མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྒང་ལ་༸གོང་ས་མཆོག་ཧ་ཅང་ཁུ་སིམ་པོ་ཡིན་དོན་ཅི།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རིག་འབྱུང་བཀྲ་ཤིས་དོན་འགྲུབ་ཀྱིས་བརྩམས། (ཆི་ཁ་གོ་ཊིར་བྷོན་གསར་ཤོག་ཐོག་བཀོད།)

རྐ་འོད་ཟེར་གྱིས་བསྒྱུར།

དགུང་ལོ་གྱ་དྲུག་བཞེས་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་མཐུན་འབྲེལ་བཅས་གོང་འཕེལ་གཏོང་གི་ཡོད་པས་ཁོང་ལ་འཛམ་གླིང་ཡོངས་ཀྱིས་དགའ་མོས་བྱེད་ཀྱི་ཡོད། འོན་ཀྱང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ནུབ་ཕྱོགས་པས་ངོ་རྒོལ་བྱེད་སྐབས། ༸གོང་ས་མཆོག་ནི་ཁྱད་མཚར་བའི་ངང་ཁུ་སུམ་མེར་བཞུགས་ཡོད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཁོང་གིས་བོད་དང་རྒྱ་ནག་དབར་སྔར་ལས་ལེགས་པའི་མ་འོངས་པ་ཞིག་ཡོང་བའི་རེ་བ་བཅངས་ནས་བཞུགས་ཡོད་པ་རེད།

རྒྱལ་སྤྱི་རང་བཞིན་ཅན་གྱི་སེམས་ཁུར་འགའ་སྟེ། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྣང་བརྙན་ལ་གནོད་པར་སྣང་བའི་གནད་དོན་འགའ་དཔང་རྟགས་སུ་མཐོང་རྒྱུ་ཡོད་པ་ནི། བུད་མེད་དྲ་སྦོལ་ཚོགས་པས་རྒྱ་ནག་ནང་རྩེད་འགྲན་བྱ་རྒྱུ་ཕྱིར་འཐེན་བྱས་པ་དང་། རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པ་འཛམ་གླིང་རང་བཞིན་གྱིས་མང་དུ་འགྲོ་བཞིན་པ། སྤྱི་ཟླ་བཅུ་གཉིས་པའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་མོས་ཀྱིས་བྷེ་ཌན་སྲིད་གཞུང་ལ་བོད་མིའི་རང་དབང་ཐད་རྒྱ་ནག་དང་ལྷན་དུ་གྲོས་མོལ་ཡོང་བའི་ཐད་ཤུགས་སྣོན་དགོས་པའི་ཡི་གེ་ཕུལ་བ་སོགས་རེད།

ཕྱི་ཟླ་བཅུ་གཅིག་པའི་ནང་ཉི་ཧོང་ཕྱི་རྒྱལ་མཐུན་འབྲེལ་ཚོགས་པས་གོ་སྒྲིག་བྱས་པའི་གཏམ་བཤད་ཅིག་གི་སྐབས། ༸གོང་ས་མཆོག་ལ་ཞིས་ཅིན་ཕིན་གྱི་སྲིད་སྐྱོང་སྟངས་སྐོར་གྱི་བཀའ་འདྲི་ཞུས་པར་ཁོང་གིས། “ང་ལ་བསམ་ཚུལ་ཅང་མེད། རྒྱ་ནག་འགྱུར་བཞིན་ཡོད།” ཅེས་གསུངས་ཤིང་། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་དྲི་བ་བསྐྱུར་ཏེ། “ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ངོས་ཀྱིས་རྒྱ་ནག་དང་ཐེ་ཝན་དབར་གྱི་ཆབ་སྲིད་ཀྱི་རྙོག་འཛིང་ཁྲོད་ཆ་ཤས་ལེན་འདོད་མེད།” ཅེས་དང་། ཁོང་རྒྱ་ནག་རི་བོའི་རྩེ་ལྔར་གནས་མཇལ་ལ་ཕེབས་ཏེ་དམག་དོན་དང་། ཆབ་སྲིད་ཁྲོད་ཀྱི་གྲོགས་པོ་རྙིང་པ་ཚོར་ཐུག་འདོད་ཡོད་ཚུལ་གསུངས་ཡོད། ཁོང་གིས་ཞིས་ཅིན་ཕིན་སྲིད་གཞུང་ལ་སྐྱོན་བརྗོད་གནང་རྒྱུར་ཐེ་ཚོམ་གནང་གི་ཡོད་པ་ཧ་ཅང་གསལ་པོ་ཡིན། རྒྱ་ནག་གི་ཕྱོགས་ལ་སྐྱོན་བརྗོད་མང་དུ་འགྲོ་བཞིན་པའི་སྐབས་འདིར། ༸གོང་ས་མཆོག་གིས་དེ་ལྟར་མི་གནང་དོན་ཅི་ཡིན་ནམ།

ལོ་ངོ་བཞི་བཅུ་ལྷག་གི་རིང་། ༸གོང་ས་མཆོག་གིས་རྒྱ་ནག་གིས་བོད་ཀྱི་ཆོས་ལུགས་དང་ཤེས་ཡོན། སྐད་ཡིག ཁོར་ཡུག དཔལ་འབྱོར། སྲིད་དོན་བཅས་ལ་དོན་དངོས་ཀྱི་ཚད་མཐོའི་རང་སྐྱོང་སྤྲོད་པའི་ཁོར་ཡུག་བསྐྲུན་པའི་ཐད་འབད་བརྩོན་གནང་ཡོད།

གོང་དུ་བཤད་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་སྤྱི་ལོ་ 1959 ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་བར་དུ་གཏུགས་ཐུབ་ཀྱི་རེད། ཁོང་དགུང་ལོ་ཉེར་དྲུག་གི་སྐབས་སུ་དཔར་སྐྲུན་གནང་བའི་རང་རྣམ་གྱི་ནང་དུ།  “རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཚོས་བོད་ནང་དུ་ང་ཚོར་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་ཡོད་ཀྱང་། ངེད་ཅག་བོད་པ་ཚོ་རྒྱ་མི་རིགས་ཆེན་མོར་སྡང་སེམས་མེད།” ཅེས་གསུངས་ཡོད། ལོ་རབས་བདུན་ཅུའི་སྟོད་ནས་ཁོང་གིས་བོད་རང་བཙན་མི་གླེང་བར་བོད་ལ་ཚད་མཐོའི་རང་སྐྱོང་ཐོབ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་ཡོད།

དེའི་རྗེས་ཀྱི་ལོ་དག་གི་ནང་སྟེ། 1987 ལོར་ཁོང་གི་ཞི་བའི་དོན་ཚན་ལྔའི་གྲོས་འཆར་དང་། 1989 ལོར་ཁོང་གི་ཞི་བདེའི་གཟེངས་རྟགས་ཀྱི་གསུང་བཤད། 2007 ལོར་ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མའི་སྐབས་བཅས་སུ་ཁོང་གི་དབུ་མའི་ལམ་གྱི་ཐད་བཅངས་པའི་དགོངས་གཞི་དེ་ནན་བརྗོད་གནང་ཡོད། དེར་བརྟེན། 1980 སྟོད་དང་ 2000 ནང་བཅས་སུ་༧གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་ཏུ་བསྐྱོད་ཡོད་ཀྱང་། དེར་བོད་མི་ཚོས་རེ་བ་བཅངས་པ་བཞིན་གྱི་གྲུབ་འབྲས་ཤིག་བྱུང་མེད།

དབུ་མའི་ལམ་གཅིག་པུའི་ཆ་ནས་བཤད་ཀྱང་དེ་ནི་འདུམ་འགྲིག་ཧ་ཅང་ཆེན་པོ་བྱས་པ་ཞིག་ཡིན་པར་མ་ཟད། ཉེ་ཆར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་ཁ་དེ་ཆེ་རུ་བཏང་ཡོད།  1995 ལོའི་ནང་། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཆེ་ཤོས་གཉིས་པ། ༧པན་ཆེན་རིན་པོ་ཆེའི་ཡང་སྲིད་གསར་བར་ངོས་འཛིན་གནང་བའི་བྱིས་པ་དེ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང་། 2018 ལོའི་ནང་། ༧གོང་ས་མཆོག་ལ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༧པན་ཆེན་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས། “ལོ་རྒྱུས་ཐོག་བོད་ཀྱི་བླ་མ་ཚོའི་ནང་ཡང་སྲིད་གསུམ་ནས་ལྔའི་བར་བྱུང་ཡོད་མཁན་ཡོད་པས། རྒྱ་ནག་ཕྱོགས་ནས་ངོས་འཛིན་བྱས་པའི་ཡང་སྲིད་དེ། ༧པཎ་ཆེན་བཅུ་བ་ཆེན་པོ་ཆེའི་སྤྲུལ་བ་ཞིག་ཡིན་སྲིད།” ཅེས་གསུངས་ཡོད། འདི་ནི་འགྱུར་བ་ཆེན་པོ་ཞིག་རེད། བོད་མི་ཚོ་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་ད་དུང་ཡང་རྒྱ་ནག་གི་༧པཎ་ཆེན་གྱི་བདག་དབང་ལ་ངོ་རྒོལ་བྱེད་ཀྱི་ཡོད།

རྒྱ་ནག་གིས་ངོས་འཛིན་བྱས་པའི་༧པཎ་ཆེན་ཡང་སྲིད་ཐད་དགེ་མཚན་ལྡན་པའི་གསུང་དེ་འདྲ་གནང་བ་ནི། ལོ་རྒྱུས་ཀྱི་ཆ་ནས་བཤད་ན་གུ་ཡངས་ཧ་ཅང་ཆེན་པོ་གནང་བ་ཞིག་ཡིན། གལ་ཏེ། དབུ་ཁྲིད་གཞན་ཞིག་གིས་དེ་ལྟར་བརྗོད་ཡོད་ན། འཛམ་གླིང་གི་ཕྱོགས་གང་སར་གནས་པའི་བོད་པ་དང་ནང་པ་ཚོས་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་ངེས་རེད། ༸གོང་ས་མཆོག་གིས་དེ་ལས་ལྷག་པའི་ཞི་འགྲིག་གནང་རྒྱུ་ཅི་ཞིག་ཡོད་དམ།

ཉེ་ཆར་རྒྱ་ནག་གི་གཞུང་འབྲེལ་མི་སྣས་༸གོང་ས་མཆོག་གི་སྐོར་ལ་སྐད་ཆ་བཤད་པར་བལྟས་ན། རྒྱ་ནག་གིས་ད་དུང་ཡང་བོད་དོན་ཐད་དོ་ནན་བྱེད་ཀྱི་མི་འདུག ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པས། “གྲོས་མོལ་གྱི་སྒོ་མོ་རྒྱུན་དུ་ཕྱེས་ཡོད་མོད། གྲོས་མོལ་དེ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་མ་འོངས་པའི་སྐོར་ཡིན་དགོས་པ་ལས་བོད་ཀྱི་གནད་དོན་ཐད་མིན།”ཞེས་བཤད་ཡོད། དེ་ནི་རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་འགའི་རིང་སྐྱར་ཟློས་ཡང་ཟློས་བྱས་པའི་ཚིག་ཅིག་ཡིན། བོད་མི་ཚོར་མཚོན་ན། ཚིག་འདི་ལ་རིན་ཐང་ཅི་ཡང་མེད། ༧གོང་ས་མཆོག་ནི་བོད་མིའི་ངོ་བོ་དང་གཅིག་མཚུངས་ཡིན། བོད་མི་ཚོས་དགག་བྱ་དེ་ཙམ་མེད་པའི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ལས་དབང་བསྒྱུར་ཐུབ་མཁན་ནི་༧གོང་ས་ཏཱ་ལའི་བླ་མ་ཁོང་གཅིག་པུ་ཡིན།

འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་རྒྱ་ནག་གི་མགོ་ཁྲིད་ཚོས་ཁོང་དགོངས་པ་རྫོགས་རྒྱུར་ངང་སྒུག་བྱས་ནས་བསྡད་ཡོད། ཐབས་ལམ་དེ་ནི་ཆབ་སྲིད་ཀྱི་ཕུགས་རྒྱང་ཅི་ཡང་མེད་པ་ཞིག་རེད། རྒྱལ་སྤྱིའི་དབུ་ཁྲིད་ཚོ་ཡང་རྒྱ་ནག་གི་བྱེད་སྟངས་དེར་མགོ་འཐོམས་མི་རུང་། ༸གོང་ས་མཆོག་དགོངས་པ་མ་རྫོགས་སྔོན་ལ་བོད་ཀྱི་གནད་དོན་སེལ་མ་ཐུབ་ཚེ། བོད་རྒྱའི་དབར་གྱི་འབྲེལ་བ་དེ་རྙོག་ཟིང་ཧ་ཅང་ཆེན་པོ་ཞིག་གི་ནང་དུ་ཟགས་རྒྱུ་རེད། བོད་ཀྱི་ཏཱ་ལའི་བླ་མ་དང་རྒྱའི་ཏཱ་ལའི་བླ་མ་ཞིག་བྱུང་ན། གནད་དོན་རྣམས་སྔར་བས་ཇེ་སྡུག་ཏུ་འགྲོ་རྒྱུ་རེད། ངས་བསམས་ན། ནུབ་ཕྱོགས་སུ་བྱུང་བའི་ཆོས་བརྒྱུད་གྱེས་འཐོར་ཏེ། ཡོ་རོབ་ནང་དུས་རབས་མང་པོའི་གོང་ཡེ་ཤུ་བླ་ཆེན་གསུམ་ཕན་ཚུན་འགལ་ཟླར་ལངས་པ་ལྟ་བུ་ཞིག་ནི་རྒྱ་ནག་དང་བོད་གཉིས་ཀས་འདོད་ཀྱི་མ་རེད།

རྒྱ་ནག་གི་སྲིད་འཛིིན་ཞིས་ཀྱི་ཐད་དང་། རྒྱ་ནག་ནང་དགུན་ཁའི་ཨོ་རྩལ་འགྲན་ཚོགས། རྒྱ་ནག་གིས་ཐེ་ཝན་ལ་དབང་སྒྱུར་བཅས་ཀྱི་ཐད་༸གོང་ས་མཆོག་ཁུ་སིམ་མེར་བཞུགས་དོན་ནི། ཁོང་གིས་ད་དུང་ཡང་སྔར་ལས་ལེགས་པའི་མ་འོངས་པ་ཞིག་ལ་ཐུགས་རེ་བཅངས་ཀྱི་ཡོད། གང་ལྟར། ཁོང་སྐུ་བགྲེས་བཞིན་ཡོད་ལ། ཐ་ན་མ་འོངས་པའི་ལོ་ཟླའི་ནང་ཁོང་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཐུབ་མིན་ཡང་བཤད་ཚོད་མི་ཐིག་པ་ཞིག་རེད། “སྐུའི་འཕྲོད་བསྟེན་གྱི་རྐྱེན་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲུལ་བཞུད་གནང་མི་ཐུབ་ན་སྲིད་འཛིན་བྷེ་ཌན་རྒྱ་གར་དུ་༸གོང་ས་ཏཱ་ལའི་བླ་མ་མཇལ་འཕྲད་དུ་འགྲོ་དགོས།”ཞེས་ཨ་རིའི་གྲོས་ཚོགས་ཀྱིས་ནན་གྱིས་བཤད་ཡོད།

རྒྱ་ནག་གི་མགོ་ཁྲིད་ཚོས་ཁོང་དང་ལྷན་དུ་གྲོས་མོལ་བྱེད་འདོད་མི་བྱེད་པའམ། ད་ལྟ་བོད་ཀྱི་གནད་དོན་གླེང་བའི་ཆོད་སེམས་མེད་ན། མ་འོངས་པར་གོ་སྐབས་ཡག་པོ་གཅིག་ཀྱང་མེད་ངེས་རེད་ལ། དོན་དངོས་སུ་བཤད་ན། མ་འོངས་པར་རྒྱ་ནག་ལ་འདི་ལྟ་བུའི་གོ་སྐབས་ཤིག་བསྐྱར་དུ་ཡོང་རྒྱུ་མེད་ངེས་རེད།

༸གོང་ས་མཆོག་གིས་དགུང་ལོ་ཉེར་ལྔའི་ཐོག་ནས་གསུངས་པ་བཞིན། ཁོང་གིས་ནམ་ཡང་རྒྱ་ནག་གི་སྟེང་ལ་བྱམས་བརྩེ་དོར་མྱོང་མེད། འོན་ཀྱང་། ཁོང་གིས་རྒྱ་ནག་ལ་དུས་གཏན་དུ་སྒུག་ཐུབ་ཀྱི་མ་རེད།

རིག་འབྱུང་དོན་འགྲུབ་བཀྲ་ཤིས་ནི། ནུབ་བྱང་གཙུག་ལག་སློབ་ཆེན་དུ་ཆོས་ལུགས་རིག་པའི་འབུམ་རམས་སློབ་གཉེར་གནང་བཞིན་པའི་བོད་ཀྱི་མཁས་པ་ཞིག་ཡིན།

(གསལ་བཤད། བསམ་ཚུལ་རྩོམ་ཡིག་འདིའི་ཁ་བྱང་ནི་རྩོམ་པ་པོས་བཏགས་པ་ཞིག་མིན། དེ་ནི་Chicago Tribune ཚགས་པར་ཁང་གིས་ཐག་བཅད་པ་ཞིག་རེད།)

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 4 སྔོན།

    འདི་རུ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཚང་མར་འཚམས་འདྲི་ཞུ།
    བསམ་ཚུལ་རྩོམ་ཡིག་འདིའི་སྙིང་དོན་ནི། ༧རྒྱལ་བ་རིན་པོ་ཆེའི་བྱམས་དང་སྙིང་རྗེས་བརླན་པའི་ཐུགས་དགོངས་རྒྱ་ཆེ་བ་དེ་ལ་རྒྱ་ནག་ཕྱོགས་དང་རྒྱལ་སྤྱིའི་ཕྱོགས་ནས་དོ་སྣང་དང་ཐུགས་ཁུར་གནང་ནས། བོད་དོན་བདེན་མཐའ་སེལ་བར་འབོད་སྐུལ་ཞུས་བ་ཞིག་གོ
    རྩོམ་ཀློགས་རོགས།

    Reply
  2. ཐུབ་བསྟན་བྱམས་པ། says:
    ལོ་ 4 སྔོན།

    རིག་བྱུང་དོན་གྲུབ་བཀྲིས་ཁྱེད་ཀྱིས་ཨ་རིའི་གསར་ཤོག་སྟེང་༧ གོང་ས་མཆོག་ལ་ཟུར་སའི་ཐོག་སྐྱོན་འཛུགས་བྱས་པར་བློ་ཕམ་ཤུགས་ཆེ་བྱུང་། ༧ གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ལ་ཕྱི་ལོ་ ༢༠༡༡ ནས་གནང་ཟིན་པ་དེ་ཁྱེད་ཀྱི་ཤེས་ཀྱི་ཨེ་ཡོད། ༧ གོང་ས་མཆོག་སྐབས་དེ་ནས་བཟུང་སྲིད་ཕྱོགས་ཀྱི་ལས་དོན་རྣམས་མང་ཚོགས་ནས་འདེམས་འཐོན་གནང་བའི་སྲིད་སྐྱོང་ལ་གནང་ཡོད། དུས་དེ་ནས་བཟུང་སྲིད་ཀྱི་འགན་འཁུར་ཆ་ཚང་སྲིད་སྐྱོང་གིས་བྱ་བཞིན་ཡོད། ༧་གོང་ས་མཆོག་གིས་དུས་དེ་ནས་བཟུང་ཆོས་ཕྱོགས་ཀྱི་འགན་ཁུར་གཙོ་བོ་བཞེས་ནས་དེང་སྐབས་མཛམ་གླིང་ནང་གི་ཆོས་བྱེད་མི་སྣ་ཕལ་ཆེ་བས་༧ གོང་ས་མཆོག་ལ་དད་མོད་དང་ཡིད་ཆེས་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ཆོས་ལ་དད་པ་མེད་མཁན་མི་མང་པོ་ཞིག་གིས་༧ གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་རེ་བ་བྱེད་བཞིན་ཡོད་པ་ཁྱེད་ཀྱི་ཤེས་ཀྱི་མེད་ནམ། ཁྱེད་ཀྱང་༧ གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟན་ནས་ཨ་རིའི་རྒྱལ་ཁབ་ནང་སློབ་སྦྱོང་བྱེད་རྒྱུ་སོགས་ཀྱི་གོ་སྐབས་བཟང་པོ་འཐོབ་ཡོད། འོན་ཀྱང་བཀའ་དྲིན་ལ་བསམ་ཤེས་མེས་པས་དྲིན་ལེན་ལ་ལོག་མཇལ་བྱེད་མཁན་ཡིན་པ་ཤེས་པར་བྱེད་དགོས། ངས་ཁྱེད་རང་ལ་སྐད་ཆ་མང་པོ་བཤད་རྒྱུ་ཡོད་འོན་ཀྱང་༧ གོང་ས་མཆོག་དང་བོད་མིའི་སྤྱི་ཚོགས་ལ་སྐྱོན་འཛུགས་བྱེད་མཁན་མི་ངན་དེ་ཚོར་ལེན་འདེབས་མང་པོ་བྱེད་འདོད་མེད། དེང་སྐབས་རྒྱ་དངུལ་ལེན་ནས་༧ གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་མཁན་ཡང་མང་པོ་ཡོད་ང་ཚོས་ཤེས་ཀྱི་ཡོད། ངས་ཁྱེད་ལ་དྲི་བ་ཞིག་ཞུ་རྒྱུ་ཡོད། ཁྱེད་ཀྱིས་༧གོང་ས་མཆོག་ལ་སྐྱོན་འཛུགས་བྱས་པ་དེ་ཕར་བཞག བོད་པའི་རྩ་དོན་ལ་ཕན་པའི་ལས་ཀ་གང་དང་གང་བྱས་ཡོད།

    Reply
  3. རྐ་འོད་ཟེ ། says:
    ལོ་ 4 སྔོན།

    ཚེ་དཔག་ཚེ་དབང་གཉིས་ལ་ཞུ་རྒྱུར། སྨྲ་བརྗོད་རང་དབང་ཡོད་པ་བཞིན་བསམ་ཚུལ་འདོན་པའི་རང་དབང་ཡོད་ངེས་རེད། མ་གཞི་རྩོམ་ཡིག་འདིས་གླེང་བཞིན་པ་ནི་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་བསམ་ཚུལ་སྒྱུར་དགོས་ཟེར་བ་དེ་རེད། རྩོམ་ཆ་ཚང་བཀླགས་རྗེས་ཞལ་འགུལ་ན་རེད།

    Reply
  4. ཚེ་དཔག་རིག་འཛིན། says:
    ལོ་ 4 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཁྱེད་དང་ཁྱེད་རང་འདྲ་བའི་བློ་མཐུན་ཚོ་གསོན་ཨ། ཁྱེད་ཚོས། དེ་སྐབས་༧གོང་མཆོག་ཕྱི་ལྟར་དུ་ཁུ་སིམ་པོར་བཞུགས་ཡོད་ཚུལ་སྣང་བ་དེ་ནི། ངས་བལྟས་ན། བལྟ་སྟངས་རྦད་དེ་ནོར་བ་རེད། ཁོང་གི་གནང་སྟངས་དེ་ལ་བཟང་ཕྱོགས་ཤིག་ཡོད་རེད། ངས་བལྟས་ན། རིན་མིན་གང་མགྱོགས་ཤིག་ལ། ད་བོད་རྒྱའི་གནད་དོན་སྐོར་འཛམ་བུ་གླིང་གི་ནང་། ས་འགུལ་ཆེན་པོ་ཞིག་འཐེབས་སོང་པ་ལྟ་བུའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རིང་མིན་ཡོང་གཏན་འཁེལ་བ་རེད། གཏམ་བཟང་ཞིག་ཐོས་གྲབས་ཡོད་ངེས་རེད། མ་གཞི་ནས། ཅི་ཡང་མི་སྨྲ་བ་ནི་སྨྲ་བ་དམ་པའོ་མི་ཟེར་རམ། དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་རེད། ང་ཚོ་བོད་འབངས་ཚོས་༧གོང་ས་མཆོག་གི་གསུང་ལ་ཉམས་ལེན་གནང་རྒྱུ་ཕར་ཞོག ཁོང་གི་མཛད་པ་ཟུར་ཆ་གཅིག་ཙམ་ལ་ཡང་། ཚོད་དཔག་གནང་ཐུབ་པ་མ་རེད། ཁྱེད་ཆབ་སྲིད་ཁྲ་ཁྲ་ཟིང་ཟིང་ཤ་སྟག་ལ་མགོ་མ་འཁོར་རོགས། ཆབ་སྲིད་གདིང་མ་དེ་ཆེས་གསང་བ་རེད། སྐད་བརྒྱག་རྒྱུ་ཏོག་ཙམ་སྔ་མ་སོང་ངམ། ང་ཚོས་མི་ལོ་དྲུག་བཅུ་སྒུགས་ཐུབ་པ་རེད། ད་ལོ་འགའ་ཤས་ངང་སྒུག་བྱོས་དང་། སྐུ་མཁྱེན། བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མིན་པའི་སྤྱི་སྒེར་མང་པོས་ལས་འགུལ་གནང་བཞིན་འདུག་པར། དེ་ཚོས་སྐད་འབོད་སོགས་གནང་བ་ལ་ཡང་ལེགས་བརྗོད་དང་ཡི་རངས་ལོས་ཞུ་དགོས། ད་དུང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་སྣ་ཚོགས་ཀྱིས། མུ་མཐུད་ནས་ལས་འགུལ་མང་ཙམ་ཞིག་གནང་རོགས། སུ་ལའང་ཡུས་མ་ཤོད། གང་གནང་ཐུབ་པ་དེ་གནོངས། འོན་ཀྱང་༧གོང་ས་མཆོག་གིས་དེང་སྐབས་བོད་རྒྱའི་ཆབ་སྲིད་གནད་དོན་སྒང་ལ་ཞལ་གསལ་གང་ཡང་གསུང་གིན་མི་འདུག་ཟེར་ནས་བསྒྲགས་གཏམ་ངན་ཕྱོགས་མ་ཤོད། ༧གོང་ས་མཆོག་གི་མཛད་པ་དེ་ལ་ངོ་མ་བཟང་ཕྱོགས་ཞིག་ལས་ཉེས་པ་ཞིག་མི་ཡོང་ཁོ་ཐག་རེད། ངས་ཆོས་དད་དང་རྨོངས་དད་ཀྱི་ཕྱོགས་ནས་བཤད་པ་མིན་ནོ། ཏོག་ཙམ་ངང་སྒུག་བྱོས་དང་། བསམ་བློ་རྒྱ་ཆེ་ཙམ་གཏོང་དང་། མིག་རྒྱངས་རིང་ཙམ་གནང་དང་། རྒྱ་ནག་དང་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་མི་རྒྱངས་རིང་ཙམ་གནང་སྟེ། ད་དུང་སློབ་སྦྱོང་གཏིང་ཟབ་གནང་དང་། འདི་ངས་མ་འོངས་ལུང་བསྟན་ཡིན། ཁྱེད་རང་ཉན་ཤེས་ན་རྒན་པའི་བསླབ་བྱ་ཡང་ཡིན། གཅིག་བྱས་ན། ཁྱེད་རང་ཉིད་འབུམ་རམས་པའི་སློབ་མ་ཡིན་པས། གཞན་གྱིས་མི་འདི་ལ། ནམ་ཡང་གཏམ་བཤད་མི་འདྲ་ཙམ་ཞིག་ཤོད་རྒྱུ་འདུག་ཟེར་བ་དང་། རང་ཉིད་ཀྱིས་ཀྱང་བསམ་བློ་བ་ཞིག་ཡིན་མདོག་གིས། མིང་གཏམ་སྟོང་པར་རེ་བའི་རྐམ་ཆགས་པའི་གཡམ་རྒྱུགས་གནང་ཤོར་བ་ཞིག་ཡིན་སྲིད། ཁྱེད་དང་ཁྱེད་འདྲ་བ་བོད་རིགས་འབུམ་རམས་པའི་སློབ་མ་དེ་འདྲ་དེང་སྐབས་ཕྱི་རྒྱལ་སློབ་གྲྭ་མང་པོའི་ནང་མཐོང་རྒྱུ་ཐུག་རྒྱུ་འདུག ངོ་མ་ཅི་གང་ཧ་མི་ལས།།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 4 སྔོན།

    ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཧ་ཅང་ཁུ་སིམ་པོ་ཡིན་པ་དེ་༸གོང་ས་མཆོག་ནས་སྤྱི་ལོ་ ༢༠༡༡ ལོར་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་རྫོགས་བོད་མི་མང་ལ་གནང་ནས་དེ་སྔའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ནས་མི་ལོ་ ༣༦༠ ལྷག་ཙམ་རིང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ྸུཋི།ཽ།ིྀ།།ོུྸདེ་ལ་འཇུག་བསྡོམས་རྒྱབ་ནས་༸གོང་ས་མཆོག་ནས་ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་སྐྱོང་བཞིན་པ་ནས་གནས་ཚུལ་གསལ།་པོ་ཤེས་ཐུབ་པ་ཞིག་ཡིན་ན་རྒྱ་ནག་གི་འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་རིང་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་དང་བཙན་བྱོལ་བོད་མི་ཚོར་ཁ་བྲལ་གྱི་མིང་རྟགས་ནས་རྒྱལ་སྤྱིའི་སྟེང་ཧམ་བཤད་སྟོང་བཤད་བྱས་ནས་བོད་ནང་འགྲོ་མིའི་ཐོབ་ཐང་བསམ་སྤྱོད་ཀྱི་རང་དབང་སྤུ་ཙམ་མེད་པ་བཟོས་ནས་ད་དུང་འཛམ་གླིང་ལ་རྫུན་གཏམ་དྲིལ་བསྒྲགས་བྱེད་བཞིན་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་ལྟར་མ་རེད་དམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese