མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ཕམ་པའི་མི་རབས་”དང་བོད་སྐད་ཀྱི་བརྡ་ཆད།

དགེ་འདུན་རབ་གསལ།
༢༠༢༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཇག་ ཁེ་རོ་ཨག་གིས་བརྩམས་པའི་ “ལམ་ལ་”ཞེས་པའི་དེབ་དེ་འགྲེམ་སྤེལ་གྱི་བརྡ་སྦྱོར་ཐོག་མར་སྤེལ་སྐབས།  འཕྲལ་དུ་“ཕམ་པའི་མི་རབས་”ཞེས་པའི་ཐ་སྙད་ཀྱི་སྐོར་ནས་སྐྱོན་བརྗོད་དམ་བསམ་འཆར་བཏོན་པ་འགའ་ཞིག་སྤྱི་ཚོགས་དྲ་ལམ་ནས་མཐོང་བྱུང་།  བསམ་འཆར་འདིའི་གྲས་ལ་སྐྱོན་བརྗོད་ཅེས་བརྗོད་ན་ཏག་ཏག་ཡིན་མིན་ཆ་མ་འཚལ།   གང་ལྟར་ཡང་སྐྱོན་བརྗོད་དམ་དགག་གཞག་སྤོང་གསུམ་གྱི་བརྒྱུད་རིམ་འདི་ལ་མ་དག་པ་བཅོ་བ་དང་དག་པ་སྤེལ་བར་བྱེད་པའི་ཕན་ཐོགས་ཡོད་པ་ནི་ཧ་ཅང་གསལ་པོ་རེད།  གང་ན་སྐྱོན་བརྗོད་དམ་དགག་གཞག་སྤོང་གསུམ་ཡོད་ན་དེ་ན་དེ་ལ་དཔག་པའི་ཡར་རྒྱས་ཀྱང་ཡོད།  ད་དུང་སྐྱོན་བརྗོད་ཡོད་སྐབས་གང་ལ་དམིགས་པ་གཏད་པའི་བརྗོད་གཞིའམ་རྗོད་བྱེད་དེ་དག་གིས་ཀློག་པ་པོའམ་མི་གཞན་ཞིག་གི་དོ་སྣང་འདྲེན་བཞིན་ཡོད་པ་སྟོན་པས་ན་དེ་ལའང་དགའ་བ་བསྐྱེད་འོས་པ་ཞིག་ཡིན།  འདི་དང་འབྲེལ་བའི་ཚིག་གཞན་འགའ་ཡང་ཞུ་རྒྱུ་ཡོད་མོད་ད་ལྟ་ནི་སྐབས་མིན་པས་གླེང་བར་མི་བྱ།

ཕམ་པའི་མི་རབས་ཞེས་པའི་ཚིག་འདི་ལ་ད་ལྟ་བོད་སྐད་དུ་ཐ་སྙད་ལྔ་ཙམ་སྦྱར་ཡོད་པར་སྣང་།  དེ་དག་ནི་ཕམ་པའི་མི་རབས་དང་།  གཉའ་ཆག་པའི་མི་རབས།  མཁོས་ཆུང་ཞིག་པོའི་སྡེ།  རྒུད་པའི་མི་རབས།  དེ་ནས་ཕམ་ཉེས་ཀྱི་མི་རབས་བཅས་རེད།   བོད་དུ་བཞུགས་པའི་དགེ་རྒན་ཆེན་མོ་ཡོན་ཏན་གྱིས་ཉེ་ཆར་འདིའི་སྐོར་གྱི་གཏམ་བཤད་ཅིག་སྤེལ་བའི་བསྒྲགས་ཡིག་ཏུ་གཉའ་ཆག་པའི་མི་རབས་ཞེས་སྦྱར་བ་དང་།   འབུམ་རམས་པ་མདའ་ཚན་བླ་མ་སྐྱབས་ལགས་ཀྱི་རྩོམ་ཡིག་ཅིག་ཏུ་མཁོས་ཆུང་ཞིག་པོའི་སྡེ་ཞེས་སྦྱར་བ།  ལྗང་བུ་ལགས་ཀྱི་རྒུད་པའི་མི་རབས་ཞེས་སྦྱར་ཡོད་པ་དྲན་གསུངས་བྱུང་།  ད་དུང་ཕམ་ཉེས་ཀྱི་མི་རབས་ཞེས་ཀྱང་སྦྱར་ཡོད་པ་རེད་ཅེས་རྒན་ལགས་ཤིག་གིས་ངོ་སྤྲོད་གནང་བྱུང་།  གོང་གསལ་ཐ་སྙད་དེ་དག་ལས་འགའ་ཞིག་ནི་དབྱིན་ཚིག་གི་གོ་དོན་ལ་བསམ་ཞིབ་ཀྱིས་བོད་སྐད་དུ་སྦྱོར་ཐབས་བྱས་པ་དང་།  གཞན་དག་ནི་རྒྱ་སྐད་དུ་བསྒྱུར་ཟིན་པའི་དབྱིན་ཚིག་འདིའི་སྐད་དོད་ཐ་སྙད་དེ་བོད་བསྒྱུར་བྱས་པ་ཞིག་རེད་དྲན།

དེ་ལྟར་ན་འདིར་ཕམ་པའི་མི་རབས་ཞེས་པའི་ཚིག་དོན་ལ་དབྱེ་ཞིབ་མདོར་ཙམ་ཞུ།  དེ་ཡང་གཞི་རིམ་གྱི་བསམ་ཚུལ་ཙམ་ཞིག་ཡིན་པ་ལས་དཔྱད་ཞིབ་གནད་ཐིངས་པའི་རྩོལ་བ་ཞིག་མིན་པའང་མཁྱེན་འཚལ།

དབྱིན་སྐད་ཀྱི་ཚིག་མཛོད་གྲགས་ཅན་ཨོག་སི་ཧྥོར་ཌིའི་ཚིག་མཛོད་དུ་གཤམ་གསལ་གྱི་འགྲེལ་བཤད་འདི་འཁོད་ཡོད།

ཕམ་པའི་མི་རབས་ཞེས་པ་ནི།  ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པའི་སྟོད་དུ།  སྲོལ་རྒྱུན་གྱི་སྤྱི་ཚོགས་དོར་ནས།  རང་རང་གི་འདོད་པ་བརྗོད་པ་རྩ་ཆེན་དུ་བརྩི་བ་གང་ཞིག་ལ།  ཇེ་ཛི་རོལ་དབྱངས་ལ་དགའ་སྣང་བྱེད་པའི་གཞོན་སྐྱེས་ཀྱི་ལས་འགུལ་ཞིག་རེད་ཅེས་བཀྲལ་འདུག  འདི་ནི་མི་རབས་འདིའི་སྐོར་གྱི་འགྲེལ་བཤད་སྟབས་བདེ་ཞིག་རེད།  ད་ལྟའི་དྲ་རྒྱ་སོགས་སུ་འདི་འབྲེལ་གྱི་རྩོམ་དང་དཔྱད་རྩོམ་ཧ་ཅང་མང་བས་ན་སྟབས་བདེའི་འགྲེལ་བཤད་ཅིག་གིས་ང་ཚོའི་ཡིད་མགུ་ནུས་མིན་ཅི་ཆ།

ང་ཚོས་ཕམ་པའི་མི་རབས་ཞེས་པའི་ཚིག་འདིའི་གོ་བ་མི་ལོན་ས་གཞན་ཞིག་ནི།  དེའི་ནང་དུ་ཡོད་པའི་མི་རབས་(generation)ཞེས་པའི་ཐ་སྙད་འདི་ཡིན་སྲིད། གོང་གསལ་ཚིག་མཛོད་དུ་དེ་ལ་ཡང་འདི་ལྟར་འཁོད་འདུག

གལ་སྲིད་ལོ་ཚད་མཉམ་པའི་མི་སྐོར་ཁག་གཅིག་དོན་བྱེ་བྲག་པའམ་བྱ་འགུལ་བྱེ་བྲག་པ་གཅིག་ལ་ཞུགས་པ་ལ་ཐ་སྙད་འདི་འཇུག་པར་བཤད་པ་དེ་ལྟར་ན་འདིར་ཡང་མདའ་ཚན་པ་བླ་མ་སྐྱབས་ཀྱིས་བྲིས་པ་ལྟར།  སྡེའམ་ཡང་རུ་ཁག་ཅེས་སྦྱར་ན་འོས་བབ་ཆེ་ཞིང་།  ཐ་སྙད་འདི་ཡང་དེ་ལྟར་འཇུག་ཆེ་བར་སྣང་།  འོན་ཀྱང་སྐབས་འདིར་ཐ་སྙད་འདི་སྦྱོར་མཁན་གྱི་སྐྱེས་བུ་ཁ་ཤས་ལས་བརྒལ་ཏེ།  བྱ་འགུལ་དེའི་སྣེ་ཁྲིད་མཁན་རྣམས་དང་དེའི་རྗེས་སུ་འབྲང་མཁན་གྱི་མི་ཐོག་དེ་ལ་འཇུག་པའང་སྣང་བས་མི་རབས་ཞེས་སྦྱར་ཀྱང་གོལ་བར་གྱུར་མེད་དོ་སྙམ།  རང་ཅག་ལའང་མི་རབས་གསར་པ་སོགས་ཀྱི་ཐ་སྙད་འདི་ད་ཆ་གོམས་ལོབས་སུ་སོང་ཡོད་སྟབས་དེས་ཀྱང་འགྲིག་ཡོད་པའི་ཚོར་བ་ཞིག་སྟེར།

ཕམ་པའི་མི་རབས་ཞེས་པ་འདིའི་གནད་ཆེ་བའི་འབྱུང་རྩའི་ཚིག་ནི་ “beat”ཞེས་པ་དེ་ཡིན་ཞིང་།  དེས་དེའི་དོན་གང་རེད། དེ་ཇི་ལྟར་འགྲེལ།  ཐོག་མར་ཚིག་མཛོད་དུ་རྟོག་པར་བྱེད།

ཚིག་མཛོད་དུ་འདི་ལ་གོ་དོན་ཧ་ཅང་མང་།  བྱ་ཚིག་གི་འཇུག་པའི་སྐབས་སུ།  དབྱུག་པ་སོགས་ཀྱིས་རྡུང་བ་དང་རྔ་སོགས་ལ་རྡེག་པ།  གདན་ལ་སོགས་པ་སྤྲུག་པ།  ཐོ་བ་སོགས་ཀྱིས་རྡུང་བ།  སྒོ་ལ་སོགས་པ་ལ་རྡུང་བ།  དེ་ནས་རྩེད་མོ་སོགས་ཀྱི་སྐབས་སུ་ཕམ་དུ་བཅུག་པ།  ཚད་ལ་སོགས་པ་ལས་བརྒལ་བར་བྱས་པ།  གཞན་ལས་རྒྱལ་བར་གྱུར་པ།  སྙིང་དང་རྩའི་འཕར་ལྡིང་བྱེད་པ།   བྱ་སོགས་ཀྱི་གཤོག་པ་རྡེབ་པ་སོགས་ལ་འཇུག་ཅིང་།  མིང་ཚིག་གི་སྐབས་སུ་རོལ་དབྱངས་ཀྱི་འདེག་འབེབ།  རྔའི་སྒྲ།  རྩའི་འཕར་ལྡིང་། གཤོག་པ་སོགས་རྡེབ་པ་སོགས་དང་།   ཁྱད་ཚིག་ལ་སྦྱོར་བའི་སྐབས་སུ་ཧ་ཅང་ཨ་ཐང་ཆད་པ་སོགས་ལ་འཇུག་པར་བཤད་དོ།།

རྩོམ་པ་པོ་དང་སྙན་ངག་པ་ཁེ་རོ་ཨག་ལགས་ཀྱིས་ “ཕམ་པའི་མི་རབས་”ཞེས་པའི་ཐ་སྙད་འདི་སྤྱི་ལོ་  ༡༩༤༨ ལོར་གསར་རྩོམ་བྱས་པར་བཤད་ཅིང་།  དབྱིན་སྐད་ཀྱི་ཐ་སྙད་འདི་ཁྱད་ཚིག་གི་སྐབས་སུ་ཐང་ཆད་པ་དང་ཧ་ཅང་ཕམ་པའི་རྣམ་པ་ཅན་སྟོན་པ་དེ་ལྟ་མོད་ཀྱང་།  ཁེ་རོ་ཨག་ལགས་ཀྱིས་ཚིག་དོན་ལ་སྣོན་པ་བཏབ་སྟེ་འབར་བཞིན་པའམ་བདེ་བ་ཆེན་པོ།  ད་དུང་རོལ་དབྱངས་ཀྱི་འདེགས་འཇོག་སོགས་ལའང་སྦྱར་བ་རེད།

ཡང་གཤམ་གསལ་གྱི་འབྲེལ་ཐག་འདི་རུ་རྩོམ་པ་པོ་ལ་བཅར་འདྲིའི་སྐབས་སུ་ཁྱེད་ཀྱིས་ “Beat”ཞེས་པ་ཇི་ལྟར་འགྲེལ་ཞེས་དྲིས་སྐབས་ཁོང་གིས་དེ་ནི་ “sympathetic” ཞེས་པ་ཡིན་ཞེས་འགྲེལ་བཤད་བརྒྱབ་སོང་།

 

 

དེ་ལྟར་ན་ཐ་སྙད་འདིའི་གོ་དོན་རྣམས་ནི་བོད་ཀྱི་སྐད་ལ་མིང་ངམ་ཚིག་གཅིག་གིས་སྟོན་མི་ནུས་ཤིང་།   ད་དུང་སྐད་གཞན་དུའང་ཚིག་གཅིག་གིས་དེ་འདྲའི་འཇུག་པ་མང་པོ་ཞིག་སྟོན་ཐུབ་པ་ནི་དཀའ་ངལ་ཞིག་ཡིན་པ་གོར་མ་ཆག།།   དེས་ན་སྐབས་དོན་ལ་གཙོ་འཛིན་གྱིས་གང་ལ་དེ་འོས་ཀྱི་རྣམ་པར་གོང་གསལ་འཇུག་ཡུལ་གྱི་ཚིག་ཅིག་འདེམས་པའམ་ཡང་ན་དབྱིན་སྐད་ཀྱི་སྒྲ་ཇི་བཞིན་བཞག་སྟེ།   གོང་གསལ་གྱི་ནང་དོན་དང་དེའི་རྒྱབ་ལྗོངས་ཀྱི་མཆན་བུ་དང་བཅས་བྷི་ཋིའི་མི་རབས་ཞེས་འབྲི་རྒྱུར་རྒྱུ་མཚན་འདུག་གོ།

རྩོམ་པ་པོ་འདིས་ཕམ་པའི་མི་རབས་ལ་འགྲེལ་བརྗོད་བྱས་པའི་ཚིག་དུམ་ཞིག་འདུག་པ་ནི་གཤམ་གསལ་ལྟར་རོ།།

“Everything is going to the beat — It’s the beat generation, it be-at, it’s the beat to keep, it’s the beat of the heart, it’s being beat and down in the world and like oldtime lowdown and like in ancient civilizations the slave boatmen rowing galleys to a beat and servants spinning pottery to a beat…”

ལུང་འདྲེན་འདི་རྩོམ་པ་པོས་བཀླགས་པ་དེ་ཟུར་གསལ་གྱི་བརྙན་ཐུང་འབྲེལ་ཐག་ལས་གསན་ཐུབ།

ཡང་འདི་ཉིད་ཕབ་བཤུ་བྱས་པའི་ལུང་ཆ་ཚང་ཟུར་གསལ་གྱི་འབྲེལ་ཐག་འདི་ནས་གསན་གཟིགས་གནང་ཐུབ།

ཡང་རྩོམ་པ་པོ་འདིས་ “ཕམ་པའི་མི་རབས་ཤིག་ཡོད་དམ།”ཞེས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་ཅིག་སྤེལ་འདུག་པ་དེའི་འབྲེལ་ཐག་གཤམ་གསལ་འདི་ཡིན་ནོ།།

ད་དུང་འདི་ཉིད་ཕབ་བཤུ་བྱས་པའི་ཡི་གེ་ཀློག་ན།  འབྲེལ་ཐག་འདི་ཡིན་ནོ།།

https://www.wnyc.org/story/is-there-a-beat-generation/

དེ་ནས་ཇག་ ཁེ་རོ་ཨག་ལགས་དང་མཉམ་དུ་ཕམ་པའི་མི་རབས་ཀྱི་སྣེ་འཁྲིད་དུ་གྱུར་པའི་སྙན་ངག་པ་ཨ་ལེན་གྷིན་སི་བྷག་ལགས་ཀྱིས་འདིའི་སྐོར་གྱི་རྩོམ་ཞིག་བྲིས་པ་དེར་ཡང་ཕམ་པའི་མི་རབས་ཞེས་པའི་དབྱིན་ཚིག་དེའི་གོ་དོན་ཐད་སྒོར་མོ་དང་སྡོད་གནས་སོགས་མེད་སྟབས་ཕམ་པར་གྱུར་པ་དང་།  ངལ་དུབ་ཀྱིས་མནར་ནས་ཨ་ཐང་ཆད་པ།  རྔ་ལ་སོགས་པ་རྡུང་བ།  ཆོས་ཕྱོགས་ཀྱི་བདེ་བ་ཆེན་པོ།  མཐར་རྩོམ་རིག་གི་བྱ་འགུལ་བཅས་ཀྱི་ནང་དོན་ཡོད་པར་བཤད་འདུག  རྩོམ་འདི་ཞིབ་ཏུ་ཀློག་བཞེད་མཆིས་ན།  གཤམ་གསལ་གྱི་འབྲེལ་ཐག་རྣམས་ལའང་གཟིགས་པར་འཚལ།

https://lithub.com/allen-ginsbergs-definition-of-the-beat-generation/

གོང་དུ་འཁོད་པ་རྣམས་ནི་མ་ཡིག་གི་ནང་དོན་འབྱིན་ཐབས་ལ་རྩོལ་བ་བྱས་པའི་རྣམ་པ་ཞིག་ཡིན་ལ།  ད་ནི་བོད་སྐད་དུ་ཕམ་པའི་མི་རབས་ཟེར་རམ་རྒྱལ་བའི་མི་རབས་ཟེར།  གཉའ་ཆག་པའི་མི་རབས་ཟེར་རམ་མགོ་འཕང་མཐོ་བའི་མི་རབས་ཟེར།  སྡུག་གིས་མནར་བའི་མི་རབས་ཟེར་རམ་བདེ་བ་ཆེན་པོའི་མི་རབས་ཟེར།  དྲི་བ་འདི་དག་ནི་མུ་མཐུད་ཡོང་ངེས་ཤིང་།   དེ་དང་འབྲེལ་བའི་རྩོད་པ་དང་རྩོད་སྤོང་ཡང་མུ་མཐུད་ནས་ཡོང་ངེས།

རྫོགས་སོ།།

གསལ་བཤད།  ལ་རྩེའི་ལས་འཆར་གྱིས་སྤེལ་བཞིན་པའི་དཔེ་དེབ་རྣམས་ལ་གཟིགས་འདོད་ན།  འབྲེལ་ཐག་གཤམ་གསལ་རྣམས་ལ་ཕེབས་རོགས་མཛོད།

108 Translations

Welcome to Dharma Ebooks

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese