མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་ཚོས་དམར་ཤོག་གི་བཀའ་ལ་ཉན་དགོས་པའི་བཀའ་ཕབ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་གསར་པ་ཝང་ཅུན་ཀྲེང་དགའ་ལྡན་དགོན་དང་ར་མོ་ཆེ་གཙུག་ལག་ཁང་སོགས་སུ་ཕྱིན་ཏེ་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་སོགས་བྱེད་དགོས་སྐོར་བཤད།

རྒྱ་ནག་པེ་ཅིན་གྱི་ཨོ་རྩེད་འགྲན་ཚོགས་འཚོག་བཞིན་པ་དང་བོད་མིའི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་སྟབས། ཁེ་ཉིན་ཕྱི་ཚེས་ ༡༧ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་ཟེར་བ་དེ་བོད་ཀྱི་གདན་ས་ཆེན་མོ་དགའ་ལྡན་དགོན་པ་དང་། ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་གཉིས་སུ་ཆེད་སྐྱོད་ཀྱིས། དགེ་འདུན་པ་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། ཞི་ཅིན་ཕིང་གི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་དང་། ཏང་གི་ཆོས་ལུགས་ལས་དོན་ཟེར་བའི་སྐོར་གྱི་གཞི་རྩའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ནན་པོ་བྱ་དགོས་པའི་བཀའ་བཏང་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་བའི་ནང་། ད་ལན་ཝང་ཅུན་ཀྲེང་ཟེར་བ་དེ་དགོན་སྡེ་ཁག་ལ་རྟོག་ཞིབ་ཆེད་དུ་བསྐྱོད་པ་ཞིག་ཡིན་པ་དང་། སྐབས་དེར་ཁོས་དགེ་འདུན་པ་ཚོས་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་“མེས་རྒྱལ་གཅིག་གྱུར་”དང་“མི་རིགས་མཐུན་སྒྲིལ་”ཟེར་བར་སྲུང་སྐྱོང་བྱ་དགོས་པ་དང་། དེ་གཉིས་ནི་སྤྱི་ཚོགས་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་ཟེར་བ་བཅས་སྲུང་སྐྱོང་བྱེད་ཐབས་ཤིག་ཡིན་སྐོར་དང་། ཆབ་སྲིད་ཀྱི་ཐད་ལ་གྲྭ་བཙུན་རྣམས་ཀྱིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ་དགོས་པ། ཆོས་ལུགས་ཀྱི་ཐད་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་དགོས་པ། ཀུན་སྤྱོད་ཀྱི་ཐད་ལ་དམངས་མགུ་བ་དང་། འགག་རྩའི་དུས་སྐབས་སུ་ནུས་པ་ཐོན་དགོས་སྐོར་སོགས་དུས་རྒྱུན་རྒྱ་ནག་གཞུང་གིས་འཆད་བཞིན་པའི་གྲྭ་བཙུན་རྣམས་ལ་ཚང་དགོས་པའི་ “ཚད་གཞི་བཞི་” ལ་སློབ་སྦྱོང་བྱས་ཏེ་སྔོན་ཐོན་པ་ཞིག་བྱ་དགོས་པའི་ཆབ་སྲིད་རང་བཞིན་གྱི་དྲིལ་བསྒྲགས་དེ་ཡིན་ཞིང་། དེ་ནི་བོད་ཀྱི་དགོན་སྡེ་ཁག་དང་ཆོས་ལུགས་ཀྱི་སྡེ་ལ་སྟངས་འཛིན་བྱེད་ཐབས་དང་། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གི་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་ཞེས་པའི་ལས་འགུལ་སྔར་བས་ཤུགས་ཆེར་གཏོང་བའི་རྣམ་པ་ཞིག་ཡིན་པ་རེད།

གཞན་ཡང་ཝང་ཅུན་ཀྲེང་ཟེར་བ་དེས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུ་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཞེས་པ་ནན་བཤད་བྱས་ཡོད་སྐོར་དང་། ད་དུང་དགོན་པའི་རིག་དངོས་ཁག་ལ་སྲུང་སྐྱོབ་ཚད་ལྡན་བྱ་དགོས་པ་དང་། བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་དོན་དངོས་རྣམས་སྔོག་འདོན་བྱ་དགོས་པ་ཟད། དེ་དག་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཁྲོད་དུ་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་”ཀྱི་འདུ་ཤེས་བརྟན་པོ་སླེབས་རྒྱུར་ཤུགས་བརྒྱབ་དགོས་སྐོར་ཡང་བརྗོད་ཡོད་འདུག

བོད་གནས་ཉམས་ཞིབ་པ་རྣམས་ཀྱིས་ད་ལན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་དགའ་ལྡན་དགོན་པ་དང་ར་མོ་ཆེ་གཙུག་ལག་ཁང་ལ་བསྐྱོད་རྒྱུ་དེ། གཙོ་བོ་གསུམ་བཅུ་དུས་དྲན་འཆར་ལ་ཉེ་བའི་སྐབས་འདིར་བོད་ཁུལ་དུ་ངོ་རྒོལ་ལས་འགུལ་རིགས་མི་ཡོང་བའི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག དེ་ཡང་ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་སྲིད་འཛིན་ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཟེར་བ་སོགས་བཤད་དེ། བོད་ས་སྟོད་སྨད་ཡོངས་སུ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་དང་། བོད་བརྒྱུད་ནང་བསྟན་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ “འཚམ་མཐུན་”ཡོང་ཐབས་སོགས་ཀྱི་མིང་ཐོག་ནས་དམ་དྲག་དང་སྟངས་འཛིན་ཤུགས་ཆེར་བྱེད་མུས་ཡིན་པ་རེད།

དེའི་ཐོག་ཕྱི་ལོ་ ༡༩༩༦ ལོར་ཐོག་མར་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་སྤེལ་ཏེ་རིམ་བཞིན་བོད་ས་ཡོངས་སུ་ཁྱབ་གདལ་དུ་སོང་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དེ་མུ་མཐུད་ལག་བསྟར་བྱེད་མུས་ཡིན་ཞིང་། དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གྲངས་ཐོ་ལྟར་ན། ད་བར་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལེན་མ་བྱས་པའི་གྲྭ་བཙུན་རྣམས་འཇུ་བཟུང་དང་ཕྱིར་འབུད། རང་ལོ་ ༡༨ མ་སོན་པ་རྣམས་དགོན་པར་སྡོད་མ་བཅུག་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༣ པ་ནས་བཟུང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་དང་། ༢༠༡༡ ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་འཆམ་མཐུན་མིག་དཔེ་དགོན་པ་དང་རྒྱལ་གཅེས་སྔོན་ཐོན་གྱི་གྲྭ་བཙུན་དཔྱད་འདེམས་བྱེད་པའི་ལས་འགུལ། དཔེ་བཟང་གཟེངས་བསྟོད་ལས་འགུལ་སོགས་དང་། དུས་རྒྱུན་དུ་ནས་སྒྲིག་བཀུར་ཁྲིམས་སྲུང་ཟེར་བ་དང་། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་སོགས་ཀྱི་ཆབ་སྲིད་རྒྱབ་ལྗོངས་དང་དྲིལ་བསྒྲགས་རང་བཞིན་ལྡན་པའི་ལས་འགུལ་ཤུགས་ཆེར་སྤེལ་མུས་ཡིན་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩
Mobile App

བོད་ཉག་རོང་ཁུལ་དུ་ས་ཡོམ་ཚད་རིམ་ ༥།༥ ཅན་ཞིག་བྱུང་།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese