མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདེམས་ཐོན་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་ལ་རང་གི་བྱས་ཉེས་འགེབ་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ལཱ་མོ་ཚུལ་ཁྲིམས།

ཉེ་ཆར་འདེམས་ཐོན་སྤྱི་འཐུས་རྣམ་པས་ནང་མོལ་ཚོགས་འདུ་ཞིག་ཚོགས་རྗེས། ཐུན་མོང་གི་ཐག་གཅོད་ཅི་ཡང་བྱེད་མ་ཐུབ་པར། མཐའ་མཇུག་ཁོང་ཚོའི་བྱས་ཉེས་དེ་༧གོང་ས་མཆོག་ནས་ཐག་གཅོད་གནང་དགོས་པའི་སྙན་ཞུ་ཕུལ་ཡོད་འདུག ཁོང་ཚོའི་བྱས་ཉེས་ནི་ཚང་མས་ཤེས་གསལ་ལྟར། མདོ་སྟོད་སྤྱི་འཐུས་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་  ༤༧ ལ་ངོས་ལེན་མ་བྱས་པ་དེ་ལས་བྱུང་བ་ཞིག་རེད། བཅའ་ཁྲིམས་ཀྱི་ནང་དུ། སྤྱི་འཐུས་ཀྱི་དམ་འབུལ་བྱེད་ཕྱོགས་སྐོར་གསལ་ཞིང་གསལ་བོར་འཁོད་ཡོད། བཅའ་ཁྲིམས་དེ་ནི་༧གོང་ས་མཆོག་དབུ་བཞུགས་ཐོག་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཅིག་པོ་དེ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མ་ལག་སྐོར་བ་འཁོར་བྱེད་ཀྱི་འཕྲུལ་འཁོར་གཅིག་པུའང་དེ་ལས་གཞན་ཡོད་པ་མ་རེད། བཅའ་ཁྲིམས་འདི་ནི། ༧གོང་ས་མཆོག་སྐུ་དངོས་ཀྱིས་གནང་བའི་དམངས་གཙོའི་གསོལ་རས་ཟེར་བ་དེ་རེད།

ཁོང་ཚོས༧གོང་ས་མཆོག་གིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ལ་ཁས་ལེན་མི་བྱེད་པར་བཀའ་ལ་གྱེན་ལྡོག་བྱས་ཤིང་། བཀའ་ལ་མི་བརྩི་བར། ད་དུང་ཡང་བསྐྱར་འགྲེལ་བཤད་ཞིག་གནང་དགོས་ཟེར་ན། དེ་ནི་ཤེས་བཞིན་དུ་༧གོང་ས་མཆོག་ལ་ཁྱད་གསོད་དང་། རྐང་བཙུགས་ནས་བཙན་བྱོལ་བོད་མིའི་མང་གཙོ་རྡོག་རོལ་གཏོང་བཞིན་ཡོད་པ་མ་རེད་དམ།  ཁོང་ཚོའི་བྱ་སྤྱོད་འདི་ལ། ད་ནི་ཁྲིམས་ཀྱི་མདུན་སར་བཀའ་ཆད་གཏོང་རྒྱུ་ལས་ཐབས་གཞན་ཡོད་པར་མི་རིགས་བསམ།

འདེམས་ཐོན་སྤྱི་འཐུས་རྣམ་པས་ཐེངས་འདིར། བཅའ་ཁྲིམས་སུ་འཁོད་པའི་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ། ཞེས་པའི་ཁྲིམས་ལུགས་དེ་རྒྱུ་མཚན་དུ་དྲངས་ཏེ། ༧གོང་ས་མཆོག་ལ་ཁོང་ཚོའི་བྱས་ཉེས་ཐག་འདི་གཅོད་གནང་དགོས་རྒྱུའི་འགན་དབང་ཡོད་པར་བཤད་ཡོད།

བཅའ་ཁྲིམས་སུ་འཁོད་པའི་མགོན་སྐྱབས་དང་མཚོན་རྟགས་འདི་ནི། ༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་དང་། བོད་མིའི་ཆིག་སྒྲིལ་མདུན་སྐྱོད་བྱེད་པའི་འཕྲུལ་ཆས་ཀྱི་སྒུལ་ཤུགས་ཡིན་པ་ལས། ཐེངས་འདིའི་སྤྱི་འཐུས་ཁག་ཅིག་གིས་ཤེས་བཞིན་དུ། རྐང་བཙུགས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཏོར་བཅོམ་དང་། བཅའ་ཁྲིམས་རིན་པོ་ཆེ་ལ་རྡོག་རོལ། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་རྩ་གཏོར་གཏོང་བཞིན་ཡོད་པའི་བྱས་ཉེས་ཀྱི་བདུད་ཀྱི་གཡབ་མོ་ལ། རྒྱབ་རོགས་དང་སྲུང་སྐྱོབ་བྱེད་སྤྱད་ཀྱི་ཁྲིམས་ཡིག་ཅིག་རྩ་བ་ནས་མ་རེད།

མ་གཞི་ནས། ད་ལྟའི་འདེམས་ཐོན་སྤྱི་འཐུས་འདི་ཚོ། ད་དུང་འདེམས་ཐོན་སྤྱི་འཐུས་ཀྱི་གནས་སྐབས་རང་ཡིན་པས། ཁོང་ཚོ་ལ་ ༧གོང་ས་མཆོག་གི་སྐུ་དབང་གི་ཁྲིམས་ལུགས་འདི་ལག་བསྟར་བྱེད་ཆོག་པའི་དབང་ཆ་ཡོད་མི་སྲིད། ཁྲིམས་ལུགས་སུ་འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་ཞེས་གསལ་བོར་གསུངས་ཡོད་པས་ཕྱིར་རོ། །

དེ་བཞིན་དུ། ཁོང་ཚོ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རྡོག་རོལ་གཏོང་ཞིང་།  བོད་མིའི་སྒྲིག་འཛུགས་ལ་འགོག་རྐྱེན་ཚབས་ཆེན་བཟོ་མཁན་གྱི་ཉེས་ཅན་པའི་གཏེ་དཔོན་རྐྱང་རྐྱང་ཡིན་པས། ཁོང་ཚོའི་བྱས་ཉེས་འདི། བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཞིག་ཏུ་ཇི་ལྟར་ཆགས། ༧གོང་ས་མཆོག་ནས་བྱས་ཉེས་འདིར་ཐག་གཅོད་དང་དགོངས་འཆར་གནང་དགོས་རྒྱུའི་རྒྱུ་མཚན་ཅི་ཡང་མཐོང་མ་སོང་། འདི་ནི་དངོས་ནས་བཤད་ན་༧གོང་ས་མཆོག་ལ་ཁོང་ཚོའི་བྱས་ཉེས་འགེབས་སྲུང་དང་harboring criminals དགོས་པའི་རེ་བ་བཏོན་པ་དེ་རེད། འདི་ནི་ང་ཚོའི་བོད་པའི་ཁ་རྒྱུན་དུ་མགོ་ལེན་བསྟེན་བསྐྱིལ། རྐུན་མར་དཔའ་དར། སྤྱང་ཀི་ཚེ་ཐར་གཏོང་དགོས་པ་ཞེས་པ་དེ་ལས་ཅི་ཡང་མིན།

མདོ་དབུས་གཉིས་ཀྱི་འདེམས་ཐོན་སྤྱི་འཐུས་རྣམས་ལ་མཚོན་ན་བཅའ་ཁྲིམས་ཨང་ ༤༧ ལྟར་དམ་འབུལ་ལེགས་གྲུབ་བྱུང་ཡོད་པས། ཁྱེད་ཚོས་རང་ཉིད་ཁྲིམས་མཐུན་ཡིན་པའི་ཐོབ་དབང་སྲུང་སྐྱོབ་བྱེད་རྒྱུ་ལས། ཉེས་ཅན་གཏེ་དཔོན་མདོ་སྟོད་སྤྱི་འཐུས་རྣམས་ཀྱི་རྗེས་སུ་རི་བོང་བཅལ་འདྲོགས་བྱེད་དགོས་དོན་མི་འདུག་སྙམ།

ཁོང་ཚོས་འདི་ལྟར་བཅའ་ཁྲིམས་ཀྱི་དོན་སྙིང་ལོག་པར་སྤྱད་པ་དང་། ༧གོང་ས་མཆོག་ལ་ཁྱད་གསོད་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་འདི་ལ། ཉེས་ཁྲིམས་ཀྱི་རལ་གྲི་དམར་བོས་ཁྲིམས་ཀྱི་མདུན་སར་ཐག་གཅོད་བྱེད་རྒྱུའི་ཆ་རྐྱེན་ཡོངས་སུ་ཚང་ཞིང་། ད་ནི་བོད་པའི་ཁ་རྒྱུན་ལ། གོ་བ་མེད་པའི་གླང་རྒན་ལ། རྒྱལ་བའི་བཀའ་ལས་དབྱུག་པ་བཙན། ཞེས་པའི་དཔེ་ལྟར། ཉེས་ཅན་གཏེ་དཔོན་འདི་དག་ཁྲིམས་ཀྱི་མདུན་སར་བསྐྱལ་དགོས་པའི་དུས་ལ་བབ་འདུག་པ་ལས། ཚོགས་འདུ་དང་གྲོས་མོལ་ཡང་ཡང་བྱེད་པ་དང་། འགྲེལ་བཤད་ཡང་ཡང་རྒྱག་རྒྱུའི་ཚོད་ཅིག་རེད་མི་འདུག

ཁོང་ཚོའི་བྱས་ཉེས་འདི་ནི་ཁྲིམས་ལུགས་སུ། མང་གཙོ་ལ་འགོག་རྐྱེན་(Anti-democratic)བཟོས་པ་དང་སྲིད་གཞུང་མགོ་རྟིང་སློག་ (Subverting the government)  པ་སོགས་ཀྱི་ཁྲིམས་ཆད་གཅོད་ཆོག་པའི་ཆ་རྐྱེན་ཡོངས་སུ་གྲུབ་ཡོད།

༡། མང་གཙོ་ལ་འགོག་རྐྱེན་བཟོ་བ་ཞེས་པ་ནི་ཡོངས་ཁྱབ་ཏུ་ opposed to the principles or practice of democracyanti མང་གཙོ་དང་མང་གཙོའི་རྩ་དོན་ལག་བསྟར་བྱེད་པ་ལ་འགོག་རྐྱེན་བཟོ་བ་ཞིག་ལ་བརྗོད་ཅིང་། ད་ལྟ་ཁོང་ཚོས་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཚོགས་སུ་འཇུག་བཞིན་མེད་པ་འདི་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ངོས་ལེན་བྱེད་བཞིན་མེད་པ་འདི་དག མང་གཙོའི་མདུན་སྐྱོད་ལ་ཐད་ཀར་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད།

༢། སྲིད་གཞུང་མགོ་རྟིང་སློག་པ་ནི་ (Subverting the government) རྩ་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྲིད་དབང་དང་ལམ་ལུགས་མགོ་རྟིང་སློག་པར་བྱེད་པ་འདི་ལ་གོ་བ་དང་། ཐེངས་འདིར་ཆོལ་ཁ་གཅིག་སྟེ། མདོ་སྟོད་ཆོལ་ཁ་གཅིག་པུས། རྩ་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འགོག་རྐྱེན་བཟོ་བཞིན་པ་འདི་སྲིད་གཞུང་མགོ་རྟིང་སློག་པའི་ཁྲིམས་ཆད་དུ་ཐག་གཅོད་བྱ་ཆོག་པའི་ཆ་རྐྱེན་ཡོངས་སུ་ལྡན་ཡོད།

ཐེངས་འདིའི་ཁོང་ཚོའི་བྱེད་སྟངས་འདི་ནི།  ༧གོང་ས་མཆོག་གི་སྐུ་དབང་ལ་ཁྱད་གསོད་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྡོག་རོལ། མང་གཙོ་ལ་འགོག་རྐྱེན། བོད་མིའི་སྒྲིག་འཛུགས་མགོ་རྟིང་སློག་པ། བོད་མིའི་རྡོག་རྩ་གཅིག་སྒྲིལ་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་སུ་འཇུག་བཞིན་མེད་པ་འདི་དག་ལས་བདེན་དཔང་ར་སྤྲོད་གསལ་བོ་བྱེད་ཐུབ། ད་ནི་འདེམས་ཐོན་མདོ་སྟོད་སྤྱི་འཐུས་གཏེ་དཔོན་ཉེས་ཅན་པ་འདི་དག་ལ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྐོན་ཞིང་། ཆོས་ཁྲིམས་དར་གྱི་མདུད་པས་བསྡམ། ཡུལ་ཁྲིམས་ལྕགས་ཀྱི་གོང་བུའི་ནང་འཇུག་རྒྱུའི་དུས་ལ་བབ་ཞིང་། ཁྲིམས་སུ་མཐུན་པ་ལས་ཐབས་གཞན་ཡོད་པར་མི་སེམས།

མཆན། གོང་གི་རྩོམ་ཡིག་འདི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས་འདི་གའི་གསར་ཁང་གི་བསམ་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༤ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 2

  1. བོད་མི། says:
    ལོ་ 5 སྔོན།

    ད་བཀའ་མོལ་མང་པོ་མི་དགོས་པར་ང་ཚོ་སྤུན་ཟླ་ཚང་མ་མཐུན་ལམ་ཡག་པོ་ཡོང་བ་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་སེམས་ཀྱི་འདུག དེ་མིན་ཕན་ཚུན་སྐྱོན་བརྗོད་ཤ་དག་གནང་བཞུགས་ན་བཀའ་རྙོགས་ལ་རྫོགས་རྒྱུ་མེད་པ་ཡོང་ཡས་རེད། ཕྱིས་སུ་ང་ཚོ་ཚང་མ་རྣམ་དཔྱོད་དང་ལྷག་བསམ་ལྡན་པའི་ཐོག་སྤྱི་སྒེར་གང་གི་ཕྱག་ལས་ཡིན་ན་ཡང་སྒྲིག་ཁྲིམས་ཡིག་ཆར་དོ་འཁུར་ཆེ་བཞེས་ཀྱིས་དེ་དོན་ཕྱག་བཞེས་མ་འཆོལ་བ་གནང་རྒྱུ་གལ་ཆེན་ཤོས་ཡིན་ན་ཕྱིས་སུ་ལས་དོན་གནང་མཁན་ཚང་མས་བཅའ་ཁྲིམས་ནང་དོན་མ་གཏོགས། བཅའ་ཁྲིམས་ལས་འགལ་ནས་དབུ་མཁྲེགས་པོ་གནང་མཁན་བྱུང་ན་དེ་ལ་ཆ་འཛིན་རྩ་བ་ནས་གནང་རྒྱུ་མིན་པའི་ཐག་གཅོད་ཀྱིས་ཚང་མས་ཐུགས་གཟབ་གནང་ན་རྙོགས་ཁྲ་ཡོང་མི་སྲིད་པ་རེད། དེས་ན་ཚང་མས་བཅའ་ཁྲིམས་ཡང་ཡང་ཀློག་ནས་གོ་དོན་ཤེས་ཤིང་དེ་ལ་བརྩི་འཁུར་གནང་རོགས་ཞུ་ཡས་དང་། སྤྱིར་སྟངས་དབུ་སེམས་གཉིས་ཀའི་ཐོག་ནས་ལྷག་བསམ་རྣམ་དག་གིས་ཞལ་བཞེད་གཉིས་མེད་ཡོང་བ་གནང་རྒྱུ་དེ་ཡག་ཤོས་རེད། དེ་མིན་རང་མཁས་པའི་ང་རྒྱལ་གྱི་ཐོག་ནས་རང་གཞན་སྤྱི་ཕན་གྱི་ལྷག་བསམ་་མ་གནང་ན་དེང་རབས་ནུབ་ཕྱོགས་པའི་མི་ཤས་ཆེ་བའི་གཤིས་ཁ་ནང་བཞིན་རེད། དེ་བས་རང་ཅག་བོད་མི་ནང་ཆོས་ཀྱི་གཞན་ཕན་དང་བཟོད་སེམས་དགོངས་ཡང་གནང་བ་སོགས་ཀྱི་གཞན་ལ་བྱམས་བརྩེ་དང་མཉམ་དུ་་ལ་རིག་པའི་གནས་ལ་མཁས་པ་བྱུང་ན་རྩེ་གྲ་རེད།

    Reply
  2. ཐུབ་བསྟན་ཐོགས་མེད says:
    ལོ་ 5 སྔོན།

    ཡག་པོ་ཞེས་དྲག་བྲིས་འདུག། དོན་ལ་ཡང་གནས་པ་ཞིག་གསུངས་འདུག་པས་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese