མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འཕྲད།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་ནག་ནང་ངོ་བོ་འགྱུར་བའི་ཏོག་ནད་འགོས་ཁྱབ་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ཏོག་ནད་གཅིག་ཀྱང་མེད་པའི་སྲིད་ཇུས་འོག ཏོག་ནད་ཀྱི་ལས་དོན་འཐུས་ཤོར་བཏང་བར་ངོས་འཛིན་གྱིས་གྲོང་ཁྱེར་གཅིག་གི་ཉེན་རྟོག་དཔོན་དང་དམར་ཤོག་དཔོན་རིགས་སོགས་མི་དྲུག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག

ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཇེ་ཆུང་དུ་ཕྱིན་ནས། འཛམ་གླིང་རྒྱལ་ཁབ་མང་པོས་ཁྱིམ་སྡོད་བཀག་རྒྱ་ལྷོད་ཡངས་ཀྱི་གཙོས་རྒྱལ་མཚམས་སྒོ་འབྱེད་སོགས་གནང་མུས་ཡིན་ཡང་། ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་ཞིང་ཆེན་ ༤ ཙམ་ནང་ཏོག་ནད་གསར་པ་ཕོག་པའི་མི་གྲངས་ ༥༢༨༠ བྱུང་ཡོད་པར་བརྟེན། ཞིང་ཆེན་དེ་དག་ནང་མི་མང་གི་འགྲོ་བསྐྱོད་རང་དབང་ལ་དམ་དྲག་དང་། མི་མང་ནས་ཏོག་དབྱིབས་ནད་རྟགས་ཡོད་མེད་བརྟག་དཔྱད་གཏོང་དགོས་པ། དེ་བཞིན་སྤྱི་དམངས་འགྲིམས་འགྲུལ་དང་འབྲེལ་བའི་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ཞབས་ཞུའི་ལས་རིགས་མཚམས་འཇོག་བྱས་ཡོད་པ་མ་ཟད། ཧྲི་ཊིན་གྲོང་ཁྱེར་གྱི་མི་མང་ས་ཡ་ ༡༧ ལྷག་ཁྱིམ་སྡོད་བཀག་རྒྱའི་འོག་བཅུག་ཡོད་པ་རེད།

དེ་ཡང་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ནང་། འདས་པའི་ཆུ་ཚོད་ཉེར་བཞིའི་ནང་རྒྱ་ནག་ནང་ཏོག་ནད་གསར་པ་ཕོག་མཁན་མི་གྲངས་ ༥༢༨༠  ཙམ་བྱུང་ཡོད་པའི་ཁྲོད། རྒྱ་ནག་གི་བྱང་ཤར་ཁུལ་གྱི་མངའ་སྡེ་ཇི་ལིན་ (Jilin) ནང་ཏོག་ནད་གསར་པ་ཕོག་པའི་མི་གྲངས་ ༣༠༠༠ ལྷག་བྱུང་ཡོད་པར་བརྟེན།  མི་འབོར་ས་ཡ་ ༡༤ ལྷག་ཡོད་པའི་ཇི་ལིན་གྲོང་ཁྱེར་གྱི་མི་མང་རྣམས་ཞིང་ཆེན་གཞན་དང་གྲོང་ཁྱེར་གཞན་ནང་བསྐྱོད་མི་ཆོག་པའི་བཀག་རྒྱ་བསྡམས་ཡོད་པ་དང་། རྒྱལ་སྤྱིའི་ (Aljazeera) གསར་ཁང་གི་གནས་ཚུལ་ལྟར་ན་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཇི་ལིན་ཞིང་ཆེན་གྱི་གྲོང་ཁྱེར་ལྟེ་བ་ཁྲང་ཆིན་ (Changchun) ཁྱིམ་སྡོམ་བཀའ་རྒྱའི་འོག་བཅུག་ཡོད་ཅིང་།  ཕྱི་ཟླ་གསུམ་པའི་ཟླ་མགོའི་བདུན་ཕྲག་གཉིས་རིང་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བ་མི་གྲངས་ ༡༠༠༠༠ ལྷག་ཡོད་པར་བཤད།

རྒྱ་གར་གྱི་ (News Nine) གསར་ཁང་གི་གནས་ཚུལ་ལྟར་ན། ད་ལྟ་རྒྱ་ནག་གི་ཞིང་ཆེན་ ༡༦ ནང་ཏོག་གསར་འགོས་ཁྱབ་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། དེ་དག་གི་ཁྲོད་རྒྱ་ནག་ཧྲན་ཏུང་ (Shangdong) ཞིང་ཆེན་ནང་མི་གྲངས་ ༡༠༦ ཙམ་ལ་ཏོག་ནད་ཕོག་ཡོད་པ་དང་། ཀོང་ཏུང་ (Guangdong) ཞིང་ཆེན་ནང་མི་གྲངས་ ༤༨།  དེ་བཞིན། པེ་ཅིན་དང་ཧྲང་ཧེ་ (Shanghai) ནང་མི་གྲངས་ ༡༥། གྲངས་འབོར་ཁ་གསལ་མེད་པར་ཐའེ་ཇི་གྲོང་ཁྱེར་དང་ཁྲུང་ཆིན་(Chongqing) སོགས་ཀྱི་ནང་ཏོག་ནད་འགོས་ཁྱབ་ཀྱི་དཀའ་ངལ་འཕྲད་མུས་ཡིན་སྐོར་བརྗོད་འདུག

ལན་ཌོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཚོས། ད་ལྟ་རྒྱ་ནག་ནང་འགོས་ཁྱབ་འགྲོ་བཞིན་པའི་ཏོག་ནད་ནི་ཨོ་མེ་ཁུ་རོན་ཏོག་གསར་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༤ ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་དཀའ་ངལ་སེལ་ཐུབ་སྐོར་བརྗོད་འདུག་ལ། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་ད་ལྟ་རྒྱ་ནག་ནང་ཏོག་ནད་འགོས་ཁྱབ་འབྱུང་བཞིན་པའི་གྲངས་འབོར་ ༣༥༠༠༠ ཙམ་ཆགས་སྲིད་སྐོར་བསྒྲགས་འདུག

ད་ལན་རྒྱ་ནག་ནང་ཏོག་ནད་འགོས་ཁྱབ་ཤུགས་ཆེན་བྱུང་བ་དང་བསྟུན། ཀོང་ཏུང་ཞིང་ཆེན་ཏུང་ཀོན་(东莞市) གྲོང་ཁྱེར་ནང་ཏོག་གསར་ནད་པ་ཐོན་ཏེ་གཉན་རིམས་སྔོན་འགོག་གི་ལས་དོན་འཐུས་ཤོར་བཏང་བའི་གནས་སྟངས་འོག གྲོང་ཁྱེར་དེའི་ཉེན་རྟོག་པ་དང་དམར་ཤོག་ཚོགས་པའི་མགོ་ཁྲིད་སོགས་མི་སྣ་དྲུག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་དང་། ད་བར་རྒྱ་ནག་ནང་ཏོག་ནད་ཕོག་པའི་མི་གྲངས་འབུམ་ ༡ ལྷག་བྱུང་བའི་ཁྲོད། མི་གྲངས་ ༤༦༣༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༥ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༧ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese