མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལན་ཀྲོའུ་ནས་བོད་ཀྱི་གཙོས་གྲོང་ཁྱེར་བར་མེ་འཁོར་ལྕགས་ལམ་བསྐྲུན་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འགྲོ་གྲོན་ཕོན་ཆེན་བཏང་སྟེ་ལན་ཀྲོའུ་གྲོང་ཁྱེར་ནས་གཙོས་བར་ལྕགས་ལམ་འཛུགས་སྐྲུན་གྱིས། སི་ཁྲོན་དང་དབུས་ཀྱི་ས་མཚམས་དང་ཐག་ཉེ་བའི་ཉིང་ཁྲིའི་ལྕགས་ལམ་བར་མཐུད་ཀྱི་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་འབྲེལ་ནས། བོད་ཡུལ་རྒྱ་སྒྱུར་གྱི་བྱུས་ངན་སྣ་ཚོགས་འཐེན་པ་བརྒྱུད། བོད་དེ་མི་སེར་སྤེལ་ཡུལ་གྱི་ལྟེ་བར་བཟུང་སྟེ།  བོད་ནང་གནམ་ཐང་དང་མེ་འཁོར་ལྕགས་ལམ། རྐང་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་མུས་ཡིན་པ་ལྟར། ད་ལོ་ནས་རྩིས་པའི་འབྱུང་འགྱུར་ ༦ རིང་ལོ་རྒྱུས་ནང་བོད་ཀྱིས་དབང་སྒྱུར་མྱོང་བའི་ལན་ཀྲོའུ་གྲོང་ཁྱེར་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་གཙོས་གྲོང་ཁྱེར་བར་མི་འཁོར་ལྕགས་ལམ་བསྐྲུན་གཏན་ཁེལ་ཡོད་འདུག

ལན་ཀྲོའུ་ནས་གཙོས་བར་གྱི་མེ་འཁོར་ལྕགས་ལམ་དེ། ཐང་དཀར་ནང་དང་ཀ་ཆུ། ལོའུ་ཇཱ་འགག་ཁུལ་སོགས་གྲོང་ཁྱེར་ ༥ ཡི་མཚམས་སུ་འབབ་ཚུགས་རེ་དང་རིང་ཚད་ལ་ཀེ་ལོ་མེ་ཊར་ ༡༢༧།༤༢ ཙམ་ཡོད་པ་དང་། འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༡༢༧།༩ གཏོང་གི་ཡོད་པ་མ་ཟད། ད་ལན་ལན་ཀྲོའུ་ནས་གཙོས་གྲོང་ཁྱེར་བར་ལྕགས་ལམ་བསྐྲུན་པ་བརྒྱུད། གཙོས་ནས་སི་ཁྲོན་གྱི་ལྕགས་ལམ་གཙོས་པའི་རྒྱ་ནག་གིས་བསྐྲུན་པའི་མི་འཁོར་ལྕགས་ལམ་བཞི་ལྷག་མཐུད་ཀྱི་ཡོད་འདུག

ད་རེས་ལན་ཀྲོའུ་ནས་གཙོས་བར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་ནི། རྒྱ་ནག་གིས་ཟེར་བཞིན་པའི་ཀན་སུའུ་ཞིང་ཆེན་འཕེལ་སྒྱུར་ལས་ཁུངས་ཀྱི་འགན་ཁུར་འོག རྒྱ་ནག་གི་ལྕགས་ལམ་ཚོགས་པ་དང་མཉམ་འབྲེལ་གྱིས་སྒྲུབ་བཞིན་པ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་ལས་མགོ་རྩོམ་པར་ཆོག་མཆན་ཐོབ་ནས་རྨང་གཞིའི་གལ་ཆེན་བཏིང་ཡོད་སྐོར་བསྒྲགས་འདུག

གཙོས་གྲོང་ཁྱེར་ནི་བསང་ཆུ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཤོས་ཀྱི་གྲས་ཡིན་པ་དང་། གྲོང་ཁྱེར་གྱི་གཡས་གཡོན་གང་སར་བོད་པའི་ཞིང་གྲོང་གཉིས་ཀྱི་ཁེངས་ཡོད་པ་མ་ཟད། གྲོང་ཁྱེར་གྱི་ཉེ་འཁྲིས་སུ་གསེར་ཁང་དགུ་ཐོགས་ཀྱི་གཙོས་བླ་བྲང་བཀྲ་ཤིས་འཁྱིལ་དང་། འབོ་ར་ཨ་མཆོག་དང་རྒྱལ་མོ་དགོན་སོགས་བོད་ཀྱི་ཞིང་དགོན་མང་པོར་ཐག་ཉེ་བ་ཡོད་པས། མ་འོངས་པར་གཙོད་དང་དེའི་འཁྲིས་ཀྱི་བོད་ཀྱི་དགོན་སྡེ་ཁག་དང་བོད་མི་རྣམས་ལ་རྒྱ་ནག་གི་ཤན་ཤུགས་ཐེབས་ཐབས་ཀྱི་སྲིད་ཇུས་ཤིག་ཀྱང་ཡིན་མི་སྲིད་པ་ཞིག་རེད་མི་འདུག

འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་སི་ཁྲོན་གཡག་རྔ་ནས་ཉིང་ཁྲིའི་བར་ཁྲོན་བོད་ལྕགས་ལམ་ཟེར་བ་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་དངོས་སུ་ཤར་གཏོང་བྱས་ཡོད་པ་དང་། ད་ཐེངས་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་དེ་ཁྲོན་བོད་ལྕགས་ལམ་ལ་མཐུད་ཀྱི་ཡོད་སྟབས། བོད་ཀྱི་ཤར་ཕྱོགས་བསང་ཆུ་ནས་དབུས་ཀྱི་ས་མཚམས་སུ་ཉེ་བའི་ཉིང་ཁྲིའི་བར་མེ་འཁོར་ལྕགས་ལམ་མཐུད་ཀྱི་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

མཆན། 2

  1. ཚེ་རིང་བཀྲ་ཤིས། says:
    ལོ་ 5 སྔོན།

    བོད་ཀྱི་དུས་བབ་ཟེར་བ་འདི་ནིདར་ནག་ཚོགས་པའ་དང་རྒྱ་གཞུང་མཉམ་འབྲེལ་གྱིས་གཙོ་སྐྱོང་བྱེད་གཞིན་པའི་གཞོག་ཕྱེད་cancelགྱིས་ན་ཚ་ཕོག་པའི་གསར་ཁང་བརྫུན་མ་ཁག་གི་ནང་ནས་གཅིག་རེད་བ་་་་་་ཡིས་ཆེས་བྱེད་ས་ཞིག་ག་བ་ཡོད།

    Reply
  2. འབྲོང་དཀར་པོ། says:
    ལོ་ 5 སྔོན།

    རྒྱུས་ལོན་དར་ཙམ་མེད་པར་བྲིས་པའི་གསར་འགྱུར་རིགས་ནི་ཀློག་མཁན་རྒྱུས་མངའ་མེད་པ་ཞིག་ལ་གོ་ལོག་སྤྲད་པའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese