མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇི་ནེ་ཝ་གླེང་སྟེགས་སྐབས་བཞི་བའི་སྟེང་གསུང་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་སྐབས་བཞི་བའི་ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐོག་དྲག་པོས་འཛམ་གླིང་གི་དཀའ་རྙོག་སེལ་མི་ཐུབ་པ་དང་འཚེ་མེད་ཞི་བ་ནི་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་ཉག་ཅིག་དེ་ཡིན་པས། བོད་མིའི་སྒྲིག་འཛུགས་རྒྱ་ནག་གཞུང་དང་ལྷན་དུ་ཞི་བའི་གྲོས་མོལ་བྱེད་པར་གྲ་སྒྲིག་ཡོད་སྐོར་གསུངས་སོང་།

དེ་རིང་རྒྱ་གར་གྱི་ཉིན་རྒྱབ་ཆུ་ཚོད་ ༢ དང་སུད་སིའི་ས་གནས་ཀྱི་ཆུ་ཚོད་ ༩ བའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དང་སུད་སི་སྐུ་ཚབ་དོན་གཅོད་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག ཉིན་གཉིས་རིང་གི་ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་བ་དང་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཞོན་ཇའེ་རེ་ཨོ་བྷི་ལེ་རྫར་ (jiří oberfalzer) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་སུད་སིའི་གྲོས་ཚོགས་འཐུས་མི་ནེ་ཁའོ་ལེ་ཝོ་ཊར་ (Nicolas Walder) མཆོག་དང་ཧཱ་གྷི་རེ་ཡའི་ (Budapest) གྲོང་ཁྱེར་གྱི་སྤྱི་ཁྱབ་ (Garencsér Ference) མཆོག་བཅས་དང་། སློབ་གསོའི་ཆེད་མཁས་པ་དང་བོད་དོན་རྒྱབ་སྐྱོར་བ། སོག་པོ་དང་རྒྱ་རིགས། ཡུ་གུར་བ། བོད་དོན་ལས་འགུལ་བ་བཅས་འཛོམས་ཡོད་པ་རེད་ལ། ཇི་ནེ་ཝ་གླེང་སྟེགས་སྐབས་བཞི་བའི་བརྗོད་གཞི་ནི་རྒྱ་ནག་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་རིག་གཞུང་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐོབ་ཐང་ཞེས་པ་དེ་ཡིན་པ་རེད།

མཛད་སྒོའི་ཐོག་མར་སུད་སི་སྐུ་དོན་གཅོད་འཆི་མེད་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། ཇེ་ནི་ཝ་གླེང་སྟེགས་སྔོན་མ་དག་གི་བརྒྱུད་རིམ་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་ཞུས་གྲུབ་མཚམས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་དངོས་དེ་གནང་སྐབས། བོད་པས་ཕྱི་ལོ་ ༡༩༥༠ ནས་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་བ་ཞུས་པ་དང་། སྐབས་དེར་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་རང་དབང་ཐོབ་བཞིན་ཡོད་ནའང་། ང་ཚོར་རྒྱ་ནག་གིས་བཙན་འཛུལ་བྱས་པ་རེད། ང་ཚོས་ཕྱི་ལོ་ ༡༩༥༩ དང་ ༡༩༦༡། དེ་བཞིན་ ༡༩༦༥ བཅས་ལ་རྒྱལ་ཚོགས་ལ་འབྲེལ་བ་བྱས་ཡོད་པ་རེད། ང་ཚོར་རྒྱལ་ཚོགས་ནང་གཏན་འབེབ་བྱས་པའི་གྲོད་ཆོད་ཡོད་པ་རེད་དེ་ལག་བསྟར་བྱེད་ཀྱི་མེད། དེར་བརྟེན། བོད་མི་ཙམ་མ་ཟད་འཛམ་གླིང་གི་མི་མང་པོས་མཉམ་འབྲེལ་རྒྱལ་ཚོགས་ནི་ལག་པ་དང་རྐང་པ་མེད་པའི་མིའི་གཟུགས་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ཁོ་ཚོས་གཏན་འབེབ་བྱས་པའི་གྲོས་ཆོད་ལག་བསྟར་བྱེད་ཀྱི་མེད་པས་ཡིན་ལ། ང་ཚོ་ལ་བྱེད་སྒོའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་མང་གཙོ་ཞིག་ཆགས་ཀྱི་མེད་པའི་ཚོར་བ་དེ་ཡོད། རྒྱལ་ཚོགས་ཀྱི་དམིགས་བསལ་དབང་ཆ་ (VETO POWER) དེ་མང་གཙོ་མ་རེད། ཅེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཤོར་ཞིང་ཆེས་དྲག་གནོན་ཐེབས་པའི་མི་མང་ལ་སྡིངས་ཆ་མི་སྤྲོད་པར། སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་གཞུང་ལ་གོ་སྐབས་སྤྲོད་བཞིན་པ་ནི་འདྲ་མཉམ་མིན་སྐོར་དང་། བོད་པའི་གནས་སྟངས་ཀྱི་གཙོ་བྱས་པའི་ཡུ་གུར་དང་ཧོང་ཀོང་མི་མང་ལ་རྒྱ་ནག་གིས་དྲག་གནོན་གཏོང་གི་ཡོད་པ་དང་། དེ་བཞིན་གྱི་གནས་བབ་འདྲ་བའི་འཛམ་གླིང་མི་མང་གི་དཀའ་སྡུག་ལ་ཉན་མཁན་ཡོད་པར་ཐེ་ཚོམ་སྐྱེ་ཡི་ཡོད་སྐོར། ཝི་ཏི་ནམ་གྱི་དགེ་འདུན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་སྐབས་རྒྱལ་སྤྱིའི་ངོས་ནས་དོ་སྣང་ཤུགས་ཆེན་བྱས་ཡོད་པ་དང་། བོད་ནང་གི་བོད་མི་ ༡༥༥ ཡིས་རང་ལུས་མེར་སྲོག་བཏང་དོན་ནི་རྒྱ་ནག་གཞུང་གིས་བོད་དོན་ལ་ཐག་གཅོད་བྱེད་པ་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་དོ་སྣང་བྱེད་པར་རེ་བ་བཅིངས་ཡོད་ཀྱང་། འཛམ་གླིང་ནི་ལྟད་མོ་བ་ཙམ་བྱས་ནས་བསྡད་ཡོད་སྐོར་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། དུས་རབས་གསུམ་པ་དང་བདུན་པའི་སྐབས་ནས་བཟུང་བོད་ཀྱི་རྟ་དམག་གིས་རྒྱ་ནག་གི་རྒྱལ་ས་རྙིང་པ་ཞི་ཨན་བར་དབང་སྒྱུར་ཞིང་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ལུང་འདྲེན་གནང་བ་དང་སྦྲགས། ད་ལྟ་བོད་ཀྱི་སྐད་ཡིག་གི་གནས་སྟངས་ལ་མཚོན་ན། མའོ་ཡི་སྐབས་སུ་བོད་ཀྱི་སྐད་ཡིག་ནི་དམར་ཤོག་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་བྱས་པ་རེད། དེ་ནས་རིག་གནས་གསར་བརྗེ་ལ་གདོང་ལེན་བྱ་དགོས་བྱུང་བ་རེད། རྒྱ་ནག་གི་མགོ་ཁྲིད་ཧྥོ་རན་ཧྥ་བོད་ལ་ཡོང་རྗེས། རྒྱ་རིགས་མང་པོ་བོད་ནས་ཕྱིར་འཐེན་བགྱིས་ཏེ། དུས་ཚོད་ཅིག་ལ་བོད་ནང་རང་དབང་ཅུང་ཙམ་ཤར་བ་རེད། སྐབས་དེ་དུས་བོད་མི་ཚོས་རང་དབང་ལ་ལོངས་སྤྱོད་ཅུང་ཙམ་བྱེད་ཐུབ་པ་དང་། བོད་ཡིག་སྦྱོང་ཐུབ་པ་སོགས་སྔར་རྒྱུན་གྱི་འཚོ་བར་རོལ་ཐུབ་པ་བྱུང་ཡོད། དེ་རྗེས་ཧྥོ་ཅི་ཐོ་ཡི་སྲིད་དབང་སྐབས་སླར་ཡང་བོད་ནང་དྲག་གནོན་སྲིད་ཇུས་ལག་བསྟར་བྱས་ཡོད། དེ་ནས་བོད་ནང་གི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད། ད་ལྟ་ཞི་ཅིན་ཕིན་གྱི་དུས་སྐབས་སུ་རྒྱ་སྐད་གཙོ་བོ་ཡིན་པའི་སྤྱི་སྐད་ཟེར་བ་ལ་དོ་སྣང་ཤུགས་ཆེན་སྤྲོད་ཀྱི་ཡོད།

ད་ལྟ་བོད་ནང་གི་སློབ་གྲྭ་ཁག་ཏུ་སྔོན་འགྲོའི་སློབ་གྲྭ་ནས་རྒྱ་ཡིག་འཁྲིད་མགོ་བརྩམས་ཡོད། ལོ་འགའི་གོང་དུ་ངའི་གྲོགས་པ་ཞིག་གིས་རྒྱ་ནག་ལ་འཆར་གཞི་འདི་འདྲ་ཞིག་ཡོད་པ་བརྗོད་བྱུང་། དོན་དངོས་ཐོག་ང་ཚོས་རང་རེའི་རིག་གཞུང་གི་གཞི་རྩ་ཡིན་པའི་སྐད་ཡིག་ལ་ཧ་ཅང་རིན་ཐང་སྤྲོད་ཀྱི་ཡོད། དུས་རབས་བརྒྱད་པའི་སྐབས་ཤིག་ལ་ང་ཚོར་འཛམ་གླིང་གི་འགྱུར་མང་ཤོས་ཡོད། རྒྱུ་མཚན་ནི་ང་ཚོས་ལེགས་སྦྱར་ནང་ཡོད་པའི་ནང་ཆོས་ཚང་མ་བསྒྱུར་ཡོད་ལ། ང་ཚོས་ཉར་ཚགས་ཀྱང་བྱེད་ཐུབ་ཡོད། གནད་དོན་དེའི་ཐོག་ནས་ང་ཚོ་རྒྱ་གར་གྱི་རིག་གཞུང་རྒྱ་སྐྱེད་གཏོང་མཁན་ཆགས་ཡོད་པ་རེད། ང་ཚོའི་སྐད་ཡིག་རྒྱ་གར་ནས་བྱུང་བ་ལས་རྒྱ་ནག་ནས་བྱུང་མེད། ང་ཚོའི་ཆོས་ལུགས་ཀྱང་རྒྱ་གར་ནས་བྱུང་བ་མ་གཏོགས་རྒྱ་ནག་ནས་བྱུང་མེད་ཀྱང་། དེང་སང་རྒྱ་ནག་གིས་ཁོ་ཚོ་ནས་བྱུང་བ་རེད་ཟེར་གྱི་ཡོད། ང་ཚོའི་རིག་གཞུང་གི་གཞི་རྩར་གྱུར་བའི་སྐད་ཡིག་རྩ་མེད་བཏང་ཚེ། ང་ཚོའི་རིག་གཞུང་དང་ནང་ཆོས། ང་ཚོའི་འཚོ་བ་སོགས་ཉམས་ཀྱི་ཡོད།

དེ་ནས་གལ་ཆེན་བ་ཞིག་ནི་བོད་ཀྱི་ཁོར་ཡུག་གནད་དོན་ཡིན། ང་ཚོས་ང་ཚོར་བོད་གངས་རིའི་ལྗོངས་ཞེས་འབོད་ཀྱི་ཡོད། དུས་རབས་ཉི་ཤུའི་སྟོད་དུ་ནུབ་ཕྱོགས་པ་ཚོས་ང་ཚོར་འཛམ་གླིང་གི་ཡང་རྩེ་ཞེས་དང་། ཨེ་ཤ་ཡས་ཨེ་ཤ་ཡའི་ཆུ་མཛོད་ཅེས་འབོད་ཀྱི་ཡོད་ལ། ཕྱིས་སུ་རྒྱ་ནག་གིས་སྐྱེ་ཁམས་ཁོར་ཡུག་གི་ཚན་རིག་པས་ཨེ་ཤ་ཡའི་ཆུ་བོའི་འབྱུང་ཁུངས་སུ་གྱུར་བའི་འཁྱག་རོམ་མང་པོ་ཡོད་པ་ལ་བརྟེན་ནས་བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཀྱི་ཡོད། བོད་ཀྱི་ཆུ་ནི་པ་ཀི་སི་ཐན་དང་རྒྱ་གར། བལ་ཡུལ། འབར་མ། ལའོ་སི། ཁམ་བྷོ་ཌེ་ཡ། ཐའེ་ལན་ཌི། ཝི་ཏི་ནམ། རྒྱ་ནག་བཅས་ཀྱི་ནང་བཞུར་གྱིན་ཡོད། རྒྱ་ནག་ནང་བཞུར་གྱིན་པའི་ཆུ་བོ་ཆེན་པོ་རྨ་ཆུ་དང་འབྲི་ཆུ་གཉིས་ནི་བོད་ནས་བྱུང་བཞིན་ཡོད་ལ། དེ་ནི་ཆབ་སྲིད་ཀྱི་གནད་དོན་ཙམ་མ་རེད། འགྲོ་བ་མིའི་ཐོབ་ཐང་ཀྱང་ཆབ་སྲིད་ཀྱི་གནད་དོན་མ་ཡིན་པར་བཟང་སྦྱོད་ཀྱི་གནད་དོན་ཞིག་ཡིན།

ད་ལྟ་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་ (COP26 summit) འཚོག་གྲབས་ཡོད་སྟབས། རྒྱལ་སྤྱིའི་ངོས་ནས་འཛམ་གླིང་གི་སྣེ་གསུམ་པར་གྱུར་བའི་བོད་ཀྱི་ཁོར་ཡུག་གི་དཀའ་གནད་ལ་དོ་སྣང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་ཡིན། བོད་ཀྱི་ཁོར་ཡུག་གི་གནད་དོན་ནི་བོད་པ་ཁོ་ན་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་འབྲེལ་བ་ཆགས་ཡོད་པ་དང་། བོད་ཀྱི་གནམ་གཤིས་ཚ་དྲོད་ཀྱི་གནས་སྟངས་ཀྱིས་གོ་ལའི་གནམ་གཤིས་ཚ་དྲོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། རྒྱ་ཆེ་ས་ནས་བོད་ཀྱི་ཁོར་ཡུག་གི་གནད་དོན་འཛམ་གླིང་ཧྲིལ་པོར་འབྲེལ་བ་ཆགས་ཀྱི་ཡོད། རྒྱ་ནག་གིས་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་བཞིན་ཡོད་མོད། རྒྱ་ནག་གིས་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་བྱེད་པའི་གནས་སྟངས་ཕྱི་གསལ་ནང་གསལ་མེད་པ་རེད་ལ། དེ་རིང་ཁ་སང་རྒྱ་ནག་ནི་འཛམ་གླིང་གི་འབག་བརྩོག་བཟོ་མཁན་ཆེ་ཤོས་ཡིན། ཞེས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས། ང་རང་སྲིད་སྐྱོང་གི་ལས་ཁུངས་དུ་ཞུགས་ནས་ཟླ་ལྔ་ཙམ་མ་གཏོགས་སོང་མེད་ལ། ང་ཚོའི་སྐྱབས་བཅོལ་གྱི་སྒྲིག་འཛུགས་འདི་རྒྱ་ནག་གཞུང་དང་ལྷན་དུ་ཞི་བའི་གྲོས་མོལ་གྱིས་མཐར་ཐུག་གི་ཐག་གཅོད་ཅིག་ལེན་པར་གྲ་སྒྲིག་ཡིན། བོད་མི་མང་དང་རྒྱ་ནག་གཉིས་ལ་འདྲ་མཉམ་ལྡན་པའི་ཐག་གཅོད་ཅིག་ཡིན་དགོས་ཞེས་དང་། དྲག་པོས་ནམ་ཡང་འཐབ་འཁྲུག་མཚམས་འཇོག་གི་ཐག་གཅོད་མི་ཡོང་བ་དང་་འཚེ་མེད་ཞི་བ་ནི་འཐབ་རྩོད་ཀུན་གྱི་ལྡེ་མིག་ལྟ་བུ་ཡིན་པས། ཞི་བའི་ལམ་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཧོང་ཀོང་གི་གཞོན་སྐྱེས་ཚོ་དང་། ཡུ་གུར་མི་མང་། སོག་པོ། ཐའེ་ཝན་མི་མང་བཅས་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་དང་། ད་ལྟ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་དང་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག དེ་བཞིན། ཐའེ་ཝན་ལ་འཇིགས་སྐུལ་དང་ཡུ་གུར་དང་བོད་ནང་སློབ་གསོ་སྒྱུར་བཀོད་ཁང་ཆེད་འཛུགས་སོགས་ཀྱི་གནད་དོན་བཅས་གླེང་སློང་གནང་སོང་།

སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཞོན་ (Jiri Oberfalzer) ལགས་ཀྱིས། སྲིད་སྐྱོང་མཆོག་གི་གསུང་བཤད་ལ་ཡི་རངས་གནང་བ་དང་སྦྲགས། བཀུར་འོས་གྲོགས་པོ་གྲོགས་མོ་རྣམ་པ། སྲིད་དབང་སྒེར་གཅོད་རིང་ལུགས་པའི་གཞུང་ཚང་མར་ཆེས་འགྲེལ་སླ་བ་ནི། མཐའ་མཇུག་ཏུ་ཁོ་ཚོ་ཚང་མ་གཅིག་མཚུངས་ཡིན་པ་དེ་ཡིན། ཁོ་ཚོ་འཇར་མན་གྱི་ཧེ་ཊི་ལར་ནང་བཞིན་དང་ཡང་ན་ཨུ་རུ་སུའི་སི་ཊ་ལི་ཡན་ལྟར། ཡང་མིན་ན་དེང་སྐབས་ཀྱི་ཞི་ཅིན་ཕིན་ནང་ལྟར་ལངས་པ་ཡིན་ནའང་།  ཁོ་ཚོ་མངོན་གསལ་ཞེ་དྲགས་ཡོད་པ་དང་མཇུག་མཐར་གཅིག་མཚུངས་ཡིན་པའང་བདེན་གྲུབ་ཡིན། སྲིད་དབང་སྒེར་གཅོད་པའི་འགྲེལ་བཤད་ནི། ཕ་རོལ་བའི་ལུས་སེམས་གཉིས་ལ་རྦད་དེ་དབང་སྒྱུར་བྱ་རྒྱུ་དེ་རེད། དེར་བརྟེན། སྒེར་གཅོད་ལམ་ལུགས་ནང་སྲིད་འཛིན་པ་ཚོ་ཆོས་དང་རིག་གཞུང་། སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་ཞེད་སྣང་སྐྱེ་ཡི་ཡོད། ཁོ་ཚོའི་དགྲ་ནི་རང་དབང་ཅན་གྱི་ཁྱིམ་མཚེས་ཙམ་མ་ཡིན་པར་རང་དབང་ལྡན་པའི་འཛམ་གླིང་ཆགས་ཀྱི་ཡོད། ཅེས་དང་། རྒྱ་ནག་གིས་བོད་མིའི་སེམས་ཁམས་བཅོས་སྒྱུར་དང་ཡུ་གུར་མི་རིགས་རྩ་གཏོར།  ཧོང་ཀོང་གི་མང་གཙོ་ལས་འགུལ་མཚམས་འཇོག་བྱེད་ཀྱི་ཡོད་པ་ནང་ལྟར། དེ་སྔ་འཛམ་གླིང་མི་མང་ཨུ་རུ་སུའི་ནང་གནས་སྟངས་གཅིག་མཚུངས་བྱུང་ཡོད་སྐོར་དང་། ལོ་རྒྱུས་ཀྱི་ཐོག་ནས་མང་གཙོའི་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་བསམ་ནས་རྒྱ་ནག་གིས་ཚད་ལས་བརྒལ་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་དོ་སྣང་མི་བྱེད་པ་ནི་གླེན་རྟགས་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

སྐར་མ ༡༧ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༤ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧

མཆན། 1

  1. Sonam Gyaltsen says:
    ལོ་ 4 སྔོན།

    Wao སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། Great ? Speach. Super

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese