མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་ཞིག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་འཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱི་གློག་བརྙན་གཅིག་དང་བཞི་ཞེས་པ་དེ། ཊོག་ཡོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་དེ་མི་འགྱང་བར་སྟོན་འཆར་ཡོད་འདུག

ཊོག་ཡོ་རྒྱལ་སྤྱིའི་གློག་བརྙན་སྟོན་དུས་སྟོན་ཐེངས་སོ་བཞི་པ་ ( 34th Tokyo International film festival ) དེ། ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༨ བར་ཉིན་གྲངས་བཅུ་ཡི་རིང་ཉི་ཧོང་གི་རྒྱལ་སའི་ཁུལ་དུ་འཚོག་གཏན་ཁེལ་བ་ལྟར། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའི་ཁྲོད་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་འཁྲབ་འཁྲིད་པས་བཟོ་སྐྲུན་བྱས་པའི་བརྩམས་ཆོས་མང་པོ་ཞིག་འདེམས་སྒྲུག་བྱས་ཡོད་པའི་ཁྲོད། བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་འཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱི་གློག་བརྙན་གཅིག་དང་བཞི་ ( One and four)  ཞེས་པ་དེའང་འདེམས་ཐོན་བྱུང་ཡོད་པ་རེད་འདུག

བོད་ཀྱི་གློག་བརྙན་གཅིག་དང་བཞི་ནི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་བརྩམས་པའི་གཅིག་དང་བཞི་ཞེས་པའི་བརྩམས་སྒྲུང་དེར་གཞི་བཅོལ་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་དེ་ ༢༠༡༩ ལོའི་ཟླ་ ༡༢ ནས་ཕབ་སྐྲུན་བྱེད་མགོ་བཙུགས་ཡོད་པ་དང་། ནད་ཡམས་ཀྱི་རྐྱེན་གྱིས་བརྙན་ལེན་ཕབ་སྒྲིག་བྱེད་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་ཏུ་ཡང་བསྐྱར་གློག་བརྙན་ཕབ་སྐྲུན་གྱི་ལས་གཞི་མགོ་བཙུགས་ཏེ། ལོ་མཇུག་ཏུ་གློག་བརྙན་ཕབ་སྒྲིག་གི་ལས་གཞི་ཚང་མ་བསྒྲུབས་ཡོད་པ་རེད་འདུག་ལ། གློག་བརྙན་དེར་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ལམ་སྟོན་གནང་ཡོད་ཅིང་། གློག་བརྙན་དེའི་བརྙན་ལེན་པའང་པདྨ་ཚེ་བརྟན་གྱི་བརྙན་ལེན་པ་ལིས་སུང་ཡེ་ཟེར་བའི་རྒྱ་མི་དེ་ཡིན་པ་རེད་འདུག

རྒྱ་ནག་གི་གསར་ཁང་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན།   གློག་བརྙན་དེ་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པས་ཕབ་སྒྲིག་བྱས་པའི་གློག་བརྙན་གཞན་དག་ལས། སྒྱུ་རྩལ་གསལ་སྟོན་གྱི་ནུས་པ་གཅིག་པུར་དམིགས་པ་ཙམ་མ་ཡིན་པར་གློག་བརྙན་བརྩམས་ཆོས་ཀྱི་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་། གློག་བརྙན་དེ་རུ་བོད་ནས་བྱུང་བའི་ཁུངས་མེད་དང་། དོགས་གཞི་རང་བཞིན་ཅན་གྱི་གཏམ་རྒྱུད་ཅིག་བརྗོད་ཐབས་བྱས་ཡོད་དེ། ནགས་སྲུང་བའི་སྤྱི་གླིང་ཞིག་གི་ནང་དུ་གར་ཡོང་མི་ཤེས་པའི་མི་གསུམ་ཐོན་རྗེས། ནགས་སྲུང་བ་ཁོང་རང་ཇི་ཡིན་འདི་ཡིན་མེད་པར། རྔོན་ཇག་གི་འཇིགས་སུ་ཡེར་བའི་དོན་རྐྱེན་དུ་ཚུད་པའི་གཏམ་རྒྱུད་ཅིག་ཡིན་པ་རེད་འདུག

བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་འཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ནི་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་སྡེ་ཚན་ནས་སློབ་མཐར་ཕྱིན་ཡོད་པ་དང་། དེ་སྔོན་ཁོང་གིས་སློབ་གྲྭའི་གུང་སེང་དང་བསྟུན་ནས་བོད་ཀྱི་གློག་བརྙན་སྒྱུ་རྩལ་བ་པདྨ་ཚེ་བརྟན་གྱི་དབུགས་ལྒང་དང་། རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་ཀོམ་ཧོའི་འཁྱག་པ་སོགས་ཀྱི་གློག་བརྙན་ཕབ་སྐྲུན་གྱི་ལས་གཞིར་མཉམ་ཞུགས་བྱས་མྱོང་ཡོད་པ་དང་། ཁོང་གིས་ ༢༠༡༧ ལོར་ཁོང་ཚོས་མཐོ་སྒང་ན་གློག་བརྙན་ལས་བཞིན་འདུག་ཅེས་པའི་དངོས་བྱུང་གློག་བརྙན་ཐུང་གྲས་ཤིག་ཕབ་སྒྲིག་བྱས་ཡོད་པ་དང་། ད་ལོར་ཕབ་སྒྲིག་བྱས་པའི་གཅིག་དང་བཞི་ཞེས་པ་དེ་ནི་ཁོང་གིས་བཟོ་སྐྲུན་བྱས་པའི་གློག་བརྙན་རིང་གྲས་ཀྱི་བརྩམས་ཆོས་ཐོག་མ་ཡིན་པ་དང་། གློག་བརྙན་དེ་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་ཏུ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད།

ཊོག་ཡོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ ༡༩༨༥ ལོར་ནས་མགོ་བཙུགས་ཡོད་ཅིང་། དེ་ནི་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་ཀྱི་ཆོག་ཡིག་ཐོབ་པའི་རྒྱལ་སྤྱིའི་ཚད་ལྡན་རང་བཞིན་ཅན་གྱི་གློག་བརྙན་དུས་སྟོན་ཞིག་ཡིན་པ་དང་། འདི་ལོའི་གློག་བརྙན་དུས་སྟོན་དེ་ནི་ཉི་ཧོང་གི་རྒྱལ་སའི་ཁུལ་དུ་འཚོག་འཆར་ཡོད་པ་རེད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༥ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༦ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese