མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་པ་རྣམས་ལ་གསང་ཉན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཕྱིར་གྱར།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨོ་རྩལ་འགྲན་ཚོགས་སྐབས་གྲངས་ཉུང་མི་རིགས་ལ་སོ་ལྟ་བྱ་བྱེད་ཀྱི་མཉེན་ཆས་ཤིག་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ལ་གསང་ཉན་བྱེད་བཞིན་ཡོད་འདུག

China has faced increased criticism for human rights abuses ahead of the Winter Olympics. Source: GETTY IMAGES

ད་ལྟ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དངོས་སུ་འཚོགས་ཀྱི་ཡོད་པའི་སྐབས་འདིར། དེ་སྔ་རྒྱ་ནག་གི་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཟུར་བ་ཞིག་གིས། ད་ལྟ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ལ་རྒྱ་ནག་རང་གིས་བཟོས་པའི་ཁ་པར་ཞིག་བེད་སྤྱོད་བྱེད་དུ་བཅུག་པ་བརྒྱུད། ཉིན་གྲངས་ ༡༤ ཡི་ཨོ་རྩལ་འགྲན་ཚོགས་རིང་རྒྱལ་སྤྱིའི་རྩེད་འགྲན་པ་དག་གི་འགྲོ་འདུག་སྤྱོད་གསུམ་ཡོངས་ལ་གསང་ཉན་བྱེད་ཀྱི་ཡོད་པ་མ་ཟད། ཁ་པར་དེའི་སྟེང་གི་གསང་ཞིབ་མཉེན་ཆས་དེ་ནི་འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་གྲངས་ཉུང་མི་རིགས་ལ་གསང་ཉན་བྱ་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན་སྐོར་ཡང་བརྗོད་ཡོད་པ་རེད།

དེ་འབྲེལ་རྒྱ་ནག་གི་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་དེས་ཨོ་གླིང་གི་གསར་ཁང་ཆེ་ཤོས་ (SBS) ལ་གསང་བའི་ཐོག་ནས་འགྲེལ་བརྗོད་བྱས་པའི་ནང་། ད་ལྟ་རྒྱ་ནག་གིས་ཨོ་རྩལ་འགྲན་ཚོགས་སྐབས་རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ལ་བཀོལ་སྤྱོད་བྱེད་དུ་འཇུག་བཞིན་པའི་འཕྲུལ་ཆས་དེ་ནི་ (Ke Da Xun Fei) འཕྲུལ་རིགས་བཟོ་ཚོང་ཁང་ལ་བདག་གི་ཡོད་པ་དང་། དེ་ལ་ (iFLYTEK) ཞེས་འབོད་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༠༤ ནས་རྒྱ་ནག་གིས་ཞིབ་འཇུག་བྱས་ནས་ཡུ་གུར་མི་མང་གི་སྐད་བརྡ་ངོས་འཛིན་དང་དབྱེ་ཞིབ་ཐུབ་པའི་སྐད་བསྒྱུར་གྱི་མཉེན་ཆས་ཤིག་ཀྱང་ཡིན་སྐོར་བརྗོད་འདུག

ད་ལྟ་རྒྱ་ནག་གཞུང་གིས་སྐད་བསྒྱུར་གྱི་མཉེན་ཆས་དེ། ཤིན་ཅང་ཁུལ་གྱི་གཞི་རྩའི་ཤེས་ཡོན་དང་། ངལ་རྩོལ་དང་སློབ་གསོ་སྒྱུར་བཀོད་ཁང་སོགས་སུ་བེད་སྤྱོད་བྱས་ཏེ། ཡུ་གུར་མི་མང་ནས་ཆོས་ལུགས་དང་ཆབ་སྲིད་སོགས་དང་འབྲེལ་བའི་དོགས་ཟོན་དགོས་པའི་ཚིག་བེད་སྤྱོད་བྱས་ཚེ། ཐད་ཀར་ཉེན་རྟོག་པར་ཉེན་བརྡ་འབྱོར་གྱི་ཡོད་པ་དང་། རྒྱ་ནག་གི་ལས་བྱེད་དེས། སྤྱིར་ཡུ་གུར་མི་མང་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱེད་སྒོ་ཡོངས་ལ་རྒྱ་ནག་གཞུང་གིས་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་ཁ་ཆེའི་གསོལ་འདེབས་དང་(Quran) ཀློག་པ། ཁྲོམ་ནས་གྲི་ཉོ་བ་སོགས་ཀྱི་སྐད་ཆ་བྱུང་སྐབས། ཉེན་རྟོག་པས་ཐད་ཀར་དྲི་རྩད་འདྲི་ཡི་ཡོད་ཅིང་། དཔེར་ན་བྱིས་པ་ཞིག་གིས་འཛིན་གྲྭའི་ནང་། རང་གི་ཨ་ཕས་རྒྱ་ནག་གི་ཟ་མ་ཟ་མི་ཉན་ཚུལ་བཤད་པ་དང་བྱིས་པ་དེའི་ཨ་ཕ་འཛིན་བཟུང་བྱས་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་སྐབས་རྒྱལ་སྤྱིའི་ལུས་རྩལ་བ་རྣམས་ལ་གསང་ཉན་བྱེད་ཀྱི་ཡོད་པའི་ཐད། ཨ་རིའི་ཁ་པར་དང་དྲ་རྒྱའི་ཉམས་ཞིབ་པ་ཇོ་ན་ཐན་སི་ཁོ་ཊི་  (Jonathan Scott) ལགས་ཀྱིས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་ཨོ་ལིམ་ཕིག་དང་འབྲེལ། ཀུ་ཤུ་རྟགས་དང་ཨན་ཌི་རའོ་ཌི། དེ་བཞིན་གྷོལ་གྷལ་སོགས་གསང་བའི་མཉེན་ཆས་ཡོངས་ལ་ཞིབ་འཇུག་བྱས་རྗེས། ངས་བཤད་ཐུབ་པ་ནི། རྒྱ་ནག་གཞུང་གིས་ཨ་རིས་བཀག་སྡོམ་བྱས་པའི་ (iFLYTEK) བེད་སྤྱད་པ་བརྒྱུད། རྩེད་འགྲན་སྐབས་ཀྱི་རྒྱལ་སྤྱིའི་ལུས་རྩལ་བ་དག་གི་སྐད་ཆ་ཡོངས་ཉར་ཚགས་ཀྱིས་དབྱེ་ཞིབ་བྱེད་ཀྱི་ཡོད་པ་གསལ་བོ་རེད། ཅེས་བརྗོད་ཡོད་པ་དང་། ཨ་རིས་ཕྱི་ལོ་ ༢༠༡༩ ནས་རྒྱ་ནག་གི་མཉེན་ཆས་དེས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པའི་ངོས་འཛིན་འོག ཁྲིམས་འགལ་གྱི་ཐོ་ཁོངས་སུ་བཅུག་ཡོད་པ་རེད།

གཞན་ཡང་། ད་ལྟ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་བཞིན་པའི་ཨོ་རྩལ་འགྲན་ཚོགས་སྐབས། ནེ་ཐི་ལན་ཌིའི་གསར་འགོད་པ་ (Sjoerd den Daas) ལགས་ཀྱིས། པེ་ཅིན་དུ་ཨོ་རྩལ་འགྲན་ཚོགས་ཀྱི་ཡུལ་དངོས་ཐད་གཏོང་བྱེད་སྐབས། རྒྱ་ནག་གི་ཉེན་རྟོག་པས་ཁོ་པ་བཙན་གྱིས་འབུད་རྒྱག་བརྒྱབ་སྟེ་ཐད་གཏོང་གནས་ཚུལ་མཚམས་འཇོག་བྱེད་དུ་བཅུག་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པ་འཛམ་གླིང་མི་མང་ལ་སླར་ཡང་ར་སྤྲོད་བྱས་པ་ཞིག་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༢༡ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese