མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མི་འབོར་ཇེ་ཉུང་ལ་འགྲོ་བཞིན་པའི་གནས་ཚུལ་འཁྲུག་པོ་འདི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་འབྲེལ་བ་གང་ཡོད་དམ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་སྒྱུར་བ། བློ་བཟང་ལུང་རྟོགས།

རྒྱ་ནག་གི་དཀའ་རྙོག་ཆེན་པོ་ཞིག་ནི་ཁོ་ཚོ་དྲག་རྩུབ་ཆེ་བ་དང་མཛའ་གྲོགས་ཀྱི་རྣམ་པ་དང་མི་ལྡན་པ་དེ་མ་རེད། རྒྱལ་ཁབ་མང་པོ་ཞིག་དེ་ལྟར་རེད། འོན་ཀྱང་། ཁོ་ཚོའི་མི་འབོར་ཆེན་པོ་ཞིག་ཇེ་ཕྱུག་ལ་འགྲོ་བཞིན་པར་བརྟེན་དཔལ་འབྱོར་དང་དམག་དོན་གྱི་ལྗིད་ཁོག་ཅིག་སླེབས་བཞིན་ཡོད་པ་དེ་རེད།ཡིན་ན་ཡང་། མི་འབོར་ཆེན་པོ་དེ་ཇེ་ཆུང་ལ་འགྲོ་ཉེར་ཡོད་པ་དང་ཕལ་ཆེར་མགྱོགས་མྱུར་ངང་འགྲོ་སྲིད་པ་ཞིག་རེད། ཅི་ཙམ་གྱིས་ཇེ་ཉུང་ལ་སོང་བ་དེ་ཙམ་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་རྣམས་དང་ལྷན་དུ་རྩོད་ལེན་བྱེད་རྒྱུ་ཡང་ཇེ་ཉུང་ལ་འགྲོ་ངེས། འདིར་ང་ཚོས་གླེང་བཞིན་པ་ནི་མི་ལོ་བཅུ་ཕྲག་ཁ་ཤས་རྗེས་སུ་འབྱུང་སྲིད་པ་ལས། ཕྱི་ལོ་༢༠༢༠ དང་༢༠༣༠ ནང་གི་བློ་འཚབ་ཆེ་བའི་ཐབས་ཇུས་ཀྱི་གནས་སྟངས་དེ་མ་རེད་ལ། མི་འབོར་གྱི་འགྱུར་ལྡོག་གིས་དེ་ལ་ཤུགས་རྐྱེན་ཆེན་པོ་མི་ཐེབས། འོན་ཀྱང་། གནད་དོན་འདི་ལ་བསམ་བློ་གཏོང་རིན་ཆོག་པ་ཞིག་ཡིན་པ་སྟེ། རྒྱ་ནག་ནི་ང་ཚོར་མཚོན་ན་ཕུགས་རྒྱང་རིང་པོའི་དཀའ་རྙོག་ཅིག་རེད།

ན་ནིང་ཁོ་ཚོའི་མི་འབོར་གྱི་གྲངས་ཚད་དུང་ཕྱུར་༡༤་༡༢ ལ་སླེབས་ཡོད་པ་དང་། ཆེད་ལས་མཁས་པ་མང་པོ་ཞིག་གིས་ ༢༠༢༥ ལོར་དེ་ལས་མང་པ་ཡོང་བའི་ཚོད་དཔག་བྱེད། ཕྲུ་གུ་སྐྱེས་ཚད་ནི་ལོ་རབས་དགུ་བཅུ་བའི་དུས་འགོར་བུད་མེད་རེར་ཕྲུ་གུ་སྐྱེས་ཚད་༢་༡ དང་བསྡུར་ན་ཅུང་དམའ་བ་ཡོད་མོད། མི་འབོར་གྱི་འཕེལ་ཕྱོགས་ནི་ཚད་གཞི་དེ་བརྒྱུད་རྗེས་དུས་ཡུན་གང་འཚམས་རིང་མུ་མཐུད་འཕར་སྣོན་བྱུང་བའི་འགུལ་ཤུགས་ཤིག་སླེབས་ཡོད། འོན་ཀྱང་། དུས་ཚོད་དེ་ད་ལྟ་རྒྱ་ནག་ནང་རྫོགས་འགྲོ་བཞིན་ཡོད་པར་སྣང་ཞིང། ཧ་ལས་དགོས་པ་ཞིག་ལ་ཕྲུ་གུ་སྐྱེས་ཚད་ཇེ་དལ་ལ་འགྲོ་བའི་ཚད་ནི་ཧ་ཅང་མགྱོགས་པ་དེ་རེད།

ན་ནིང་གི་མི་འབོར་ཞིབ་བཤེར་ལྟར་ན། རྒྱ་ནག་གི་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་ཚད་ ༡་༣ མར་ཆག་པ་དེ་ནི། སྐད་གྲགས་ཆེ་བའི་འཇར་པན་གྱི་མི་འབོར་མར་ཆག་པའི་ཚད་ལས་ཀྱང་དམའ་བོར་གྱུར་ཡོད། (ཨོ་སི་ཊོ་ལི་ཡའི་ཕྲུ་གུ་སྐྱེས་ཚད་༡་༦༦ ཡིན་ན་ཡང་། ང་ཚོས་ཕྲུ་གུ་ཉུང་སྐྱོན་ཁ་གསབ་ཆེད་གཞིས་སྤོ་བ་གང་མང་ལེན་བཞིན་ཡོད) རྒྱ་ནག་ལ་ཕྲུ་གུ་ཉུང་བའི་རྒྱུ་མཚན་ནི་མི་མང་པོ་ཞིག་གི་བསམ་པ་ལྟར། མིང་གྲགས་ཆེ་བའི་ཕྲུ་གུ་གཅིག་གི་སྲིད་ཇུས་དང་ཁོ་ཚོའི་སྲིད་གཞུང་གི་སྐྱོན་ཆ་ཁོ་ན་ཙམ་མིན། ཁོ་ཚོ་ད་ལྟ་ལོ་ན་རྒས་པའི་མི་འབོར་འཕར་ཚད་ཀྱི་དཀའ་ངལ་ལས་གཉིད་སད་བཞིན་པ་དང་མི་འབོར་དང་འབྲེལ་བའི་དམ་བསྒྲགས་མང་ཆེ་བ་ཇེ་ལྷོད་དུ་གཏོང་བཞིན་ཡོད།

འདས་བའི་མི་ལོ་བཅུའི་རིང་ཕྲུ་གུ་སྐྱེས་བའི་ཚད་བཀག་ལ་གུ་ཡངས་བཏང་བ་དེས་མི་འབོར་འཕར་ཚད་ལ་ཁྱད་པར་དེ་ཙམ་བཟོ་ཐུབ་མེད་པར་མངོན་ལ། རྒྱ་ནག་གི་བཟའ་ཚང་རྣམས་ཕྲུ་གུ་གཅིག་གིས་འདོད་པ་ཁེངས་ཡོད་པའི་སྣང་ཚུལ་ཇེ་གསལ་ལ་འགྲོ་བཞིན་ཡོད།  ཁོ་ཚོས་ནམ་རྒྱུན་ཕྲུ་གུ་དེ་ལས་མང་བ་སྐྱེས་རྒྱུར་འགྲོ་སོང་གཏོང་ཐུབ་པ་མི་འདུག་ཅེས་བརྗོད་ཀྱི་ཡོད། གནས་ཚུལ་འདི་ནི་གྲོང་ཁྱེར་ནང་སྔ་ས་ནས་འཆར་ཅན་ལྟ་བུར་གྱུར་ཡོད་ལ། ད་ལྟ་གྲོང་གསེབ་ཁག་གི་ནང་དུ་ཡང་བསམ་ཚུལ་དེ་ཁྱབ་བརྡལ་ལ་འགྲོ་བཞིན་ཡོད། རྒྱ་ནག་ལ་ཡོད་པའི་ངའི་ངོ་ཤེས་པ་མང་པོའི་ཁྲོད་ཀྱི་བཟང་ཚང་གཅིག་ཁོ་ནར་ཕྲུ་གུ་གཉིས་ཡོད་པ་དང་། གནས་སྟངས་འདིར་མཚོན་ན་ཁོ་ཚོར་དངུལ་གྱི་དཀའ་ངལ་གང་ཡང་མེད། ཕྲུ་གུའི་ཨ་མ་ཡི་ཁྱིམ་ཚང་དེ་ཧ་ཅང་ཕྱུག་པོ་ཞིག་རེད།

ཕྱི་ལོ་༢༠༡༣ ལོའི་རྗེས་ནས་བཟུང་བཟའ་ཚང་གང་རུང་ལ་སྤུན་མཆེད་མེད་ཚེ། གྲོང་ཁྱེར་ས་ཁུལ་དུ་ཕྲུ་གུ་གཉིས་སྐྱེས་པ་ནི་ཁྲིམས་མཐུན་དུ་གྱུར་ཡོད། ངས་གྲོགས་པོ་ཞིག་ལ་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ཁེ་ཕན་དེ་ལོངས་སུ་སྤྱད་ནས། ཁོང་གཉིས་ཀྱི་བུ་ཆུང་ལ་སྤུན་ཆུང་ངམ་སྲིང་ཆུང་མ་ཞིག་སྐྱེས་རྒྱུ་ཡིན་མིན་སྐོར་སྐད་ཆ་འདྲི་སྐབས། ངའི་བསམ་ཚུལ་དེས་ཁོ་རང་ཧང་སང་བཅུག་སོང་། (ཁོང་གིས་རང་ཉིད་འཛམ་གླིང་གི་མི་སེར་སྣ་ཆེ་ཤོས་ཨང་དང་པོ་ཡིན་པར་ཁས་ལེན་པ་དང་། ཧང་སང་དགོས་པ་ཞིག་ལ་ཁོས་དེ་ལ་སྤོབས་པ་བྱེད)

སྤྱིར་བཏང་གི་ཚད་བཀག་དེ་ཕྱི་ལོ་༢༠༡༥ མཇུག་ནས་བཟུང་བཟའ་ཚང་གང་རུང་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པར་གྱུར་བ་དང། ལོ་དེར་རྒྱ་ནག་ལ་ཕྲུ་གུ་ས་ཡ་༡༦་༦ སྐྱེས། འོན་ཀྱང་། ཁྲིམས་སྒྲིག་ལ་འགྱུར་བ་བཏང་བ་ཡིས་ཕྲུ་གུ་སྐྱེས་ཚད་གནས་སྐབས་ཙམ་རིང་ཅུང་ཟད་ཡར་འཕར་ན་ཡང་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་མ་ཐུབ། ཕྱི་ལོ་༢༠༢༠ ནང་རྒྱ་ནག་གིས་ཕྲུ་གུ་ས་ཡ་༡༢ ཙམ་ལ་ཕེབས་བསུ་བྱས་པ་དང་། དེ་ནི་ལོ་ལྔའི་ནང་ཚུད་ལ་བརྒྱ་ཆ་༢༨ ཙམ་མར་ཟགས་པ་རེད། ད་ལྟ་རྣམ་གྲངས་ཀྱི་གནས་ཚུལ་མང་པོ་ཞིག་ཐོན་བཞིན་པའི་ནང་མི་འབོར་དེ་ཤུགས་ཆེན་པོའི་སྒོ་ནས་མར་ཟགས་བཞིན་ཡོད་པ་མཐོང་ཐུབ།

མི་འབོར་ཧ་ཅང་མང་བའི་རྒྱ་ནག་གི་དབུས་ཤར་ཞིང་ཆེན་ཨན་ཧུའེ་ནང་། ཕྱི་ལོ་༢༠༢༡ ནང་ཕྲུ་གུ་སྐྱེས་ཚད་དེ་ན་ནིང་ལས་བརྒྱ་ཆ་༡༨ ཀྱིས་ཇེ་ཉུང་ལ་སོང་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག  ཧོང་ཀོང་ལ་རྟེན་གཞི་བྱས་པའི་ “རྒྱ་ནག་ལྷོ་ཕྱོགས་ཀྱི་ཞོགས་པའི་ཚགས་ཤོག་” ཅེས་པའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བ་ལྟར་ན། “དེའི་སྔོན་གྱི་ལོ་བཞིའི་ནང་ཕྲུ་གུ་སྐྱེས་པའི་གྲངས་འབོར་བརྒྱ་ཆ་༤༦ ཙམ་མར་ཆག་ཡོད་” ཟེར། ཨེན་ཧུའེ་ཞིང་ཆེན་གྱི་སྲིད་གཞུང་གིས་ཕྲུ་གུ་སྐྱེས་ཚད་ཟགས་བཞིན་པ་དེ་གཡང་གཟར་ནས་མར་ལྷུང་བ་ལྟ་བུ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད། ཧེ་ནན་གྱི་ཕྲུ་གུ་སྐྱེས་སའི་སྨན་ཁང་ནས་ཐོན་པའི་གྲངས་འབོར་ཀྱང་དེ་དང་གཅིག་མཚུངས་རེད། ཧེ་ནན་ནི་ཞིང་ཆེན་ཧ་ཅང་ཆེན་པོ་ཞིག་ཡིན། ཀུའེ་དབྱང་གྲོང་ཁྱེར་(ཀོང་ཀྲིག་ཞིང་ཆེན་གྱི་ལྟེ་གནས) ནས་ཀྱང་གནས་ཚུལ་དེ་འདྲ་ཐོན་ཡོད།

སི་ཌི་ནེའི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་པ་ལྕམ་སྦེ་ལུའུ་མཆོག་གིས་གསུང་དོན། “སྤྱིར་བཏང་སྐྱེ་འཆིའི་གྲངས་ཚད་ཀྱི་རེའུ་མིག་ལ་དེ་ལྟར་མགྱོགས་པོར་འགྱུར་ལྡོག་མི་འབྱུང་བས་ན། ང་ཚོས་༢༠༢༡ ཀྱི་གྲངས་འབོར་ལ་གཟབ་ནན་སྒོ་ནས་བལྟ་རྒྱུ་གལ་གནད་ཆེ་” ཞེས་གསུངས། ཁོ་མོས་ “དཔེར་ན། རྒྱ་ནག་གི་མི་མང་རྣམས་ལས་ཀའི་ཆེད་གནས་སྤོ་བྱེད་ཀྱི་ཡོད་པར་བརྟེན། སྲིད་གཞུང་གིས་ས་ཁུལ་བྱེ་བྲག་པ་ཞིག་གི་ནང་མི་འབོར་གྱི་གནས་ཚུལ་ཅི་ཞིག་འབྱུང་བཞིན་པ་གསལ་པོ་བཟོ་རྒྱུ་ཁག་པོར་གྱུར་ཡོད་” ཅེས་གསུངས། ད་དུང་ནད་ཡམས་ཀྱི་ཤུགས་རྐྱེན་ཞིག་ཐེབས་ཡོད་སྲིད་པ་སྟེ། ཕྱི་ལོ་༢༠༢༠ ཡི་ལོ་སྟོད་ལ་རྒྱ་ནག་གི་སྒོ་རྒྱ་བསྡམས་པ་དེས་ཉུང་མཐར་ཡང་ཟླ་བ་ཁ་ཤས་རིང་ཕྲུ་གུ་བཟོ་བར་གནོན་སྐྱོན་བཏང་བར་མངོན། གང་ལྟར། མི་འབོར་ཇེ་ཉུང་ལ་འགྲོ་རྒྱུ་ཡིན་པ་དེ་ཐེ་ཚོམ་བྱེད་མི་དགོས་པ་ཞིག་ཡིན་མོད། དྲི་བ་ནི་ཅི་འདྲའི་མགྱོགས་པོ་འགྲོ་མིན་དེ་རེད།

རྒྱ་ནག་གི་ཞན་ཅའོ་ཏུང་སློབ་ཆེན་གྱི་ཞིབ་འཇུག་པ་ཚོས་གསུང་བ་ལྟར་ན། གལ་སྲིད་ཕྲུ་གུ་སྐྱེས་ཚད་༡་༣ བསྡད་པ་ཡིན་ན། ལོ་རབས་དྲུག་ཅུ་བའི་ (༢༠༦༠ ནང་) དུས་དཀྱིལ་དུ་མི་འབོར་ཕྱེད་ཀ་ཙམ་གྱི་ཇེ་ཉུང་དུ་འགྲོ་རྒྱུ་རེད་འདུག  ཞིབ་འཇུག་མི་སྣ་གཞན་ཁག་ཅིག་གི་ཚོད་དཔག་ནི་དེ་ཙམ་སྡུག་པོ་མིན་པ་དང་། ཁོ་ཚོས་ཕྲུ་གུ་སྐྱེས་ཚད་འཕེལ་རྒྱས་ལ་འགྲོ་བར་འདོད་ཀྱི་ཡོད་མོད། གནས་སྟངས་དེ་ཕལ་ཆེར་ཡོང་མི་སྲིད་པ་ལྟ་བུར་མངོན། ཞན་ཅའོ་ཏུང་སློབ་ཆེན་གྱི་ཞིབ་འཇུག་པ་ཚོས་གསུང་བ་ལྟར་ན། གལ་སྲིད་ཕྲུ་གུ་སྐྱེས་ཚད་དེ་༡་༠ ཡིན་པར་ཆ་བཞག་ན་ཕྱི་ལོ་ ༢༠༥༠ སླེབས་དུས་མི་འབོར་ས་ཡ་༧༠༠ ཙམ་ལ་མར་ཆགས་རྒྱུ་ཡིན་འདུག

མི་འབོར་ཅུང་ཉུང་བའི་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་ཙམ་དཀའ་ངལ་ཞིག་མིན་ན་ཡང་། དེ་ལྟ་བུའི་དུས་ཚོད་ཅིག་མ་སླེབས་གོང་མངའ་ཁུལ་འདིར་ཡོད་པའི་རྒྱལ་ཁབ་རྣམས་རྒྱ་ནག་གི་གཤམ་འོག་ཏུ་སྡོད་མཁན་ཞིག་ལ་འགྱུར་རྒྱུ་ལས་ཇི་ལྟར་གཡོལ་ཐུབ་མིན་བསམ་གཞིག་གཏོང་གི་ཡོད་ཚོད་རེད། རྒྱལ་ཁབ་དེ་ཚོ་མང་ཆེ་བར་མི་འབོར་ཇེ་ཉུང་ལ་འགྲོ་བའི་དཀའ་རྙོག་ནང་ལྷུང་གི་ཡོད། དེ་ཚོའི་ཁྲོད་ལྷོ་ཀོ་རི་ཡ་སྡུག་ཤོས་ལྟ་བུ་ཡིན་ལ། ཁོ་ཚོའི་བུད་མེད་རེ་རེའི་ཕྲུ་གུ་སྐྱེས་ཚད་ཆ་སྙོམས ༠་༨༤ ཙམ་རེད།

ད་དུང་མི་འབོར་ཇེ་ཉུང་སོང་མིན་ལ་མ་བལྟས་པར་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ནས་ཡར་རྒྱས་ལ་སོང་ནས་ནུབ་ཕྱོགས་པ་ཚོའི་རྗེས་སུ་སྙེགས་རྒྱུ་ཡིན་མོད། དེའི་མགྱོགས་ཚད་ཅི་འདྲ་ཞིག་ཡིན་མིན་ནི་དྲི་བ་ཆེན་པོ་གཞན་ཞིག་རེད།

མི་འབོར་གྱི་དཀའ་ངལ་གྱིས་ད་ལོའི་རྒྱ་ནག་གི་སྲིད་བྱུས་ཁ་ཤས་ལ་འགྲེལ་བཤད་བརྒྱབ་ཡོད། དུས་ཚོད་ཚད་ལས་བརྒལ་ཏེ་ལས་ཀ་བྱས་མི་ཆོག་པའི་ཁྲིམས་གཞི་བསྡམས་པར་བརྟེན། བཟའ་ཚང་ཚོར་ཕྲུ་གུ་གསོ་སྐྱོང་བྱེད་པར་ཅུང་སྟབས་བདེ་རུ་འགྲོ་བ་དང། སློབ་གྲྭའི་ཟུར་ཁྲིད་ཐོག་འཛིན་པའི་སྲིད་བྱུས་ཀྱིས་ཁོ་ཚོའི་འགྲོ་སོང་ཇེ་ཉུང་ལ་བཏང་ཡོད།

ད་ལྟ་དར་ཁྱབ་ཏུ་འགྲོ་བཞིན་པའི་གོམས་སྲོལ་གསར་བ་སྤྱི་དང་། ལྷག་པར་སྙན་གྲགས་ཆེ་བའི་གླུ་གཞས་འཁྲབ་སྟོན་པ་ཕོ་གསར་སྙིང་རྗེ་བོ་བཟོ་བའི་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་སྟེ། ཁོ་ཚོའི་ཤུགས་རྐྱེན་འོག་རྒྱ་ནག་གི་ཕོ་གསར་རྣམས་བུད་མེད་ལྟ་བུར་བསྒྱུར་བཞིན་པའི་བློ་འཚབ་བྱེད་ཀྱི་ཡོད། སྲིད་གཞུང་གི་དཔོན་རིགས་ཚོའི་སེམས་ནང་ཕོ་གཞོན་རྣམས་ཀྱིས་རྒྱས་ཤོམ་གྱི་སྐྲ་བཟོ་སྟངས་དང་། རྒྱན་ཆ་འདོགས་པ། མཛེས་བཟོ་བྱེད་པ་བཅས་བྱས་པ་དེ་ཡིས་ཕྲུ་གུའི་སྐྱེ་འཕེལ་ལ་བཀག་རྒྱ་བཟོ་བཞིན་ཡོད་པར་འདོད།

(གསལ་བཤད། དཔྱད་རྩོམ་འདི་ཁེན་སྦེ་རའི་དུས་བབ་སོགས་ཨོ་གླིང་གི་ཚགས་ཤོག་ཆེ་ཤོས་མང་ཆེ་བའི་ནང་དུས་གཅིག་ལ་སྤེལ་ཡོད་པ་དང་། རྩོམ་པ་པོ་སྦེར་ཌི་ལེ་ཕེ་རེ་ཊི(Bradley Perrett) ལགས་ནི་ཕྱི་ལོ་༢༠༠༤ ནས་༢༠༢༠ བར་པེ་ཅིང་དུ་རྟེན་གཞི་བྱས་པའི་གསར་འགོད་པ་ཞིག་དང་། རྒྱ་ནག་ཉམས་ཞིབ་པ་གྲགས་ཅན་ཞིག་ཡིན་པ་རེད།)

https://www.canberratimes.com.au/story/7535458/what-chinas-dramatic-population-decline-means-for-the-pacific/

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese