མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་དྲིལ་བཀའ་བློན་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

 ཁ་སང་ཕྱི་ཚེས་ ༢༤ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) ལགས་སུ་ཐུག་འཕྲད་གནང་ཡོད་འདུག

L-R: OoT Secretary Tashi Dhondup, Representative Namgyal Choedup, Special Coordinator Under Secretary Uzra Zeya, DIIR Kalon(Minister) Norzin Dolma, and DIIR Secretary Karma Choeying.

སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཚབ་ཞུས་ཏེ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ལགས་ལ་འཚམས་འདྲི་ཞུས་ཤིང་། བཀའ་ཤག་གསར་པའི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ལགས་ལ་མཛད་འཕྲིན་རྒྱས་པོ་ཡོད་ཀྱང་མཇལ་འཕྲད་ཀྱི་དུས་ཚོད་དང་བོད་མིར་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ལགས་ཀྱིས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཀའ་བློན་དུ་བསྐོ་གཞག་བྱུང་བར་དགའ་བསུ་ཞུས་གནང་ཡོད་འདུག་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་དུ་གང་མགྱོགས་མཇལ་འཕྲད་ཞུ་འདོད་ཀྱི་འདུན་པ་ཤུགས་ཆེ་ཡོད་སྐོར་གསུངས་ཡོད་འདུག

Kalon with Rashad Hussein, US Ambassador-at-large for International Religious Freedom.

ད་ལན་ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་བདུན་ཕྲག་གཅིག་རིང་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་སླད། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གནང་ཡོད་འདུག་ལ། ཐེངས་འདིའི་མཇལ་འཕྲད་ཀྱིས་འབྱུང་འགྱུར་ཨ་རིའི་གཞུང་དང་བོད་མིའི་སྒྲིག་འཛུགས་དབར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་ཐད་གཞི་རྟེན་གང་ལེགས་བསྐྲུན་ཐབས་གནང་གི་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཙོས་པའི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས། དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་བཅས་ཀྱིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་ར་ཤཌ་ཧུ་སེན་ (Rashad Hussain) ལགས་དང་།  ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མི་འབོར་དང་། སྐྱབས་བཅོལ་བ། གཞིས་སྤོས་བཅས་ཀྱི་ལས་དོན་ཚན་པའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ལྕམ་སྐུ་ནན་སི་ཨི་ཛོ་ཇེག་སན་ (Nancy Izzo Jackson-A) ལགས། དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་ཆོས་ལུགས། ངལ་རྩོལ་བཅས་ཀྱི་ཚན་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་སི་ཁོ་ཊི་བྷུ་སི་བྷེ་ (Scott Busby-A) ལགས་བཅས་དང་མཇལ་འཕྲད་གནང་ཡོད་འདུག

Kalon with Nancy Izzo Jackson, A/Assistant Secretary of State, PRM(Population, Refugee and Migration), and staffers.

བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་ཐེངས་འདིའི་གཟིགས་སྐོར་དེ་ནི། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་བཀའ་བློན་མཆོག་གིས་ལས་འཁུར་དམ་འབུལ་ཞུས་རྗེས་ཕྱི་རྒྱལ་ཡུལ་གྲུའི་ནང་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཞིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) ལགས་དང་དངོས་སུ་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 1

  1. Chogyur says:
    ལོ་ 4 སྔོན།

    ༄། པར འདི་ལ་བལྟ་ན་་ཕྱི་འབྲེལ་བཀའ་བློན་དང་དོན་གཅོད་རྣམས་གཉིས་ལ་བོད་ཀྱི་རྒྱལ་དར་གཟུགས་པོ་་ལ་མེར་པར་གང་ཡིན་ནམ། བློ་ཕམ་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese