ་སྐྲུན་བྱས་ པའི་ཡུ་རོབ་ཁུལ་གྱི་Mi 10T 5G ཁ་པར་གྱི་བཀག་སྡོམ་ནུས་པ་དེ་སྒོ ་བརྒྱབ་ཡོད་ནའང་། བསྐྱར་དུ་སྒོ་འབྱེད་ཐུབ་ཀྱི་ཡོ ད་པའང་ཤེས་རྟོགས་བྱུང་འདུག
གཞན་ཡང་ཞིབ་འཇུག་སྙན་ཐོའི་ནང་། ཤའོ་མི་ཁ་པར་གྱིས་ཁ་པར་ནང་ཉར་ ཚགས་བྱས་པའི་ཁ་པར་བཀོལ་སྤྱོད་ཀྱི ་གནས་ཚུལ་རྣམས་སིང་གྷ་པུར་དུ་རྟེ ན་གཞི་བྱས་པའི་གསབ་ལེན་པ་( server) ཞིག་ལ་བརྒྱུད་བསྐུར་བྱེད་ཀྱི་ཡོ ད་པ་དང་། ཤའོ་མི་ཁ་པར་མ་ལག་གིས་བཀག་སྡོམ་ བྱ་སྲིད་པའི་རྒྱ་ཡིག་གི་ཚིག་བརྗོ ད་ཁྱོན་བསྡོམས་ ༤༤༩ ལྷག་ཡོད་པ་མ་ཟད། ཚིག་བརྗོད་རྣམས་དུས་བསྟུན་གྱིས་ སྣོན་འཕྲི་བྱེད་ཀྱི་ཡོད་འདུག དེ་བཞིན་རྒྱ་ནག་གི་ཧྭ་ཝེ་ཁ་པར་ P40 5G ལའང་དྲ་ལམ་བདེ་འཇགས་ཀྱི་དཀའ་ གནད་ཅིག་ཡོད་སྐོར་འཁོད་འདུག
ཉེ་ལམ་རྒྱ་ནག་དང་ལི་ཐུ་ནི་ཡའི་ རྒྱལ་འབྲེལ་ཉམས་རྒུད་དུ་སོང་ཡོ ད། དེ་ཡང་ཟླ་བ་སྔོན་མར་ལི་ཐུ་ནི་ ཡ་གཞུང་གིས་ཡུལ་དེར་ཡོད་པའི་ ཐའེ་ཝན་གྱི་གཞུང་ཚབ་ཁང་གི་མིང་ དེ་ཐའེ་པེ་ནས་ཐའེ་ཝན་དོན་གཅོད་ ཁང་ཞེས་པར་བསྒྱུར་བཅོས་བྱ་རྒྱུ ར་མོས་མཐུན་གནང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ལི་ཐུ་ནི་ཡར་ཡོ ད་པའི་རྒྱ་ནག་གི་གཞུང་ཚབ་དེ་ཉི ད་ཕྱིར་འཐེན་བྱས་ཡོད་པ་མ་ཟད། རྒྱ་ནག་ནང་ཡོད་པའི་ལི་ཐུ་ནི་ཡའི ་གཞུང་ཚབ་ཀྱང་ཕྱིར་འཐེན་བྱ་རུ་ བཅུག་ཡོད་པ་རེད། རྒྱ་ནག་གི་གནོན་ཤུགས་གྱི་རྐྱེན་ པས་ད་བར་རྒྱ་ནག་དང་ཕྱི་འབྲེལ་ཡོ ད་པའི་རྒྱལ་ཁབ་ཕལ་མོ་ཆེའི་ནང་དུ ་ཡོད་པའི་ཐའེ་ཝན་གཞུང་ཚབ་ཁང་གི་ མིང་ལ་ཐའེ་ཝན་ཞེས་དངོས་སུ་བཤད་ཆོག་གི་མེད་ནའང་། ཉེ་ལམ་ཐའེ་ཝན་གཞུང་གི་རེ་སྐུལ་ ལྟར་ཨ་རིའི་གཞུང་ངོས་ནས་ཝ་ཤིང་ ཊོན་དུ་ཡོད་པའི་ཐའེ་པེ་དཔལ་འབྱོ ར་དང་རིག་གཞུང་ཁང་གི་མིང་དེ་ཐའེ ་ཝན་དུ་བཅོས་སྲིད་པའི་གནས་ཚུལ་ ཐོན་ཡོད་ལ། བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་ སྲུང་སློབ་སྟོན་པ་ཇེག་སུ་ལི་ཝན་ གྱིས་ལི་ཐུ་ནི་ཡའི་སྲིད་བློན་ལ། ཨ་རིས་ངོས་ནས་རྒྱ་ནག་གི་གནོན་ཤུ གས་ལ་འགོག་རྒོལ་བྱ་རྒྱུར་རོགས་ འདེགས་བྱ་ངེས་ཡིན་སྐོར་བཤད་ཡོད་ པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།