མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ཁྲིམས་ལུགས་གཞིར་བཟུང་རྒས་ཡོལ་དུ་ཕེབས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དགུང་གྲངས་ ༦༥ ཟིན་གྱི་ཡོད་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ཁྲིམས་ཞིབ་པ་ཆེ་བའི་ལས་གནས་ནས་རྒས་ཡོལ་དུ་ཕེབས་ཡོད་པ་རེད།དེ་རིང་ཕྱི་ཚེས་ ༡༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣  དགོངས་དོན་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་གནས་ནས་རྒས་ཡོལ་དུ་ཕེབས་ཡོད་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་བདུན་ ༦༧ པའི་འོག་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་བཅོ་ལྔ་ ༼  ༡༥ ༽ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསར་པ་ཁྲིམས་ལུགས་ལྟར་འོས་ཐོན་དམ་འབུལ་མ་བྱུང་བར་དེའི་འགན་དབང་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ནས་ཞབས་ལོ་རྒན་རིམ་དེས་ལེན་རྒྱུ་ཞེས་གསལ་བ་ལྟར། དེ་རིང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་ནས་ཁྲིམས་ཞིབ་པ་ཆེ་བ་གསར་པའི་ཁྲིམས་མཐུན་དམ་འབུལ་མ་ཟིན་བར་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཏུ་བསྐོ་གཞག་གནང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྐབས་བཅུ་དྲུག་པའི་བཀའ་ཤག་གིས། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ཕེབས་སྐྱེལ་དང་གསར་དུ་དམ་འབུལ་ཞུས་པའི་བཀའ་བློན་གསུམ་གྱི་གཙོས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་མགོ་འཛིན་རྣམ་པ་དང་མཉམ་འབྲེལ་དྲུང་ཆེ་རྣམ་པ་བཅས་ལ་གསོལ་སྟོན་མཛད་སྒོ་ཞིག་བསྡུས་པའི་སྟེང་། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་ནང་གི་བོད་མི་རྣམས་ལ་སློབ་སྦྱོང་ཚད་ལྡན་ཞིག་འཐོབ་ཐབས་སུ། རང་ཉིད་ཐོག་མར་དགེ་རྒན་གྱི་ལམ་དུ་ཞུགས་ཏེ། བོད་རྒྱ་གྲོས་མོལ་གྱི་བརྒྱུད་རིམ་ཁྲོད། བཙན་བྱོལ་ནས་བོད་ནང་ལོགས་མཁན་དགེ་རྒན་གྱི་གྲས་སུ་ཡོད་ཀྱང་། ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་བོད་ནང་ལོག་མ་ཐུབ་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱི་དྲིལ་ལས་ཁུངས་དང་བོད་རྒྱ་གྲོས་མོལ་ཚོགས་ཆུང་གི་ཚོགས་མི་གནང་བ་སོགས་ངོ་སྤྲོད་དང་སྦྲགས། སང་ཉིན་ནས་ང་རང་ལོ་ ༦༥ ཟིན་ཏེ་རྒས་ཡོལ་དུ་ཐོན་འགྲོ་ཡི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་ཁྲིམས་ནང་གསལ་ལྟར། ཚེས་ ༡༥ ནས་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་གནང་གི་ཡོད། ཅེས་གསུངས་སོང་།

ཡང་སྐབས་དེར་ཁོང་གིས།  འདས་པའི་ལོ་ངོ་ ༣༣ རིང་སྲི་ཞུའི་ལས་བྱེད་གནང་མྱོང་བ་དང་བཅས་ཁྱོན་འདས་པའི་ལོ་ངོ་ ༤༠ ཡི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཧུར་ཐག་འཐད་ཐག་གིས་ཞབས་ཕྱི་ཞུས་པའི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས། ང་ཚོ་བཙན་བྱོལ་དུ་ཡོང་དགོས་དོན་ནི་བོད་ཀྱི་བདེན་མཐའ་སེལ་རྒྱུ་དེ་ཡིན་པ་དང་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་སྒྲུབ་པའི་དམིགས་ཡུལ་ཡང་བོད་ཀྱི་བདེན་མཐའ་སེལ་རྒྱུ་དེ་ཡིན་པས། ང་ཚོ་ཚང་མར་ལས་འགན་འདྲ་མིན་ཡོད་པ་ལྟར། ཕྱི་དྲིལ་ལས་ཁུངས་ཀྱི་འོས་འགན་ནི་འཛམ་གླིང་ནང་བོད་དོན་དྲིལ་བསྒྲགས་དང་རྒྱལ་སྤྱིའི་གཞུང་དང་མང་ཚོགས་ཁྲོད་བོད་དོན་རྒྱབ་སྐྱོར་འཚོལ་ཐབས། ལྷག་པར་དུ་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་བོད་དོན་གོ་རྟོགས་སྤེལ་རྒྱུ་ཆགས་བསྡད་ཡོད། ནང་སྲིད་ལས་ཁུངས་ཡིན་ན་ས་གནས་བོད་མིའི་བདེ་བ་དང་སྡུག་བསྔལ་ལ་གཟིགས་རྟོགས་གནང་རྒྱུ་དང་། འཕྲོད་བསྟེན་ཡིན་ན་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལ་གཟིགས་རྟོགས་གནང་རྒྱུ། ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་ལ་གཟིགས་དགོས་པ་ནང་ལྟར་རང་རང་སོ་སོར་ལས་འགན་ཡོད། དཔེ་ན་རླངས་འཁོར་ཞིག་ལ་ཆ་བཞག་ན་གཅུར་གཟེར་ཆུང་ཆུང་ཞིག་འཕྲོད་བརླག་ཏུ་ཕྱིན་ཚེ། རླངས་འཁོར་འགྲོ་ཐུབ་ཀྱི་མེད། བོད་པའི་སྤྱི་ཚོགས་ནང་རང་རང་སོ་སོར་འགན་རེ་ཡོད་པ་ལྟར། བོད་མི་ཤེས་ཡོན་ཅན་ཞིག་འཐོན་པ་ཡིན་ན། བོད་པའི་དཔལ་འབྱོར་དང་འཕྲོད་བསྟེན། རིག་གཞུང་སོགས་ལ་ཕན་ཐོགས་ཀྱི་ཡོད། དེར་བརྟེན། ང་ཚོ་ཚང་མས་སོ་སོའི་སྡེ་ཚན་དུ་ཧུར་ཐག་བྱས་པ་ཡིན་ན་བོད་ཀྱི་རྩ་དོན་འགྲུབ་པར་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་རེད་ལ། བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ང་ཚོ་ཚང་མས་ཧུར་ཐག་འབད་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དྭགས་པོ་བསོད་ནམས་ནོར་བུ་མཆོག་ནི་་ཕྱི་ལོ་ ༡༩༨༨ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཆབ་སྲིད་སྡེ་ཚན་གྱི་རྒན་དྲུང་དུ་ཐོག་མར་བསྐོ་བཞག་གནང་ཡོད་པ་དང་།  ཕྱི་ལོ་ ༡༩༩༠ ལོར་གནས་རིམ་སྤར་ཏེ་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་དང་ཟུང་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༣ ལོར་ཨ་རིར་གཞུང་འབྲེལ་སློབ་སྦྱོང་དུ་ཕེབས། ཕྱི་ལོ་ ༡༩༩༤ ལོར་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་འབྲེལ་མཐུད་འགན་འཛིན་དུ་བསྐོས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་དང་། ཕྱི་ལོ་ ༡༩༩༩ ལོ་ནས་ ༢༠༠༤ བར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་དྲུང་ཆེའི་ཕྱག་ལས་གནང་།  ཕྱི་ལོ་༢༠༠༩ ལོར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོས་བ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཕྱི་འབྲེལ་དྲུང་ཆེ་ཡི་ཕྱག་ལས་གནང་ཡོད་པ་བཅས། བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༣༧ ཙམ་གྱི་རིང་ཕྱག་ལས་གནང་ཡོད་པ་དང་། དེ་སྔོན་བོད་རྒྱ་ཞི་མོལ་ཆེད་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གནང་སྟེ་རྒྱ་ནག་ཏུའང་ཕེབས་མྱོང་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༩ ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཕུད་པའི་ངོ་ཡོད་སྤྱི་འཐུས་ ༤༢ ཀྱིས་འོས་ཤོག་བླུགས་པ་བརྒྱུད། དྭགས་པོ་བསོད་ནམས་ནོར་བུ་མཆོག་ཁྲིམས་ཞིབ་པ་ཆེ་བར་མང་མོས་འདེམས་ཐོན་བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. དཔའ་རྒོད says:
    ལོ་ 5 སྔོན།

    ༄། ངས་སྔོན་མ་ནས་ཞུ་ཡིན། སྤྱི་ཚོགས་ནང་ལ་ཟང་ཟིང་མ་བྱས་དང་ཉིན་གཅིག་རྒེན་ཡོལ་ལ་ཕེབས་ངེས་རེད། ཁོང་དགུང་ལོ་རེ་ལྔར་ཟིན་པར་ཉེ་བར་འདུག། གང་ལྟར་བཀའ་སྤྱི་གཉིས་དེ་ཕེབས་ཐུབ་པ་ལ་ཁོང་གི་མཐུན་འགྱུར་ཡག་པོ་ཞུ་ཡོད་པར་གུས་པས་ངོ་འཛིན་ཞུ་བཞིན་ཡོད། ད་ཁྲི་ཟུར་ནས་ཕེབས་ཙང་ཟུར་དུ་བཞུག་ནས་གཞུང་འགྲེལ་འོས་འགན་འདྲ་མེད་ན་མ་ཏོག་དགེ་སྒྲུབ་ཁོ་ན་ལ་འབེད་ན་བཟང་ངེས། གང་ལྟར་བཀའ་དྲིན་ཆེའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese