མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་ཁང་པ་རྣམས་མི་མང་ལ་བགོ་འགྲེམས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཀུ་ལུ་རྫོང་ཁོངས་སུ་ཡོད་པའི་བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་ཁང་པ་རྣམས་ཀུ་ལུ་མ་ནི་ལི་དང་སུན་མཚོ་མན་གསུམ་དུ་གནས་སྡོད་བོད་ནས་ཡོང་བའི་གསར་འབྱོར་དཀའ་ངལ་ཅན་གྱི་ཁྱིམ་ཚང་ ༤༨ ལ་བགྲོ་འགྲེམས་གནང་ཡོད་འདུག

བྷུན་ཏར་དགེ་འོས་མཐོ་སློབ་ཁང་ཕྱི་ལོ་ ༢༠༡༦ ཙམ་ནས་བཟུང་སྟོང་པར་ལྷག་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་སོགས་ས་གནས་སུ་ཆེད་ཕེབས་ཀྱིས་ཀུ་ལུ་མ་ན་ལི་ཁུལ་ནས་ཁྱིམ་ཚང་ ༡༧ དང་། སུན་མཚོ་མན་གསུམ་ནས་ཁྱིམ་ཚང་ ༣༡ བཅས་བོད་ནས་འབྱོར་བའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཁྱོན་བསྡོམས་ ༤༨ ལ་སྡོད་ཁང་བགོ་འགྲེམས་གནང་ཡོད་འདུག

འདི་གའི་གསར་འགོད་པར་ས་གནས་ནས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་དང་། འཆར་ཚན་འགན་འཛིན་བསྟན་འཛིན་མཁྱེན་རབ་དང་འབྲེལ་ལས་བསོད་ནམས་སྟོབས་རྒྱལ་བཅས་ས་གནས་སུ་ཕེབས་ཏེ།  ཕྱི་ཚེས་ ༡༩ ཉིན་ས་གནས་འགོ་འཛིན་ལས་ཁུངས་དང་ཟུང་འབྲེལ་ཐོག་སྡོད་ཁང་སོ་སོར་ཁང་ཨང་སྦྱར་བ་དང་། ཚོགས་ཁང་དང་རྒྱན་ཤོག་གོ་སྒྲིག དེ་བཞིན་ཁྱིམ་ཚང་རེ་རེར་གན་ཡིག་འཇོག་རྒྱུའི་ཡིག་ཆ་སོགས་ལ་བསྐྱར་ཞིབ་བཅས་གནང་རྗེས། ཟླ་འདིའི་ཕྱི་ ༢༠ ཉིན་བྷུན་ཏར་དགེ་འོས་མཐོ་སློབ་ཀྱི་ཚོགས་ཁང་ནང་རྒྱན་ཤོག་གི་ལམ་ནས་ཁྱིམ་ཚང་སོ་སོར་སྡོད་ཁང་བགོ་འགྲེམས་གནང་ཡོད་པ་དང་སྦྲགས་གཉིས་མོས་གན་རྒྱ་བཞག་གནང་ཡོད་འདུག

དེའི་ཐད་ས་གནས་མགོ་འཛིན་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས། ཁང་པ་དེ་དག་མཚོ་པདྨ་དང་མ་ཎ་ལི་སོགས་ཀྱི་ཁུལ་དུ་ཁ་འཐོར་དུ་གནས་པའི་བོད་ནས་ཕེབས་པའི་གསར་འབྱོར་རྣམས་ཀྱི་ཆེད་དུ་དམིགས་ཏེ་བགོ་འགྲེམས་གནང་ཡོད། དེ་ཡང་ནང་སྲིད་ལས་ཁུངས་ཀྱི་གཏན་འབེབ་བཞིན་ནང་མིའི་གྲངས་ཚད་ལ་གཞིགས་ནས་ཁང་པ་བགོ་འགྲེམས་བྱས་ཡོད། ཁང་པ་དེ་དག་སྒེར་གྱིས་བཙོང་མི་ཆོག་པ་དང་། ཁྱིམ་ཚང་སོ་སོའི་ནང་མི་རྣམས་ཕྱི་རྒྱལ་དུ་ཕྱིན་པའམ། སོ་སོའི་འཚོ་བ་འཁྱོངས་ནས་ས་གནས་གཞན་ལ་གནས་སྤོར་བྱེད་ཚེ། ཁང་པ་དེ་དག་ནང་སྲིད་ལས་ཁུངས་སུ་རྩིས་སྤྲོད་བྱ་དགོས་པ་ལས། དེ་མིན་དོ་བདག་རྣམས་གནས་སྡོད་བྱེད་རིང་ཁང་པ་སྒེར་ལ་དབང་བ་དང་སྒེར་གྱིས་བདག་གཅེས་བྱ་དགོས་པ་ལས། ཁང་པར་ཐོག་རྩེག་དང་གཡས་གཡོན་དུ་ཁང་པ་གསར་པ་འཛུགས་སྐྲུན་མི་ཆོག་པའི་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

བྷུན་ཏར་དགེ་འོས་མཐོ་སློབ་ཁང་ནི་མ་ནཱ་ལེ་ནས་སྤྱི་ལེ་ ༣༠ ཙམ་གྱི་སར་ཡོད་ཅིང་། ཕྱི་ལོ་ ༢༠༡༢ ཟླ་ ༩ ནང་དངོས་སུ་སྒོ་འབྱེད་གནང་སྟེ་ཕྱི་ལོ་ ༢༠༡༦ ལོར་དགེ་འོས་སྦྱོང་བརྡར་བ་ཐེངས་དང་པོ་དེ་ཐོན་རྗེས། དགེ་འོས་སྦྱོང་བརྡར་ཝ་ཎ་དབུས་གཙུག་ལག་མཐོ་སློབ་ཁང་དུ་གནས་སྤོར་བྱས་ཡོད་སྟབས། ད་བར་ལོ་ ༦ ཙམ་རིང་བྷུན་ཏར་སྦྱོང་བརྡར་ཁང་སྒོ་བརྒྱབ་ཡོད་འདུག སྦྱོང་བརྡར་ཁང་དེར་ཁོར་ཡུག་རྒྱ་ཆེན་པོ་དེ་ཙམ་མེད་ཀྱང་ལས་བྱེད་ཀྱི་ལས་ཤག་དང་འཛིན་ཁང་། སློབ་གཉེར་བའི་སྡོད་ཁང་སོགས་ཕྱི་འཛུགས་སྐྲུན་གྱི་ཆ་རྐྱེན་འཛོམས་པོ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༩ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༩ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese