མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ཁ་པར་ནང་ཞིབ་བཤེར་བྱེད་མཁན་ཆེད་འཛུགས་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་བོད་མིའི་ཁ་པར་དང་སྐད་འཕྲིན་ནང་ཞིབ་བཤེར་བྱེད་མཁན་ཆེད་འཛུགས་བྱས་ཏེ་དམ་དྲག་ཆེ་རུ་གཏོང་བཞིན་འདུག

མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་འཆར་ནས་བཟུང་བོད་ནག་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས། ནག་ཆུའི་བོད་མི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁ་པར་དང་སྤྱི་ཚོགས་དྲ་གནས་སྐད་འཕྲིན་སོགས་བརྒྱུད་དེ་སྐད་ཆ་བཤད་པ་དང་ཡི་གེ་བསྐུར་བ། པར་དང་བརྙན་སོགས་གཏོང་ལེན་བྱས་པ་ཚང་མར་དུས་གཅིག་ཏུ་ཞིབ་བཤེར་ཁང་ཆེད་འཛུགས་བྱས་ཏེ་སྔར་ལས་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། ནག་ཆུ་ཙམ་མ་ཡིན་པར་བོད་ཀྱི་ས་གནས་གཞན་གི་ཉེན རྟོག་ལས་ཁུངས་ཁག་ཏུའང་ཞིབ་བཤེར་ཁང་དེ་འཛུགས་བཞིན་ཡོད་འདུག

ཡང་ཁོང་གིས། ནག་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་ཞིབ་བཤེར་ཁང་དེའི་འཕྲུལ་ཆས་མ་ལག་ནང་ནག་ཆུ་ས་ཁུལ་གྱི་གཞུང་ཞབས་ལས་བྱེད་པ་དང་གནད་ཡོད་མི་སྣ་ཤེས་ཡོན་པ་གཙོ་བོ་བྱས་པའི་མང་ཚོགས་ཡོངས་ཀྱི་ཁ་པར་ཨང་གྲངས་ནང་འཇུག་དང་ཐོ་བཀོད་བྱེད་ཀྱི་ཡོད་པ་དང་། ཐོ་བཀོད་བྱས་རྗེས་མི་སུས་ཁ་པར་ནང་སྐད་ཆ་བཤད་པ་དང་སྐད་འཕྲིན་ཚོགས་པའི་ནང་གནས་ཚུལ་གང་ཞིག་སྤེལ་ཡང་ཆ་ཚང་ཞིབ་བཤེར་ཁང་དེའི་ནང་སྒྲིག་བཀོད་བྱས་པའི་གཞུང་གི་ཁ་པར་ནང་ཐད་ཀར་ཤར་ཡོང་བ་ཞིག་བཟོས་ཏེ་དམ་དྲག་ཆེན་པོ་བྱེད་ཀྱི་འདུག་ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་༡ཉིན་རྒྱ་ནག་གཞུང་གིས་གཉེར་བའི་མི་མང་ཉིན་རེའི་ཚགས་པར་ཐོག  ཉིན་དེ་ནས་བཟུང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་དེ་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་ཚད་ལྡན་བྱེད་པ་དང་མི་སྒེར་གྱི་ཆ་འཕྲིན་ལུགས་མཐུན་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་སོགས་བཀོད་འདུག

གཞན་ཡང་། ཕྱི་ཟླ་༡༠ཚེས་༡༧ཉིན་བོད་ལྗོངས་བརྙན་འཕྲིན་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཕྱི་ཟླ་༡༠ཚེས་༡༧་ཉིན་ནས་བོད་རང་སྐྱོང་ལྗོངས་ནང་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཞེས་པ་ཚོགས་ཏེ། ལས་བྱེད་པ་དང་མང་ཚོགས་ཚོའི་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང༌།  དྲ་རྒྱའི་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་འཛུགས་རྒྱུ་རེད་ཅེས་སོགས་བསྒྲགས་འདུག་ལ། མཚོ་སྔོན་སོགས་བོད་ཀྱི་ས་ཁུལ་གཞན་དུའང་དེ་བཞིན་གྱི་གནས་ཚུལ་སྤེལ་འདུག

ཕྱི་ལོ་༢༠༡༦ལོར་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་དོན་ཚན་༡༤ཡོད་པ་ཞིག་སྤེལ་ཡོད་པའི་ནང་དོན་ཚན་༡༢་པའི་ནང་དྲ་རྒྱ་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་པའི་བྱེད་སྤྱོད་རིགས་སྤེལ་བ་དང་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་རྒྱུའི་ངན་སྐུལ་བྱེད་པ། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་གཏོར་བཤིག་གཏོང་རྒྱུའི་ངན་སྐུལ་བྱེད་པ་སོགས་བྱེད་མི་ཆོག་ཚུལ་བཀོད་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༡ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༢ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese