མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབུམ་རམས་སློབ་མར་དམིགས་པའི་བོད་རིག་པའི་དྲ་ཐོག་བགྲོ་གླེང་ཐོག་མ་བསྡུས།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སློབ་མ་དང་ཉམས་ཞིབ་པ་སོགས་མཉམ་འབྲེལ་གྱིས་ཕན་ཚུན་གྱི་ཉམས་མྱོང་བརྗེ་རེས་དང་ཞིབ་འཇུག་གི་ཁ་ཕྱོགས། མཉམ་འབྲེལ་དང་འབྲེལ་ལམ་ཡར་རྒྱས་བཅས་ལ་དམིགས་ནས་དྲ་ལམ་བོད་རིག་པའི་བགྲོ་གླེང་ཐོག་མ་སྐོང་ཚོགས་བྱས།

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༢ བར་ཉིན་གྲངས་གཉིས་ཀྱི་རིང་ཕྱི་ལོ་ ༢༠༢༢ ལོའི་དྲ་ལམ་བརྒྱུད་འབུམ་རམས་པའི་སློབ་མར་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐོག་མ་བསྡུས་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་བགྲོ་གླེང་དེའི་སྐོར་ངོ་སྤྲོད་གནང་རོགས་ཞུས་པར། ཁོང་གིས་ལས་རིམ་འདིའི་དམིགས་ཡུལ་ནི་བརྡ་འཕྲིན་དུས་རབས་འདིར་གློག་ཀླད་སྒེའུ་ཁུང་གཅིག་གི་ནང་དུ་འཛམ་གླིང་སྤྱི་ཡོངས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མྱོང་བཞིན་པ་ལྟར། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བཞུགས་པའི་བོད་རིག་པའི་ཤེས་ཡོན་ཅན་སྤྱི་དང་ལྷག་པར་དུ་འབུམ་རམས་པའི་སློབ་མ་རྣམས་ཀྱིས་རང་གི་ཉམས་མྱོང་སྤེལ་རེས་དང་། ཞིབ་འཇུག་གི་ཁ་ཕྱོགས། མཉམ་འབྲེལ་དང་འབྲེལ་ལམ་བཅས་ཡར་རྒྱས་གོང་འཕེལ་ཆེད། དྲ་ལམ་ནས་ལེགས་བཤད་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་སྟེ། དྲ་ལམ་ནས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་བྱས་ན་ཕན་ཐོགས་ངེས་ཅན་ཡོང་ཐུབ་པར་མཐོང་བས། དྲ་ལམ་བགྲོ་གླེང་འདིར་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་སོགས་ཀྱིས་མཉམ་འབྲེལ་དང་མཉམ་ཞུགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ལས་རིམ་འདི་ཧྥ་རན་སིར་རྟེན་གཞི་བྱས་པའི་ཨ་ནལ་གོ་གཙུག་ལག་སློབ་ཆེན་ (Inalco) དང་ཐའེ་ཝན་དུ་རྟེན་གཞི་བྱས་པའི་ཧྥོ་ཀོན་གཙུག་ལག་སློབ་གྲྭ་ཆེན་མོ་ (Fo Guang University)། ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་ཡོད་པའི་ཋ་སི་མ་ནི་ཡ་གཙུག་ལག་སློབ་ཆེན་ (University of Tasmania)། ཉི་ཧོང་གི་ཧེ་རི་ཤི་མ་གཙུག་ལག་སློབ་ཆེན་ (Hiroshima University)། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཅས་ཀྱིས་གོ་སྒྲིག་གནང་ཡོད་སྐོར་སོགས་བརྗོད་བྱུང་།

འཛུལ་ཞུགས་པའི་ཆ་ནས་ཁོང་གིས་ཐེངས་འདིའི་ལས་རིམ་ནང་འབུམ་རམས་པའི་སློབ་མ་ ༢༠ དང་དེ་ལ་སློབ་སྟོན་གནང་མཁན་འཛམ་གླིང་ས་ཕྱོགས་གང་སར་ནས་དགེ་རྒན་ཆེན་མོ་ ༡༤ གདན་འདྲེན་ཞུས་ནས་སོ་སོའི་བརྗོད་གཞི་དང་འབྲེལ་བའི་ཐོག་ནས། དེ་ལ་ཆེད་ལས་མཁས་པའི་དགེ་རྒན་ཆེན་མོས་ལམ་སྟོན་གནང་ཡོད་རེད། གཞན་ཡང་ཟུར་ཞུགས་པ་ ༢༡ སོགས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད། ཅེས་བརྗོད་བྱུང་།

བོད་རིག་པའི་བགྲོ་གླེང་དེའི་བརྗོད་གཞིའི་ཁག་ནི་བོད་དང་འབྲེལ་བའི་ཞིབ་འཇུག་རང་བཞིན་གཙོ་བོར་གྱུར་པའི་སྣ་མང་ཤེས་རིག་དང་། ནང་ཆོས་དང་ལོ་རྒྱུས། རྩོམ་རིག་དང་སྐད་ཡིག བོད་དང་འབྲེལ་བའི་གློག་བརྙན་ལ་སོགས་ཀྱི་སྐོར་ཡིན་པ་དང་། འདི་གའི་གསར་འགོད་པས་མ་འོངས་པར་བགྲོ་གླེང་འཚོག་འཆར་ཡོད་མེད་སྐོར་དྲིས་པར། མ་འོངས་པར་རང་གཞན་གཉིས་ཕན་ཆེད་གཙུག་ལག་སློབ་ཆེན་དང་ཞིབ་འཇུག་པ་གང་མང་ཞིག་མཉམ་འབྲེལ་གྱིས་དྲ་ལམ་བགྲོ་གླེང་རེ་སྐོང་ཚོགས་ཐུབ་པའི་འཆར་གཞི་དང་དངོས་སུ་འཚོག་རྒྱུའི་འཆར་གཞི་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese