མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཟེར་བས་ཁ་བྲལ་གྱི་ཁྲིམས་འགལ་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག་བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདས་ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ལོ་གཅིག་དང་ཟླ་གཅིག་ལྷག་འགོར་རྗེས། ད་གཞི་ནས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་བཅུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ད་ལྟའི་ཆར་ཁོང་ལྷ་སའི་ཉེ་འཁྲིས་ཀྱི་བཙོན་ཁང་ཞིག་ཏུ་བཅུག་ཡོད་པའི་གནས་ཚུལ་ཙམ་ལས་སྐུ་གཟུགས་གནས་སྟངས་དང་ཁོང་ལ་ག་དུས་ཁྲིམས་ཐག་བཅད་པ་དང་། ནག་ཉེས་ག་རེ་བཙུགས་ཡོད་མེད་སོགས་གང་ཡང་གསལ་ཁ་མེད་པ་རེད།

ཧྥ་རན་སིར་གནས་སྡོད་སྐྱེས་ས་ཀླུ་སྒྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་ཡོད་པ་དང་།  ལྷ་སར་ཡོད་པའི་སྒོ་ཤེས་རབ་ལགས་ཀྱི་སྲིང་མོ་གཉིས་ནས་ད་ལྟ་བར་དུ་རྩམ་པ་རྒྱ་མ་ལྔ་ཙམ་ལས་གཞན་ཟས་གོས་སོགས་གང་ཡང་མཁོ་སྤྲོད་ཐུབ་མེད་ལུགས་བརྗོད་བྱུང་།

བོད་ཀྱི་སློབ་གསོ་བ་དང་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཕྱིར་ཁྱབ་དུས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྒེར་གྱི་དྲ་ལམ་སོགས་སུ་ཁོང་གི་སྐུ་པར་བཏང་སྟེ། ཁོང་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་འདུག་ལ། ལྷག་པར་བོད་ནང་གི་ན་གཞོན་ཤེས་ཡོན་པ་མང་པོ་ཞིག་གིས། རང་རང་གི་སྐད་འཕྲིན་རྒྱབ་ངོས་སུ་རྩོམ་པ་པོ་ཁོང་གི་སྐུ་པར་བཞག་སྟེ། ཁོང་གིས་མི་རིགས་ལ་བཟུང་བའི་འདུ་ཤེས་སོགས་ལ་བསྔགས་བརྗོད་དང་ཡི་རང་བྱས་ཡོད་པའི་ཁྲོད། བོད་མི་ཞིག་གིས།  འགའ་རེས་མི་ཤེས་ཤེས་ཁུལ་དང་མ་རིག་རིག་ཁུལ་བྱེད་ཅིང་། ཁོ་ཚོའི་སེམས་ནས་ཀྱང་ནག་ཉེས་ཅན་ཞིག་རེད་དོ་སྙམ་པའི་འདུ་ཤེས་གཏིང་ཟིན་པར་གནས། འདི་ནི་ཆེས་འཇིགས་སུ་རུང་བའི་གནས་ཤིག་ལགས། དམ་པ་ཁོང་ཉིད་ཁྲི་མུན་གྱི་དོང་དུ་བགྲང་བྱ་བཅུ་རུ་བཞུགས་དགོས་བྱུང་བ་གོ་ཐོས་བྱུང་བས་སེམས་སུ་སྐྱོ་བ་དང་སྡང་བ་ལྷན་དུ་ལྡོང་ཞེས་བྲིས་ཡོད་པ་དང་། ཡང་གཞན་ཞིག་གིས། མི་རིགས་ཀྱི་ཆག་སྒོ་ཟེར་བ་ནི་མཐའ་གཅིག་ཏུ་མཚོན་ཆའི་ཁ་རུ་མེད་པར། བདེན་པའི་ལམ་མཐོང་བའི་བློ་མིག་ཅན་དག་བཀག་ཉར་བྱས་པའི་ཁྲོད་དུའང་འདུག ཅེས་བྲིས་ཡོད་འདུག

ད་ལྟ་རང་ལོ ༤༦ ཡིན་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། ཕྱི་ལོ ༡༩༧༦ ཟླ་ ༩ ཚེས ༩ ཉིན་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་དུ་སྐྱེས་ཤིང་། དགུང་ལོ ༡༠ སྟེང་རྔ་བ་ཀིརྟི་དགོན་དུ་ཆོས་ཞུགས་གནང་། ཁོང་ནི་བོད་ཕྱི་ནང་གཉིས་སུ་སྐད་གྲགས་ཡོད་པའི་རྩོམ་པ་པོ་དང་། ཤེས་ཡོན་པ། དགེ་རྒན་ཞིག་ཡིན་ལ། ཁོང་ལ་རྒྱུན་ཤེས་དང་ལམ།  ང་ཚོ་སད་རན། བསམ་གཞིག་པའི་སེམས་སྒྲ། དཔྱད་འཚོལ་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ། ཧི་མ་ལ་ཡའི་ཕར་ཚུར། རང་ལམ་རང་འཚོལ། བླང་དོར་ལྟ་ཚུལ། འགྱུར་ལྡོག་ཁྲོད་ཀྱི་བསམ་གཞིག་སོགས་བརྩམས་ཆོས་དེབ་ཉུང་མཐར་ ༩ ལྷག་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༨ ལོར་བོད་རྔ་བའི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་སྐབས་དང་། ༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ། དེ་བཞིན་ཕྱི་ལོ་༢༠༡༡ བཅས་སུ་ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་གཡོགས་ཏེ་དེ་སྔོན་ཡང་ཐེངས་གསུམ་ལ་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༣ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༣ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese