མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སིལ་སྤོལ་རྩེད་མཁན་ཞིག་ལ་རྒྱ་རིགས་ཚོས་མི་རིགས་དབྱེ་འབྱེད་ཀྱི་སྐྱོན་བརྗོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཏུ་སིལ་སྤོལ་རྩེད་མཁན་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྩེད་མཁན་ཟུར་བ་སོ་ནེ་ལགས་སུ་རྒྱ་རིགས་ཀྱིས་རིགས་རུས་དབྱེ་འབྱེད་དང་དམིགས་བསལ་མི་ནག་ཅེས་སྐྱོན་བརྗོད་བྱས་པར་རྒྱལ་སྤྱིའི་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱ་ནག་ནང་ལག་རྩེད་སྤོལ་རྩེད་འགྲན་གྱི་སྐབས་ཤིག་ལ། རྒྱ་ནག་ཀོང་ཏུང་གི་སྟག་རུ་ཁག་ནང་། རྩེད་མོ་རྩེད་མཁན་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ (NBA) ཀྱི་རྩེད་འགྲན་པ་ཟུར་བ་སོ་ནེ་ཝིམ་སི་(Sonny Weems) ལགས་སུ་རྒྱ་རིགས་ཚོས་མི་ནག་ཅེས་རིགས་རྒྱུད་དབྱེ་འབྱེད་ཀྱིས་སྐྱོན་བརྗོད་བྱས་པར་བརྟེན། རྒྱ་ནག་གི་སིལ་སྤོལ་རྩེད་འགྲན་ལྷན་ཚོགས་ཀྱིས། རྒྱ་རིགས་མི་མང་ལ་ཞུ་སྐུལ་ཡི་གེ་ཞིག་བཏང་སྟེ། རིགས་རྒྱུད་དབྱེ་འབྱེད་ཀྱི་སྐྱོན་བརྗོད་པར་ཐར་བ་གཏན་ནས་མེད་ཅེས་དང་། མང་ཚོགས་ཀྱི་ཚུལ་མཐུན་མིན་པ་དང་ཚད་ལས་བརྒལ་བའི་ཚིག་རྩུབ་བེད་སྤྱོད་གཏོང་རྒྱུ་མེད་པའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༣ཉིན་རྒྱ་ནག་གི་སིལ་སྤོལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཀོང་ཏུང་སྟག་ (Guangdong Southern Tigers) ཟེར་བའི་སིལ་སྤོལ་རུ་ཁག་དང་ རྒྱའི་(Liaoning Flying Leopards) ཟེར་བའི་སིལ་སྤོལ་རུ་ཁག་གཉིས་དབར་སིལ་སྤོལ་འགྲན་བསྡུར་བྱེད་སྐབས། རང་ལོ་ ༣༥ ཡིན་པའི་ཨ་རིའི་སིལ་སྤེལ་རྩེད་འགྲན་པ་སོ་ནེ་ཝིམ་སི་ལགས་དང་རྒྱ་མིའི་སིལ་སྤོལ་རྩེད་འགྲན་པ་ཧན་དི་ཇོན་ (Han Dejun) གཉིས་དབར་ལ་འཁྲུག་རྩོད་ཤོར་བར་བརྟེན། རྩེད་འགྲན་པ་གཉི་ག་གློ་བུར་དུ་རྩེད་འགྲན་ནས་ཕྱིར་ཕུད་བཏང་ཡོད་ཀྱང་། རྩེད་རའི་ཕྱི་རོལ་ནས་སིལ་སྤོལ་ལ་དགའ་མོས་ཆེ་བའི་རྒྱ་རིགས་ཚོས་ཨ་རིའི་རྩེད་འགྲན་པ་ཁོང་གི་རིགས་རྒྱུད་ལ་དམིགས་པའི་ཚིག་ངན་བརྗོད་དེ། རྒྱ་ནག་ནས་ལོག་དགོས་ཡོད་ཅེས་སྐད་ཤུགས་ཆེན་པོས་སྐྱོན་བརྗོད་ཡོད་པ་རེད།

དེ་འབྲེལ་རྒྱ་ནག་གཞུང་འབྲེལ་གྱི་ཞི་ཧྥང་ (Xinhua) གསར་ཁང་གི་གནས་ཚུལ་ལྟར་ན། སིལ་སྤོལ་རྩེད་འགྲན་པ་གཉིས་ཀྱིས་འཁྲུག་པ་བརྒྱག་པར་བརྟེན། ཨ་རིའི་རྩེད་འགྲན་པ་སོ་ནེ་ལགས་ལ་ཨ་སྒོར་ ༢༢།༠༠༨ དང་རྩེད་འགྲན་ལྔའི་ནང་ཞུགས་མི་ཆོག་པ་སོགས་ཀྱི་ཉེས་ཆད་བཏང་ཡོད་པ་དང་། རྒྱ་རིགས་རྩེད་འགྲན་པ་ (Han) ལ་ཆད་དངུལ་ཨ་སྒོར་ ༣༡།༤༤༠ དང་རྩེད་འགྲན་བདུན་གྱི་ནང་ཞུགས་མི་ཆོག་པའི་ཉེས་པ་སོགས་བཏང་ཡོད་སྐོར་བརྗོད་འདུག

གཞན་ཡང་། ཨ་རིའི་སིལ་སྤོལ་རྩེད་མཁན་སོ་ནེ་ལགས་ཀྱི་ཝེ་པོ་དྲ་རྒྱའི་སྟེང་། རྒྱ་རིགས་ཁག་ཅིག་གིས། འཇའ་མཚོན་གྱི་མདོག་ལྡན་པའི་སྙིང་གཟུགས་ (heart-shaped emojis) བསྐུར་བ་དང་། མཆན་སྤེལ་བ་སོགས་བྱས་ཏེ་རྩེད་འགྲན་པ་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་དང་། རྒྱ་ནག་གི་སིལ་སྤོལ་མཐུན་ཚོགས་ (Chinese Basketball Association) ཀྱིས། མི་རིགས་དབྱེ་འབྱེད་བྱེད་པར་རྒྱབ་སྐྱོར་རྩ་བ་ནས་མེད་པ་དང་མི་རིགས་དབྱེ་འབྱེད་བྱེད་པར་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

དབྱེ་ཞིབ་པ་ཚོས། རྒྱ་ནག་ནང་ཨོ་ལིམ་ཕིག་འཚོགས་པར་བདུན་ཕྲག་གསུམ་ཙམ་ལས་མེད་པའི་སྐབས་འདིར། རྒྱ་ནག་གཞུང་གིས། ཕྱོགས་ཡོངས་ནས་དོགས་ཟོན་དང་དམིགས་བསལ་རྩེད་རིགས་སྐོར་གྱི་དོན་རྐྱེན་དག་ལ་ཡིད་གཟབ་བྱས་ཏེ། ཨོ་ལིམ་ཕིག་འཚོགས་ཐུབ་ཐབས་སུ་འབད་ཀྱི་ཡོད་སྐོར་བརྗོད་འདུག་ལ། རྒྱ་ནག་གི་སིལ་སྤོལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སིལ་སྤོལ་རྩེད་མཁན་ཡོ་མེན་ལགས་ཀྱིས། སིལ་སྤོལ་གྱི་རྩེད་འགྲན་ནི་མི་དང་མིའི་དབར་གྱི་ཟམ་པ་ལྟ་བུ་ཆགས་ཡོད་པས། ང་ཚོས་ང་ཚོའི་བར་གྱི་འབྲེལ་ལམ་དམ་ཟབ་གཉེར་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese