མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་རྒྱ་བལ་གཉིས་ནང་ཏོག་དབྱིབས་ན་བཞིན་པའི་བོད་མི་ ༡༥ ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་དུ་བྱིས་པ་རྣམས་ལ་ཏོག་དབྱིབས་འགོག་ཁབ་བརྒྱག་རྒྱུར་གྲ་སྒྲིག་བྱེད་མུས་ཡིན་པས་ཕ་མ་ཚོས་སོ་སོའི་བྱིས་པ་རྣམས་ཀྱི་མིང་དང་རྒྱ་གར་གྱི་ཨཱ་ཌར་(Aadhar Card)། དེ་བཞིན་དཔྱ་ཁྲལ་ལག་དེབ་ཡོད་ཚེ་ཨང་གྲངས་མ་ནོར་བ་ཞིག་སློབ་གྲྭར་མཁོ་སྤྲོད་དགོས་ཀྱི་ཡོད་འདུག

ཁ་སང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་  ༩༠ པ་སྤེལ་སྐབས། འདས་པའི་བདུན་ཕྲག་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༡  བྱུང་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་གི་ས་གནས་ ༧ ལ་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༡༠༠ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༩ བཅས་ཁྱོན་བསྡོམས་ཟུར་བཀག་ཏུ་སྡོད་མཁན་མི་གྲངས་ ༡༠༩  ཡོད་འདུག ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རིམ་གྱིས་ནད་པ་གསར་པ་དང་ཟུར་བཀག་ཏུ་སྡོད་མཁན་ཉུང་དུ་འགྲོ་བཞིན་འདུག

འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཀུན་བཟང་ལགས་ཀྱིས། འདས་པའི་བདུན་ཕྲག་ཁ་ཤས་ཀྱི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་གིས། སློབ་གྲྭ་ཁག་གི་སྨན་ཁང་འགན་འཛིན་དང་།  ས་གནས་མགོ་འཛིན་ལྷན་དུ་དྲ་ལམ་ནས་ཚོགས་འདུ་འཚོགས་པ་བརྒྱུད། རྒྱ་གར་ནང་དུ་མི་འགྱངས་བར་བྱིས་པ་རྣམས་ལ་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་བརྒྱག་རྒྱུ་གྲ་སྒྲིག་བྱེད་མུས་ཡིན་སྟབས། འཕྲོད་བསྟེན་མི་སྣ་རྣམས་ཀྱིས་བྱིས་པ་རྣམས་ཀྱི་མིང་གཞུང་བསྡུ་རུབ་བྱ་རྒྱུ་ཡིན་སྟབས།  ཕ་མ་རྣམས་ཀྱིས་ཐུགས་འགན་ཆེན་པོས་བྱིས་པ་རྣམས་ཀྱི་མིང་ཐོ་དུས་ཐོག་ཏུ་སྤྲད་དགོས་པ་དང་། དེ་བཞིན་བོད་མི་མང་པོ་ཞིག་དགུན་ཚོང་ལ་བསྐྱོད་ནས་ཕྱིར་རང་རང་གི་ས་གནས་སུ་ལོག་གྲབས་ཡོད་སྟབས། དགུན་ཚོང་ལ་འགྲོ་མཁན་ཚོས་རང་གཞན་ཚང་མའི་བདེ་འཇགས་ཀྱི་སླད་དུ། ཏོག་ནད་བརྟག་དཔྱད་དང་གཞིས་ཆགས་སོ་སོར་ཟུར་བཀག་སོགས་བསྡད་དགོས་པའི་རེ་སྐུལ་ཞུས་སོང་།

གསལ་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། འཛམ་གླིང་ས་ཕྱོགས་གང་སར་ལྷོ་ཨ་ཧྥི་རི་ཁ་ནས་མཆེད་པའི་ཏོག་ནད་ཀྱི་གཉན་སྲིན་གསར་པ་དེ་ཁྱབ་གདལ་འགྲོ་མུས་ཡིན་པ་ལྟར། ད་ལྟ་རྒྱ་གར་ནང་དུ་ཨོ་མི་ཁུ་རོན་ན་མཁན་མི་གྲངས་ ༧༨ ཙམ་བྱུང་ཡོད་ཀྱང་། ཏོག་ནད་གསར་བ་དེར་དམིགས་བསལ་ཉེན་ཚབས་ཆེན་པོ་མེད་ཀྱང་།  བོད་མི་ཚོས་སྔོན་འགོག་དང་འཕྲོད་བསྟེན་ལ་དོ་དབྱིངས་ཀྱིས་དོགས་གཟབ་བྱ་དགོས་པ་དང་། ལྷག་པར་ཡི་ཤུའི་ལོ་སར་དང་། སློབ་གྲྭ་ཁག་གི་དགུན་ཁའི་གུན་སེང། དེ་བཞིན་མི་མང་པོ་ཞིག་དགུན་ཚོང་གྲོལ་ཏེ་གཞིས་ཆགས་ཁག་ཏུ་ལོག་འགྲོ་ཡི་ཡོད་སྟབས། འགྲུལ་བཞུད་ཀྱི་བྲེལ་ཟིང་ཆེ་བའི་དུས་དེར། བོད་མི་ཚང་མས་སོ་སོའི་སྔོན་འགོག་གི་ཐབས་ལམ་སོགས་བསྟེན་དགོོས་པའི་ལམ་སྟོན་གནང་སོང་།

དེའི་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་ཏོག་ནད་གསར་བ་དེ་ཁྱབ་གདལ་ཤུགས་ཆེན་འགྲོ་མུས་ཡིན་ཡང་། ད་བར་ཏོག་ནད་གསར་བ་དེས་དམིགས་བསལ་གནོད་འཚེ་ཆེན་པོ་མེད་ཀྱང་། ཚང་མས་སྔོན་ཚོད་ནས་སྔོན་འགོག་གི་ཐབས་ལམ་ལ་བསྟེན་རྒྱུ་གལ་ཆེན་ཆེན་པོ་ཡིན་པ་དང་། ལྷག་པར་ཏོག་དབྱིབས་རིམས་ནད་སོགས་ལ་འགོག་རྒོལ་སླད་དུ། གཉིད་ཏག་ཏག་ཉལ་རྒྱུ་དང་། འཚོ་བཅུད་ལྡན་པའི་ཟས་རིགས་བསྟེན་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་སོགས་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་  ༦༩༦༩ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༧༩༢   དང་། རྐྱེན་འདས་སུ་ཕྱིན་པ་ ༡༦༢། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༡༥ ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༤༦༤༨༢ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༣༧༢༥ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་ ༦༩༨༠ ཡོད་འདུག དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༤༨  ཙམ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese