མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་རེའུ་མིག

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་བསྡུའི་རེའུ་མིག་བསྐྱར་སྒྲིག་བྱས་པའི་དྲྭ་ཚིགས་ཤིག་དབུ་འབྱེད་གནང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་བསྡུའི་རེའུ་མིག་བསྐྱར་སྒྲིག་བྱས་པའི་དྲྭ་ཚིགས་ཤིག་དབུ་འབྱེད་མཛད་སྒོའི་གསར་འགོད་གསལ་བསྒྲགས་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་ཆེད་བརྗོད་འདྲ་མཉམ་ཞེས་པ་བདམས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་གཙི་ཞུས་སོང་།

ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྟེང་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བྱས་ནས་ལོ་ ༧༣ འཁོར་བའི་ཉིན་མོ་དེ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཆགས་ཡོད་པ་རེད། དེ་རིང་གི་ཉིན་མོ་གལ་ཆེན་པོ་འདི་དང་སྟབས་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༡༩༩༠ ནས་ཉར་ཚགས་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ ༥༥༠༠ ལྷག་གི་གནས་ཚུལ་འཁོད་པའི་གནས་བསྡུས་རེའུ་མིག་ཅིག་དྲྭ་ཚིགས་སུ་བསྐྱར་སྒྲིག་བྱས་ཏེ་འདོན་སྤེལ་བྱེེད་ཀྱི་ཡོད་སྐོར་དང་། ང་ཚོའི་རྒྱལ་ཁབ་འདི་རྒྱ་ནག་གི་བཙན་འོག་ཏུ་ཡོད་པར་བརྟེན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དེ་ལོ་རེ་ནས་ལོ་རེ་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པས། དེ་རིང་གི་ཉིན་མོ་འདི་སོ་སོ་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་དྲན་གསོ་བྱས་པའི་ཉིན་མོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བའི་ནང་། ལོ་གཅིག་གི་ནང་བོད་ནང་གི་བོད་མི་ ༡༦༠ ཙམ་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་བཏང་བ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པའི་གནས་ཚུལ་ལག་སོན་བྱུང་སོང་། སྤྱི་ཡོངས་ཀྱིས་བོད་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། བསམ་བློའི་རང་དབང་སོགས་མེད་པ་ནི་ང་ཚོ་ཚང་མས་ཧ་གོ་ཡི་ཡོད་པ་རེད། འདི་ལོ་ཕྱི་ཟླ་ ༧ པའི་ནང་ཞི་ཅིན་ཕིང་བོད་དུ་ཡོང་སྟེ་ངེས་པར་དུ་བསྒྲུབ་དགོས་པའི་དོན་ཚན་དགུ་བགྲངས་པའི་ནང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་དང་རྒྱ་ནག་གི་འོག་ཏུ་མི་རིགས་མཐུན་སྒྲིལ་ཡོང་ཐབས་སུ་ཁ་གཡར་ནས་མི་རིགས་ཁག་གི་དབར་སྤེལ་རིས་དང་མཉམ་འདྲེས་བྱ་དགོས་པའི་སྐུལ་མ་ཤུགས་དྲག་བྱས་ཡོད་ཅིང་། བོད་མིའི་ངོ་བོ་རྩ་བརླག་ཏུ་བཏང་སྟེ་བོད་རིགས་རྒྱ་རིགས་སུ་བསྒྱུར་ཐབས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་བསྡུ་སྒྲུབ་ཀྱི་འདུ་ཤེས་ཟེར་བ་ཡོད་དགོས་ཟེར་ནས་བོད་ཀྱི་སྐད་ཡིག་སློབ་སའི་སྒེར་བཙུགས་སློབ་གྲྭ་མང་དག་ཅིག་རིམ་པས་སྒོ་བརྒྱབ་ཏུ་བཅུག་ཅིང་། བོད་ནང་གི་གཞུང་བཙུགས་སློབ་གྲྭ་ཁག་གི་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར། འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་བོད་ནང་གི་སྔོན་འགྲོའི་སློབ་གྲྭ་ཡན་ཆད་དུ་རྒྱའི་སྤྱི་སྐད་སློབ་དགོས་པའི་སྒྲིག་གཞི་བཟོས་ཤིང་རྒྱའི་སྤྱི་སྐད་དར་སྤེལ་གྱི་ཕྱོགས་ནས་བོད་རང་སྐྱོང་ལྗོངས་སོགས་སུ་ལས་འགུལ་གྱི་ཚ་རླབས་འཕྱུར་བ་སྤེལ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་ལྟ་བུའི་དགོན་སྡེ་ཁག་གི་ནང་དུའང་རྒྱའི་སྤྱི་སྐད་དར་སྤེལ་བཏང་སྟེ་རྒྱ་ཡིག་ཏུ་ནང་ཆོས་སློབ་གཉེར་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་དང་། ད་དུང་རྒྱ་ནག་གིས་སྒོ་ཤེར་རབ་རྒྱ་མཚོ་སོགས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་བོད་ཀྱི་ཤེས་ལྡན་མི་སྣ་གལ་ཆེན་མང་དག་ཅིག་དོན་མེད་དུ་འཇུ་བཟུང་བཙན་ཁྲིད་བྱས་ཤིང་། རྒྱ་དམག་གིས་བོད་མི་ཚོའི་ཁང་ཁྱིམ་དང་ཁ་པར་གང་བྱུང་བསྔོག་བཤེར་བྱས་ཏེ་༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྒྱུ་མཚན་གཙོ་བོར་བྱས་ནས་རྫ་དབོན་པོ་དང་སྐྱེ་དགུ་མདོ་སོགས་ནས་བོད་མི་བརྒྱ་ལས་བརྒལ་བ་འཇུ་བཟུང་བཀག་ཉར་བྱས་ཤིང་འགའ་ཤས་ཀྱི་གནས་སྟངས་ད་དུང་གསལ་ཁ་མེད་པར་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སུ་གྱུར་ཡོད། བོད་རིགས་ལས་བྱེད་པ་ཚོའི་ནང་མི་བུ་ཕྲུག་དང་བཅས་པ་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་འདི་ལོ་ལོ་གཅིག་ཁོ་ནའི་གནས་ཚུལ་ལ་བལྟས་ཀྱང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏན་ནས་མེད་པ་མ་ཟད་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་མངོན་གསལ་རེད། ཅེས་བརྗོད་སོང་།

དེ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་ཟླ་བ་ལགས་ཀྱིས་དྲ་ཚིགས་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་དོན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་དང་པོའི་ནང་དུ་མི་ཐམས་ཅད་སྐྱེས་དུས་ནས་རང་དབང་ཡིན་ལ་ཆེ་མཐོང་དང་ཐོབ་ཐང་འདྲ་མཉམ་ཡིན་ཞེས་འཁོད་ཡོད་པ་རེད། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་ཀྱི་སྲོག་ཤིང་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ ༢༠༣༠ ལོའི་ཡུན་གནས་གོང་འཕེལ་གྱི་དམིགས་ཚད་ཀྱི་སྙིང་པོའང་ཡིན། བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་མཚན་གཞུང་ཡོད་པའི་དྲྭ་ཚིགས་འདི་བསྐྱར་སྒྲིག་བྱས་པའི་གོ་རིམ་གྱི་ཁྲོད་ང་ཚོས་སྔ་མོ་ནས་ཉར་ཚགས་བྱས་པའི་ཡིག་ཚགས་རེ་རེ་བཞིན་ཞིབ་བཤེར་དང་སྐབས་སོ་སོའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་ཚུལ་སྔ་ཕྱི་བར་གསུམ་ཀུན་ལ་རྩད་ཞིབ་ནན་པོ་བྱས་ཏེ་གཟབ་ནན་ངང་བསྐྱར་སྒྲིག་བྱས་པ་ཡིན་པས་འདི་ནི་རྒྱ་ཆེའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམ་པ་དང་ཉམས་ཞིབ་པ་རྣམ་པ། ཕྱི་ནང་གི་ཚོགས་སྒེར་གྱི་མི་སྣ་སུས་གཟིགས་ཀྱང་དྲྭ་ཚིགས་འདི་ཉིད་འདས་པའི་མི་ལོ་ ༣༠ ལྷག་གི་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅི་འདྲ་ཡིན་མིན་གསལ་པོ་རྟོགས་བྱེད་དུ་ངོས་འཛིན་ཞུ་ཆོག་པ་ཡིན། ང་ཚོ་ལྟེ་གནས་ཁང་གིས་དེ་རིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་ཚུལ་གྱི་བདེན་དཔང་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཅེས་ནན་བརྗོད་བྱ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་དང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་འདོན་རོགས་ཞེས་རེ་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་སྐོར་དང་། བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་བསྡུའི་རེའུ་མིག་བསྐྱར་སྒྲིག་བྱས་པའི་དྲྭ་ཚིགས་འདིའི་ནང་གི་གནས་ཚུལ་རྣམས་ད་ལྟའི་ཆར་ (pin yin) དང་དབྱིན་ཡིག་ཏུ་ཡོད་སྐོར་དང་། རིམ་པས་བོད་ཡིག་ནང་གང་མགྱོགས་བོད་ཡིག་ཏུ་བཟོ་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese