མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌ་གཞུང་གིས་ཀྱང་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཐོག་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རི་དང་དབྱིན་ཡུལ། ཁེ་ན་ཌ། ཨོ་གླིང་བཅས་ནས་ཕྱི་འབྲེལ་མི་སྣ་དང་སྐུ་ཚབ་གཏོང་རྒྱུ་མིན་པའི་ཐག་གཅོད་བྱུང་བ་གསལ་བསྒྲགས་གནང་།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་ཐབས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཚོན་ཆེད་ཨ་རིའི་གཞུང་འབྲེལ་མི་སྣ་པེ་ཅིན་དགུན་དུས་ཨོ་རྩེད་འགྲན་ཚོགས་ཐོག་མངག་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་དང་འབྲེལ། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱིས་ཀྱང་དེ་ལྟར་གནང་དགོས་པའི་འབོད་སྐུལ་གནང་བ་བཞིན། དེ་རིང་ཁེ་ན་ཌ་གཞུང་ངོས་ནས་ཀྱང་འཚོག་ལ་ཉེ་བའི་རྒྱ་ནག་གི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་ཐོག་ཕྱི་འབྲེལ་མི་སྣ་དང་སྐུ་ཚབ་གཏོང་རྒྱུ་མིན་པའི་ཐག་གཅོད་བྱུང་བ་གསལ་བསྒྲགས་གནང་འདུག་ལ། དབྱིན་ཡུལ་དང་ཨོ་གླིང་གཉིས་ནས་ཀྱང་དེ་བཞིན་གྱི་ཐག་གཅོད་བྱུང་བ་གསལ་བསྒྲགས་གནང་ཡོད་པ་རེད།

དེ་རིང་ཁེ་ན་ཌའི་སྲིད་བློན་སྐུ་ཞབས་རྗ་སི་ཊིན་ཊུ་ཌོ་(Justin Trudeau)མཆོག་གིས། ཁེ་ན་ཌ་གཞུང་གི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པར་བརྟེན། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་དུ་ཁེ་ན་ཌའི་གཞུང་གི་ངོས་ནས་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་ཨོ་ལིམ་རྩེད་འགྲན་ཐོག་ཕྱི་འབྲེལ་མི་སྣ་དང་སྐུ་ཚབ་གཏོང་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དང་། ཁེ་ན་ཌའི་རྩལ་འགྲན་པ་རྣམས་མཉམ་ཞུགས་བྱེད་ཆོག་གི་ཡོད་སྐོར་གསུངས་འདུག་ལ། ཁེ་ན་ཌའི་ཨོ་ལིམ་ཕིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་སྟེང་། ཁེ་ན་ཌའི་གཞུང་གི་ངོས་ནས་ཨོ་རྩེད་ནང་ཕྱི་འབྲེལ་མི་སྣ་དང་སྐུ་ཚབ་གཏོང་རྒྱུ་མིན་པའི་ཐག་གཅོད་དེ་ལ་བརྩི་བཀུར་ཡོད་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་མེ་ལཱ་ནི་ཇོའེ་ (Melanie Joly) ལགས་ཀྱིས། ཁེ་ན་ཌའི་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་དང་། རྒྱ་ནག་ལ་ང་ཚོའི་ངོས་ནས་ཡུ་གུར་མི་རིགས་རྣམས་ལ་ཉེས་མེད་ཉེས་འཛུགས་བྱས་པར་སེམས་འཚབ་ཡོད་པས་རྒྱ་ནག་ལ་བརྡ་ལན་སྤྲོད་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་རེད། ཅེས་གསུངས་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་ (Zhao Lijian)དང་ཝང་བུན་པིན་(Wang Wenbin)ཟེར་བ་གཉིས་ཀྱིས་སྔ་གཞུག་ཏུ་གཞི་མེད་སྐྱོན་འཛུགས་ལ་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་ཡོད་པའི་ནང་། ཨ་རིའི་གཞུང་གིས་རང་གི་གཞུང་འབྲེལ་སྐུ་ཚབ་རྣམས་པེ་ཅིན་དགུན་དུས་ཨོ་རྩེད་ནང་མི་གཏོང་རྒྱུའི་ཐག་གཅོད་དེ་ནི་རྫུན་གཏམ་དང་དཀྲོག་གཏམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ཨ་རིའི་ངོས་ནས་རྩེད་འགྲན་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་པེ་ཅིན་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་བར་ཆད་བཟོ་མི་ཉན་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་དང་རྒྱལ་སྤྱིའི་སྟེང་དུ་མཉམ་འབྲེལ་བྱ་འོས་པའི་གནད་དོན་གལ་ཆེན་གྱི་རིགས་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨ་རིའི་ཐག་གཅོད་དེར་རྒྱ་ནག་ངོས་ནས་ཡ་ལན་ཏན་ཏན་སློག་རྒྱུ་ཡིན་སྐོར་བརྗོད་འདུག

ཁེ་ན་ཌའི་གཞུང་ནས་ཨོ་ལིམ་ཕིག་རྩེད་འགྲན་ལ་ངོ་རྒོལ་གནང་བ་ད་ལན་ཐེངས་དང་པོ་རེད་མི་འདུག ཕྱི་ལོ་ ༡༩༨༠ ལོར་ཨུ་རུ་སུའི་དམག་གིས་ཨབ་གྷན་ནང་ཐེ་ཇུས་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག་ཁེ་ན་ཌས་གཞུང་འབྲེལ་ཐོག་ནས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ (Moscow) རུ་འཚོགས་གཏན་འཁེལ་བའི་དབྱར་དུས་ཨོ་ལིམ་ཕིག་རྩེད་འགྲན་ནང་མཉམ་ཞུགས་བྱས་མེད་པ་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌ་གཞུང་གིས། རྒྱ་ནག་གཞུང་འབྲེལ་གྱི་ཧཱ་ཝེ་འཕྲུལ་རིགས་བཟོ་ཚོང་ཁང་གི་ནོར་སྲིད་འགན་འཛིན་མེན་ཝན་ཀྲའོ་ (Meng Wanzhou) འཛིན་བཟུང་བཀག་ཉར་བྱས་པ་དང་། རྒྱ་ནག་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་མའེ་ཁེལ་ (Michael Kovrig) དང་མའེ་ཁེལ་སི་པཱ་ཝོར་ (Michael Spavor) གཉིས་འཛིན་བཟུང་གིས་ཁེ་ན་ཌར་རྒོལ་ལན་བསླགས། འདི་ལོའི་ཕྱི་ཟླ་ ༩ པའི་ནང་མེན་ཝན་ཀྲའོ་ཀློད་གྲོལ་བཏང་རྗེས། རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་མའེ་ཁེལ་ཀོབ་རིག་དང་སི་པཱ་ཝོར་གཉིས་ཀྱང་ཀློད་གྲོལ་བཏང་ཡོད་ནའང་། ཡུལ་གཉིས་ཀྱི་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་མི་མང་བར་གྱི་འབྲེལ་ལམ་བཅས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese