མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོ་སྲུང་གཙི་བྱས། 

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོ་འགོད་ནང་གཉན་ནད་རེག་དུག་གི་ནད་པ་གྲངས་ ༥༣ ཡོད་པ་རྣམས་ལ་ལྟ་སྐྱོང་མཐུན་འགྱུར་གང་ལེགས་གནང་མུས་ཡིན་ལ་སྤྱི་ཚོགས་ཀྱིས་ཀྱང་ཁོང་ཚོར་བྱམས་བརྩེའི་སྒོ་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་།

Observation of the world Aids day in Dharamshala on 1st December 2021

དེ་རིང་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། རྡ་ས་ས་གནས་བུད་མེད་ལྷན་ཚོགས། ཀུན་ཕན་ནད་གསོ་ཁང་བཅས་མཉམ་རུབ་ཀྱི་ཐོག་ནས་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོ་སྲུང་གཙི་བྱས་པ་དང་འབྲེལ། འཕྲེད་དར་སོགས་འཕྱར་ནས་རྡ་སའི་ཁྲོམ་གཞུང་དུ་གོམ་བགྲོད་བྱས་པ་དང་། མི་མང་ལ་ཡིག་ཆ་སོགས་འགྲེམ་སྤེལ་བྱས་ཏེ། གཉན་ནད་རེག་དུག་ཁྱབ་གདལ་སོགས་མི་འགྲོ་སླད། ཚང་མས་སོ་སོའི་འཕྲོད་བསྟེན་དང་བདེ་ཐང་སོགས་ལ་ཡིད་འཇོག་བྱེད་དགོས་པའི་རེ་སྐུལ་བྱས་སོང་།

 བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་སྔོན་འགོག་ཐབས་ལམ་དང་ནད་གཞི་ཕོག་པའི་ནད་པ་རྣམས་ལ་དགོས་གལ་སྨན་བཅོས་ཀྱི་མཐུན་འགྱུར་སོགས་བསྐྲུན་བཞིན་ཡོད་པས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོ་འགོད་ནང་ནད་པ་གྲངས་ ༥༣ ཡོད་པ་དང་ཁོང་རྣམས་ལ་ལྟ་སྐྱོང་དང་མཐུན་འགྱུར་ཞུ་མུས་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཆེ་ཁག་ནང་གཉན་ནད་རེག་དུག་ནད་འབུ་ཡོད་མེད་བརྟག་དཔྱད་བྱེད་རྒྱུའི་མཐུན་འགྱུར་ཡོད་པ་དང་། སྨན་ཁང་གི་སྨན་ཞབས་པ་རྣམས་ལ་ནད་གཞི་དང་འབྲེལ་བའི་སློབ་སྟོན་གནང་ཕྱོགས་ཐད་ཟབ་སྦྱོང་ཐེངས་མང་ཕུལ་ཡོད་པས་མང་ཚོགས་ནས་དེ་དོན་ཆ་ཤས་བཞེས་ལེན་ཐུབ་པ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཁྱབ་ཁོངས་སྨན་ཁང་བརྒྱུད་ནད་པར་དབྱེར་མེད་ཐོག་ལྟ་རྟོག་དང་རོགས་རམ་ཞུ་བཞིན་ཡོད་ནའང་། སྤྱི་ཚོགས་ནང་ནད་པར་ལྟ་སྟངས་དང་སྤྱོད་ཚུལ་དབྱེ་འབྱེད་བྱེད་སྐབས་ཡིད་གཟབ་དང་དོགས་གཟོན་ངེས་པར་དུ་གནང་དགོས་པ་དང་།  དེ་རིང་རྒྱལ་སྤྱིའི་གཉན་ནད་རེག་དུག་ཉིན་མོར་མང་ཚོགས་ནང་གཉན་ནད་རེག་དུག་གི་ནད་གཞིར་གོ་རྟོགས་ཡོད་པའི་ཐོག་སྔོན་འགོག་ཐུབ་ཐབས་དང་། ནད་པར་བྱམས་བརྩེའི་སྒོ་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་སོགས་བཀོད་འདུག

འདི་གའི་གསར་འགོད་པས་ཀུན་ཕན་ནད་གསོ་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་གཉན་ནད་རེག་དུག་སོགས་ཀྱི་ནད་གཞིར་བོད་མིའི་སྒྲིག་འཛུགས་དང་། ཀུན་ཕན་ནད་གསོ་ཁང་སོགས་ནས་གོ་རྟོགས་སྤེལ་མུས་ཡིན་པ་ལྟར། ལས་འགུལ་དེ་ཡིས་སྤྱི་ཚོགས་ནང་ཤུགས་རྐྱེན་ཅི་ཙམ་ཡོང་ཐུབ་ཀྱི་ཡོད་སོགས་དྲིས་པར་ཁོང་གིས། ལས་འགུལ་དེ་དག་གིས་མི་མང་གི་ཁྲོད་དུ་ཤུགས་རྐྱེན་བརྒྱ་ཆ་བརྒྱ་ཐམ་པ་སྤྲད་ཐུབ་ཀྱི་རེད་བསམ་གྱི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། སྔོན་མ་ས་གནས་མགོ་འཛིན་བྱེད་སྐབས་ཁོར་ཡུག་གི་སྐོར་ལ་གོ་རྟོགས་སྤེལ་ནས་མི་མང་ལ་གོ་རྟོགས་ཡག་པོ་བྱུང་ཡོད་པས། ད་ལན་གྱི་ལས་འགུལ་སྤེལ་སྟངས་གཅིག་པ་གཅིག་རྐྱང་བྱས་ནས་སྤེལ་བ་ཡིན། ནད་ཡམས་རྐྱེན་གྱིས་ལོ་གཉིས་ཙམ་ལས་འགུལ་སྤེལ་ཐུབ་མ་སོང་། ཞེས་དང་། ཕྱི་ལོ་ ༢༠༡༢ ལོར་ཀུན་ཕན་གྱི་འགན་བླངས་པ་ནས་བཟུང་ལོ་ལྟར་གཉན་ནད་རེག་དུག་དང་། མྱོས་རྫས་སོགས་རྒྱལ་སྤྱིའི་དུས་དྲན་དེ་དག་ལ་ལས་འགུལ་སྤེལ་བར་བརྟེན། མི་མང་ལ་ཕན་ཐོགས་བརྒྱ་ཆ་བརྒྱ་ཡོད་མེད་བཤད་ཁག་པོ་ཡིན་ཡང་། མུ་མཐུད་ནས་ལས་འགུལ་སྤེལ་ན། མི་མང་ལ་ཕན་ཐོགས་ཡོད་པ་དང་མང་ཚོགས་ཀྱིས་ཀྱང་མཉམ་རུབ་བྱས་ཚེ་ཕན་འབྲས་ཆེན་པོ་ཡོད་སྐོར་སོགས་གསུངས་བྱུང་།

དེ་བཞིན་རྡ་ས་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ། ཀུན་ཕན་ནད་གསོ་ཁང་གི་སློབ་ཕྲུག་དང་ལས་བྱེད་ཁག་ཅིག་གིས། རྒྱུན་ལྡན་གྱི་འཚོ་བའི་ནང་འབྱུང་མུས་ཡིན་པའི་གནད་དོན་ལ་གཞི་བཞག་སྟེ། གཉན་ནད་རེག་དུག་ཇི་ལྟར་འགོས་ཁྱབ་བྱུང་གི་ཡོད་མེད་དང་འབྲེལ་བའི་གཏམ་བརྗོད་ཅིག་འཁྲབ་པ་བརྒྱུད། མི་མང་གིས་གཉན་ནད་སོགས་ལས་རང་སྲུང་བྱེད་ཆེད་དུ་སྨན་ཁབ་དང་། སྨ་ར་བྲེག་བྱེད་སོགས་གཡར་རེས་བྱེད་མི་ཉན་པ་དང་།  འཁྲིག་སྤྱོད་སོགས་བྱེད་སྐབས་ངེས་པར་དུ་སྲུང་ཤུབ་གྱོན་པ་གཏམ་བརྗོད་ཀྱི་ལམ་ནས་གསལ་སྟོན་བྱས་སོང་ལ། རྡ་ས་ཁུལ་གྱི་མི་མང་རྣམས་ལ་གཉན་ནད་དང་། གཅིན་སྙི། ཁྲག་ཤེད་ཀྱི་ནད་སོགས་རིན་མེད་ཀྱི་ཐོག་ནས་བརྟག་དཔྱད་དང་། རིན་མེད་ཀྱི་ཐོག་ནས་ཁ་རས་དང་། སྲུང་ཤུབ། གཉན་ནད་དང་འབྲེལ་བའི་ཡིག་ཆ་སོགས་བགོ་འགྲེམ་བྱས་སོང་ལ། དེ་རིང་གི་ལས་འགུལ་དེ་བརྒྱུད་མེག་གྷན་དང་ནོར་གླིང་། གངས་སྐྱིད་སོགས་སུ་ཡོད་པའི་མི་མང་རྣམས་ལ་གཉན་ནད་རེག་དུག་གི་སྐོར་ལ་གོ་རྟོགས་སྤེལ་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༤ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese