མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲུང་སྐྱོབ་བྱེད་འོས་པའི་བོད་མིའི་ཆིག་སྒྲིལ་གྱི་རྟེན་གཞི་གསར་བ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp
བཙན་བྱོལ་བ་འཇམ་དབྱངས་སྦྱིན་པ།
ཕྱི་ལོ་༢༠༢༡ཟླ༡༠ཚེས༩ཉིན།
གང་ཞིག་ལ་ངང་སྒུག་བྱས་རྗེས། བསམ་པའི་དོན་འགྲུབ་སྟེ་གཏམ་བཟང་གིས་དྲ་ལམ་བཀང་དུས་འགོག་མེད་ཀྱི་དགའ་ཚོར་ཞིག་ངང་གིས་སྐྱེས་ཡོང་།
སྤྱིར་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། སྤྱི་འཐུས་རྒྱུན་ལས་རྣམ་པར་འོས་འདེམས་ཀྱི་ཐོབ་ཐང་བཀག་པ་ནས་ད་བར་ནང་ཁུལ་རྩོད་རྙོག་རིང་མོ་ཞིག་ནར་མར་བྱུང་ཞིང་། ལྷག་དོན་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་གསར་འཛུགས་མ་ཐུབ་པར་ཟླ་ངོ་བཞི་ཙམ་སོང་བའི་རིང་། ནང་ཁུལ་འདུམ་འགྲིག་ལྟ་ཅི་ད་དུང་གླེང་ཤུགས་ཆེ་རུ་སོང་སྟེ། ཕྱོགས་དང་རིས་སུ་ཆད་ནས་དགྲ་དགའ་གཉེན་སྡུག་གི་ལས་ངན་ཇི་སྙེད་ཅིག་བསགས་པ་ནི་ང་དང་ཁྱོད་ཀྱི་སེམས་ལ་གསལ་བ་དེ་རེད། རི་ལུག་པ་ཐག་པས་མི་འདུམས་པའི་དཔེ་ལྟར་ཕྱོགས་གཉིས་ཀར་འདུམ་པའི་ནུས་པ་ཡོངས་སུ་ཟད་པ་ན། ༸གོང་ས༸སྐྱབས་མགོན་ཆེན་པོར་མཛད་དཀའ་བཟོས་ཤིང་ཐུགས་ཕམ་འབྱུང་གཞིའི་ལས་ལ་མི་ཞུགས་ག་མེད་གྱུར། འདི་ནི་བོད་པ་བཙན་བྱོལ་བ་ཚོ་རང་གི་སྤུན་ཟླར་ངོ་གནོངས་དགོས་ཤིང་ལོ་རྒྱུས་ཀྱིས་ཐར་བར་མི་གཏོང་བའི་བྱུང་བ་ཞིག་ཡིན།
དེ་ལྟ་ན་ཡང་། ཕྱོགས་གཅིག་ནས་ད་ལན་བདམས་ཐོན་སྤྱི་འཐུས་ཚོས་རང་གི་འདོད་མོས་ཡོད་མེད་ལ་མ་ལྟོས་པར། ཀ་ཀོར་མེད་པར་སྤྱི་མོས་ཐོག་མང་གཙོའི་ཁྲིམས་སྒྲིག་གཞི་ལ་བཞག་པའི་༸རྒྱལ་བའི་ལམ་སྟོན་བཀའ་དགོངས་འོག་ཤར་བསྐྱོད་གནང་ཐུབ་པ་འདི་ནི། ང་ཚོའི་གཟི་བརྗིད་དང་སྤོབས་པ་བྱེད་འོས་པའི་རྒྱལ་ཁ་ཆེན་པོ་ཞིག་སྟེ། གཞིས་བཞུགས་སྤུན་ཟླའི་སེམས་ཁམས་གསོ་བར་དོན་དམ་གྱི་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་ཆགས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ཆབ་ཀྱི་ཐིགས་པ་གཅིག་གིས། རྭ་ལྟར་མཁྲེགས་ཅིང་ཀོ་ལྟར་གྱོང་བའི་མི་སེམས་ཡོད་ཚད་ཞི་བར་མཛད། གནད་འདི་ལས་༸གོང་ས་མཆོག་ནི་རང་རེའི་བོད་མི་ཚོའི་དད་གུས་དང་ཡིད་ཆེས། རེ་བ་དང་མགོན་སྐྱབས་ཞུ་ས་བླ་ན་མ་མཆིས་པ་དེ་ཡིན་པ་བསྟན་ཡོད་ལ། ཁོང་གི་ཐུགས་རྗེ་ལ་བརྟེན་ནས་རང་རེར་ཆིག་སྒྲིལ་གྱི་རྟེན་གཞི་གསར་བ་ཞིག་གི་གཞི་བཏིང་ཡོད། འདིའི་ལྡོག་ཕྱོགས་ནས་གལ་ལ་ཐུག་དུས་བོད་མི་ཚོ་རྡོག་གཅིག་ཏུ་བསྒྲིལ་ཏེ་༸རྒྱལ་བའི་བཀའ་དགོངས་ཐད་ཤར་སྐྱོད་བྱེད་ཀྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་རྒྱ་དམར་གཞུང་ལའང་འཕྲོད་པར་བྱས་ཡོད།
འདས་པའི་དུས་རབས་ཕྱེད་ཀའི་རིང་༸རྒྱལ་བའི་བཀའ་དྲིན་ལ་བརྟེན་ནས་ཆོལ་གསུམ་གོང་བུ་གཅིག་གྱུར་སྔར་མ་གྲགས་པ་ཞིག་བྱུང་ཡང་། ལོ་ཤས་གོང་ནས་བཟུང་བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་འགྲོ་བཞིན་པའི་མཐོང་སྣང་ཞིག་རང་ཉིད་ཚུད་པའི་མི་མང་པོ་ཞིག་ལ་འབྱུང་གི་ཡོད། འདི་ནི་རྒྱུ་མཚན་མེད་པ་ཞིག་མིན་ལ་དེའི་རྒྱུ་རྐྱེན་ཡང་ཕྱོགས་མང་པོ་ཞིག་དང་འབྲེལ་ནས་ཡོད། རུམ་ན་ཅི་ཡོད་ལག་པར་ཆ་ཡོད་ཡིན་པས་ང་ཚོས་གབ་སྦས་དང་སྤམ་མདོག་སྟོན་དགོས་པར་མ་མཐོང་། གང་ན་ཆིག་སྒྲིལ་མེད་ན་དེར་བཀྲ་མི་ཤིས་པ་འབྱུང་བ་ཆོས་ཉིད་ཡིན། འདི་ནི་ང་ཚོར་རང་རེའི་ལོ་རྒྱུས་ཀྱིས་ཡང་ཡང་དམར་ཁྲིད་བྱས་པའི་བསླབ་བྱ་གཙོ་བོ་དེའང་ཡིན། དཔེར་ན། ༸གོང་ས་སྐྱབས་མགོན་བཅུ་གསུམ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ཉིན་ཤས་ལས་མ་སོང་བར་གྲོང་དྲག་དམག་སྒར་འཐོར་ཞིག་ཏུ་སོང་བ་དང་། གཞུང་གི་ལས་འཛིན་ཚོས་ནང་ཁུལ་སྐྱོན་འདོགས་རེས་བྱས་ཏེ་ཆིག་སྒྲིལ་བྱེད་མ་ཐུབ་པ་ལ་བརྟེན་ནས་ཡོད་ཚད་ཤོར་བའི་སྟ་གོན་བྱས་ཡོད་པ་ནི། སྲིད་དོན་རྒྱལ་རབས་སོགས་ལོ་རྒྱུས་ཡིག་ཆ་དག་གིས་ཁ་གྲགས་ཡོང་གི་ཡོད།
དེའི་ཕྱིར། ཆིག་སྒྲིལ་ནི་ང་ཚོའི་རེ་བ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། ཆིག་སྒྲིལ་ནི་ང་ཚོའི་འཐབ་རྩོད་ཀྱི་གོ་ཆ་དང་རང་དབང་གི་ལྡེ་མིག་ཡིན། དོན་གྱི་གནད་འདི་གཟིགས་ནས། ༸གོང་ས་རྒྱལ་བའི་དབང་བོས་ཀྱང་བོད་མི་ཚོར་བཀའ་སློབ་གནང་སྐབས་ཆིག་སྒྲིལ་སྐོར་གཙོ་འདོན་གྱིས་ནན་གསུངས་གནང་གི་ཡོད་ལ། གཞིས་བཞུགས་གངས་ཅན་པའི་དཔའ་རྒོད་ཚོས་ཀྱང་ཆེས་མཐའ་མཇུག་གི་དམར་ལམ་ལམ་གྱི་མེ་ལྕེའི་དབུས་ནས་ཆིག་སྒྲིལ་ལ་རེ་འབོད་དང་ཁ་གཡང་བསྒྲགས་ཡོད། དཔེར་ན། དཔའ་བོ་ཆོས་འཕགས་སྐྱབས་དང་བསོད་ནམས་(༢༠༡༢།༤།༡༩)རྣམ་གཉིས་ཀྱིས། རང་ཚུགས་མ་ཤོར་བར་རྡོག་རྩ་གཅིག་བསྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡིན། ཞེས་དང་། དེ་བཞིན་དཔའ་བོ་ངག་དབང་ནོར་འཕེལ་དང་བསྟན་འཛིན་མཁས་གྲུབ་(༢༠༡༢།༦།༢༠)རྣམ་གཉིས་ཀྱིས། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས། བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། ཅེས་ཞལ་ཆེམས་ནང་བཀོད་ཡོད་པ་སོགས་མང་དུ་སྣང་ངོ་།། འོན་ཀྱང་། ང་ཚོས་གསུང་གསེར་ནག་གི་རི་འདྲ་བ་འདི་ཚོར་ཉམས་ལེན་དང་བདག་གཅེས་ཅི་ཙམ་བྱས་ཡོད་དམ། འདི་ནི་རང་གིས་རང་ལ་འདྲི་དགོས་པའི་དྲི་བ་ཞིག་གོ།།
མདོ་དོན་ད་ལན་རྙོག་གླེང་རིང་མོ་ཞིག་གི་མཇུག་ཡོངས་སུ་རྫོགས་ཏེ། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཅེས་པའི་དཔེ་ལྟར་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་གི་ཁ་ཕྱེ་ཡོང་གི་ཡོད་པས། ཁ་སང་སྤྱི་འཐུས་ཞེ་ལྔ་བོ་ཐུན་མོང་ནས་རྒྱ་ཆེའི་མང་ཚོགས་ལ་འབོད་སྐུལ་གནང་བའི་ནང་། སྤྱི་པའི་རྩ་དོན་ཐོག་ནུས་པ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིལ་དགོས་པར་གསུངས་པ་ཡི་རང་གི་གནས་སུ་ཆེ་ཡང་།  དེ་ནི་སྔར་རྒྱུན་བཞིན་ཁ་ཆོས་སུ་སོང་བ་དང་ཤོག་སྟེང་དུ་མཛེས་པ་ཙམ་གྱིས་འགྲིག་ཐབས་གཏན་ནས་མེད་པས། གཞུང་མང་གཉིས་ཀའི་ནུས་པའི་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་ཆིག་སྒྲིལ་གྱི་ནུས་པ་མཐོར་འདེགས་ཀྱིས་སྤྱི་ཚོགས་ཚགས་ཚུད་དུ་གཏོང་ཐབས་སུ། དམིགས་བསལ་ཚོགས་འདུ་བསྐོང་བ་དང་། མི་མང་གི་མངོན་འདོད་ཤེས་རྟོགས་ཆེད་བསམ་ཚུལ་བསྡུ་ལེན་བྱེད་པ་སོགས་འབད་རྩོད་དང་བྱ་ཐབས་གསར་བ་སྒོ་གང་ས་ནས་བསྟེན་ཏེ། རྐྱེན་མ་ཡོང་གོང་གི་བཟློག་པ་ཞེས་པའི་དཔེ་ལྟར་ད་ལྟའི་ཉམས་མྱོང་གཞི་ལ་བཞག་ནས་སླད་ཕྱིན་༸རྒྱལ་བ་དོན་གྱི་བདག་པོར་མཛད་དཀའ་དང་ཐུགས་ཕམ་འབྱུང་གཞི། བོད་རིགས་གཞིས་བྱེས་མི་མང་ཡིད་ཐང་ཆད་པའི་ལས་རིགས་བསྐྱར་དུ་མི་འབྱུང་བར་དགོངས་པ་གཏིང་ཟབ་བཞེས་དགོས།
མང་ཚོགས་ཁྲོད་ཡིན་ནའང་གནའ་བཤད་ད་ལ་མི་རེ་བ་དང་། ཟས་བཤད་ལྟོ་ལ་མི་རེ་བའི་གཏམ་བཤད་དེ་རྒྱ་མིར་དགོས་པའི་ལས་ཀ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་བསྒྲུབས་ཤིང་། རང་རེའི་སྤྱི་ཚོགས་དང་རང་གི་ཉེ་འཁོར་ལ་མི་བདེ་བ་བཟོ་བའི་ལས་ངན་རིགས་ངེེས་པར་མཚམས་འཇོག་བྱེད་འོས་སུ་མཐོང་། རང་རེའི་ཁ་སྟབས་སྐྱོ་བོ་འདིར་ཤ་ཚ་དང་སྙིང་རྗེ་ཅུང་ཡོད་ན། ང་ཚོ་མི་རེ་ངོ་རེ་ནས་རང་གི་བྱ་སྤྱོད་ཆུང་ཚེགས་རིགས་ལའང་འགན་ཁུར་ཏེ་རང་ངོས་ནས་འགྱུར་བ་གཏོང་བའི་དུས་ཚོད་ཅིག་ལ་ཕྱི་དྲགས་པ་ལས་སྔ་གཏན་ནས་མེད།
རང་ཅག་མཐོ་དམན་ཚང་མས་བྱིན་རླབས་ཀྱི་དྲོད་ཁོལ་མ་ཡལ་བའི་ཆིག་སྒྲིལ་གྱི་རྟེན་གཞི་གསར་བ་འདིའི་རིན་ཐང་དང་ཁྱད་ཆོས་ངོ་ཤེས་པའི་སྒོ་ནས་འདི་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་འོས། འདི་ནི་ང་ཚོའི་རེ་བ་དང་རྨི་ལམ་མངོན་གྱུར་བྱེད་པའི་རྟེན་གཞི་དེ་ཡིན་ཞིང་། སུ་ལའང་ངོམ་དུ་ཆོག་པའི་ང་རྒྱལ་དང་སྤོབས་པ་དེའང་ཡིན། འདི་ལྟར་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱི་ལམ་ནས་མདུན་དུ་བསྐྱོད་ཚེ་ང་ཚོས་བྱ་བཞག་གང་བརྩམ་ཡར་ཟླའི་དཔལ་ལ་འགྲན་པར་ཐེ་ཚོམ་མེད་ཅིང་། ཆོལ་གསུམ་ཐུན་མོང་ནས་རེ་ཞིང་སྒུག་པའི་༸རྒྱལ་བའི་གོ་སྟོན་ཆེན་མོ་དེ་ཡང་རང་སྐྱིད་མི་སྨོན་དང་། ༸རྒྱལ་བ་ཐུགས་མཉེས་པའི་མཆོད་པ་ངོ་མ་ཞིག་ཆགས་རྒྱུ་ཡིན་པ་བསྙོན་དུ་མེད་དོ།།
མཆན། གོང་འཁོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 3

  1. པ་རྡོ་རྗེ། says:
    ལོ་ 5 སྔོན།

    ད་རིང་གི་རྙོག་དྲ་འདི་ང་ཚོའི་འགོ་གཙོ་རྣམས་ཀྱིས་མ་འཇོན་པའི་འབྲས་བུ་ཡིན་པ་ཉག་གཅིག་རེད། གནད་དོན་འདི་རིགས་ལ་སེལ་རྒྱུའི་ང་ཚོའི་འགོ་གཙོ་རྣམས་ལ་འཇོན་ཐང་མེད་ན་རྒྱ་དམར་ལ་ཁ་གཏད་ཇི་ལྟར་གཅོག་རྒྱུ་ཡིན་ནམ། ཞབས་འདྲེན་རེད་བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོ་བ་རྣམས། རྙོག་དྲ་ཚང་མ་ཁྱེད་ཚོས་བཟོས་པས་མ་ཚད། ༸གོང་ས་མཆོག་ལ་མཛད་དཀའ་བཟོས། ད་ནས་བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོ་རྣམས་ཀྱི་མི་འཇོན་ན། ས་མིག་བཀག་ནས་ཕན་ཐོགས་མེད། དགོངས་པ་ཞུ་དགོས། མི་མ་རབས་སྤྱི་ཚོགས་ཚང་མའི་ནང་ན་ཡོད། འོན་ཀྱང་སྤྱི་ཚོགས་དེ་ཡི་འགོ་གཙོ་རྣམས་ནས་འགན་འཁྱེར་ཏེ་དེ་དག་གཙང་མ་བཟོས་ཤིང་མ་འོངས་པར་འབུར་རྒྱུ་མེད་པ་བཟོ་དགོས་རེད་ཀྱང་། སྐབས་འདིར་མཐོང་རྒྱུ་མ་བྱུང་། བོད་དང་བོད་མིར་བརྩེ་སེམས་དངོས་གནས་ཡོད་ན་ལས་ཀ་བྱེད་སྟངས་འདི་འདྲ་མ་རེད་དོ།།

    Reply
  2. Tador18 says:
    ལོ་ 5 སྔོན།

    དེ་རིང་འདི་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་པ་ཐེངས་མ་ག་ཚོད་དེ་རེད།

    Reply
    • ཚེ་བརྟན་འགྱུར་མེད། says:
      ལོ་ 5 སྔོན།

      པ་རྡོ་རྗེ་ལ། རྒྱ་དམར་པ་ཁ་གཏད་གཅོག་རྒྱུ་དེ་ལས་སླ་པོ་ག་ནས་ཡོང་།་ཡིན་ཀྱང་ད་བར་མི་ལོ་ ༦༠ འདས་པའི་རིང་ལ་ཁ་གཏད་བཅགས་ནས་རྒྱ་སྐད་ངན་ཤོར་བ་བྱུང་ཡོད། བོད་དང་བོད་མིའི་ཁ་གཏད་དུ་རྒྱ་གཞུང་དངུལ་ག་ཚོད་འགྲོ་སོང་གཏོང་གི་མིན་འདུག་གམ། ཤེས་འཚོར་མ་བྱུང་བ་ནི་ཨ་ཡིན། ཡིན་ཀྱང་ད་ཆ་ང་ཚོ་མི་གཟབ་ན་ཉེན་ཁ་འདུག ང་རང་ཚོས་གནས་སྟངས་ང་རང་ཚོས་མ་ཤེས་པ་ལྟ་བུ་མིན་འདུག་གས། ད་ལམ་གྱི་རྙོག་ཁྲ་འདི་གཞུང་གི་ལས་ཀྱི་སྣེ་མོ་བས་བཟོས་མ་རེད་པ། དེ་བཟོ་མཁན་བོད་མི་མང་གི་འདམས་པའི་སྤྱི་འཐུས་བཅའ་ཁྲིམས་དགོངས་དོན་ལྟར་དམ་འབུལ་ཞུ་ཡི་མིན་ཟེར་མཁན་ཚོ་རེད་དོ་། རྟ་ཕོ་ལ་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་ཡིན་པའི་སྔ་མོའི་དཔེ་དེ་ད་ལྟའང་བསིལ་དིང་ངེས་རེད་འདུག ལས་བྱེད་དགོས་པའི་གསལ་བསྒྲགས་མཐོང་རྒྱུ་མང་པོ་འདུག སེམས་ཤུགས། ཐེག་པ་དང་ཤེས་ལྗོན་ཡོད་ན་བེད་སྤྱོད་ས་དེ་མ་རེད་པས།

      བཙན་བྱོལ་བ་འཇམ་དབྱངས་སྦྱིན་པ། ལགས་ནས་ང་ཚོ་བཙན་བྱོལ་བ་ཡིན་པའི་དྲན་བཀུལ་གནང་བར་ཐུགས་རྗེ་ཆེ། དེ་མིན་བཙན་བྱོལ་དུ་སྐྱེས་བ་རྣམས་ཀྱིས་བརྗེད་པ་མ་ཚད་ཕྱིས་སུ་བོད་བལ་ས་མཚམས་ནས་བྱས་རྡ་ས་སྣེ་ལེན་ཁང་བར་དང་དེ་ནས་གྲ་ས་དང་སློབ་གྲ་སོགས་རང་འདོད་ལྟར་དུ་སྣེ་ལེན་བྱུང་བའི་མི་རྒན་ཚོས་ཀྱང་བརྗེད་པ་མ་ཚད་སོ་སོའི་སྐྱེ་ཡུལ་ནས་མཐར་འབུད་གཏོང་མཁན་རྒྱ་དམར་པོ་ཡང་བརྗེད་པ་ལྟ་བུ་གནང་མ་སོང་ངམ། ཤིང་སྡོང་རྩ་བར་སྐྱོན་ཕོག་ན་ཡལ་གར་གཅེས་ཞེན་བགྱིས་པའི་ཕན་པ་མེད་པ་ཐུགས་འཇགས། རྩ་བ་རུལ་བའི་ཡལ་ག་ཞིག་ལ་ཇི་ལྟར་ཞེན་ནའང་ཤིང་སྡོང་རིལ་བའི་ཉིན་ཡལ་དེ་དང་ཐོག་ཏུ་ས་ལ་འདབ་ནས་མེད་པ་ཆགས་རྒྱུ་ལ་སོང་བོད་ཆོལ་ཁ་གསུམ་གྱི་རྩ་དོན་དེར་འགན་འཁུར་རྒྱུ་བོད་མི་མང་ལ་ཕན་བདེ་བསྒྲུབ་པའི་ཞབས་འདེགས་དེ་ཡིན་ནོ།།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese