མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་དང་པོའི་བགྲོ་གླེང་དབུ་འཛུགས་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་དང་པོའི་བགྲོ་གླེང་དབུ་འཛུགས་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བཀའ་ཆོས་སྩལ་གནང་སོང་།

དེ་རིང་རྒྱལ་སྤྱིའི་དགེ་ལྡན་ནང་བསྟན་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་ཐོག གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་དྲ་ལམ་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་སྐོར་ལ་ཉིན་གཉིས་ཀྱི་བགྲོ་གླེང་ཞིག་དབུ་འཛུགས་གནང་སོང་།

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་བགྲོ་གླེང་བྱ་རྒྱུ་དེ་ཡག་པོ་ཞེ་དྲགས་བྱུང་། ང་ཚོར་དེ་སྔ་མཁན་ཆེན་ཞི་བ་འཚོས་དབུ་ཚད་ཟུང་འཇུག་ཅིག་ལམ་སྟོན་གནང་བ་བཞིན། བོད་གངས་ཅན་ལྗོངས་སུ་གཞུང་པོ་ཏི་ལྔ་གལ་ཆེན་ཞེ་དྲགས་རེད་འདུག མཛོད་མདོ་གཉིས་གྲངས་འདྲེན་ཞིག་མ་གཏོགས་གནད་འགག་གལ་ཡོད་མ་རེད། ཕར་ཕྱིན་དང་དབུ་མ་གཉིས་པོ་ཞེ་དྲགས་གལ་ཆེན་རེད་འདུག དབུ་མ་འཇུག་པ་གཙོ་བོ་བྱས་ནས་རིགས་ཚོགས་དྲུག་བལྟ་རྒྱུ་ཡོད་པ་དང་། ཚད་མའི་གཞུང་ནས་དབུ་མ་དང་ཚད་མ་ཟུང་འཇུག་བལྟ་རྒྱུ་ཕྱག་སྲོལ་ཡག་པོ་ཞིག་ཡོད། ང་ཚོ་བཙན་བྱོལ་ལ་ཚུར་སླེབས་པའི་རྗེས་ནས། གཙོ་བོ་གདན་ས་གསུམ་དང་བཀྲིས་ལྷུན་པོས་གཞུང་ཆེན་སློབ་གཉེར་བྱ་རྒྱུའི་ཕྱག་སྲོལ་དེ་ཉམས་པ་མེད་པ་བྱས་ནས་ད་ལྟ་རྒྱུན་འཛིན་བསྡད་ཀྱི་ཡོད་རེད། དེ་བཞིན་དེ་སྔ་བོད་ལ་འབྲེལ་བ་ཁྱོན་ནས་མེད་པའི་ཚན་རིག་དང་སེམས་ཁམས་རིག་པའི་སྐོར་དེ་དག་སློབ་གཉེར་གྱི་ཤེས་རྒྱ་ཆེ་རུ་གཏོང་ཆེད། ཚན་རིག་སློབ་གཉེར་བྱས་སྡོད་ཀྱི་ཡོད་རེད། གདན་ས་གསུམ་གཙོ་བོ་གྱུར་བའི་གཞུང་ཆེན་སློབ་གཉེར་ཡོད་པའི་གདན་ས་ཁག་ཧ་ཅང་གལ་ཆེན་རེད། དེ་དང་ཆགས་ཅིག་ཐོས་དོན་སྒྲུབ་ནས་ཤེས་ཟེར་བ་རེད། ཐོས་པའི་དོན་དེ་རྒྱུད་སྟོབས་ལ་སྐྱེས་ནས་གཤིས་རྒྱུད་འགྱུར་བ་འགྲོ་དགོས་ཀྱི་རེད་ལ། དེ་བྱུང་བ་ཡིན་ན་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་ཞིག་ཡོང་གི་ཡོད་པ་རེད། གཞུང་ཆེན་བཀའ་པོད་ལྔ་གཙོ་བོ་གྱུར་བའི་རིགས་ཚོགས་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་དཔེ་གལ་ཆེན་པོ་རེད། ང་རང་ལ་ཆ་བཞག་ན་དེ་སྔ་དཔེ་ཆ་ལྟ་དུས་སུ་འཕྲལ་ཙམ་གྱིས་བལྟས་པ་ལས་གང་ཡང་ཡོད་མ་རེད། དེ་ནས་བར་སྐབས་དབུ་མ་འཇུག་པ་གཙོ་བོ་གྱུར་བའི་གཞུང་དེ་དག་རྒྱུན་མཁོའི་དཔེ་ཆའི་ནང་དུ་བཞག་པ་ཡིན། དབུ་མ་རིགས་ཚོགས་དྲུག་ལྟ་བུ་བསམ་བློ་གཏང་རྒྱུར་ཕན་ཐོགས་ཞེ་དྲགས་ཡོད་པ་ཞིག་རེད་འདུག་པས། གཞུང་ཆེན་དེ་དག་སེམས་ལ་འགྱུར་བ་གཏང་རྒྱུ་མ་གཏོགས་རྟགས་གསལ་གཏོང་རྒྱུ་གཅིག་པུ་མ་རེད། བྱས་ཙང་གཞུང་ཆེན་དེ་དག་སྦྱང་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་གསུངས་སོང་།

གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་དྲ་ལམ་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་སྐོར་གྱི་བགྲོ་གླེང་ཚོགས་ཐེངས་དང་པོར། སེར་སྨད་གྲྭ་ཚང་གི་དགེ་བཤེས་ཆོས་བཟང་སྤྲུལ་སྐུ་ལགས་ཀྱིས་ཚད་མའི་བརྗོད་བྱའི་སྙིང་དོན་གང་ཡིན་མིན་དང་། ཚད་མ་རྣམ་འདྲེན་གྱི་གལ་གནད་ཁག་ཅིག་གི་སྐོར་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་བྱམས་པ་འཕེལ་རྒྱས་ལགས་ཀྱིས་ཕར་ཕྱིན་སྟོད་ཆ་སྐབས་དང་པོ་བཞི་ཡི་བརྗོད་བྱའི་སྙིང་དོན་གང་ཡིན་དང་། གདམ་ངག་རྣམ་པ་བཅུ་ཡི་ཐེག་པ་ཆེན་པོའི་ལམ་གྱི་གནད་ཀུན་འདོད་ཚུལ་དང་། སྐབས་དེ་དག་གི་བརྗོད་བྱ་དཀའ་གནད་ཆེ་བ་ཁག་གི་སྐོར།  ཚོགས་ཐེངས་གཉིས་པར་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་ངག་དབང་སྐལ་བཟང་ལགས་ཀྱིས་མངོན་པ་མཛོད་ཀྱི་སྐོར་དང་། རྒྱུད་མེད་དགེ་བཤེས་བསོད་ནམས་བློ་གྲོས་ལགས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་གཏམ་བཤད་དང་དྲི་བར་ལན་འདེབས་སོགས་གནང་ནས་ཉིན་དང་པོ་བགྲོ་གླེང་དངོས་སུ་མཇུག་སྒྲིལ་གནང་སོང་།

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན།  ཟླ་འདིའི་ཕྱི་ཚེས ༡༥ ནས་ཉིན་གཉིས་རིང་དྲ་ལམ་ནས་ཁོར་ཡུག་རྒྱུན་གནས་ཆེད་དུ་ཚན་རིག་དང་ཆོས་ལུགས་སུ་ལག་ལེན་བསྟར་ཚུལ་ལ་ཁ་ཆེ་དང་ནང་པའི་ལྟ་ཚུལ་ཅི་ཡིན་སྐོར་གྱི་བགྲོ་གླེང་ཞིག་འཚོག་རྒྱུའི་དབུ་འབྱེད་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་དང་བཀའ་སློབ་སྩལ་རྒྱུ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ ( by Be the Love, The Changemaker Studio and The New Humanitarian) ཞེས་པའི་ཚོགས་པ་གསུམ་གྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དྲ་ལམ་ནས་ཨ་ཧྥི་རི་ཁ་དང་ཨེ་ཤ་ཡ། ཡུ་རོབ་བཅས་ནས་ཕེབས་པའི་ན་གཞོན་མགོ་ཁྲིད་རྣམས་དང་ལྷན་དུ་ང་ཚོ་བྱམས་དང་བརྩེ་བའི་གསར་བརྗེ་བ་ཡིན་ (Revolution of Love and Compassion) ཞེས་པའི་བརྗོད་གཞིའི་ཐོག་བཀའ་མོལ་གནང་རྒྱུ་དང་། གཞན་ཡང་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གར་འཕྲུལ་རིག་མཐོ་སློབ་ཁང་(Indian Institute of Technology) གིས་གསོལ་བ་བཏབ་པ་ལྟར། ༧གོང་ས་མཆོག་གིས་དཀའ་ངལ་ཅན་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས་ (Finding Happiness in Troubled Times) ཞེས་པའི་ཐོག་དྲ་ལམ་ནས་བཀའ་སློབ་སྩལ་གཏན་ཁེལ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ཀླུ་སྨྱོན says:
    ལོ་ 4 སྔོན།

    རྒྱུད་མེད་མ་རེད། རྒྱུད་སྨད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese