མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་བལ་ནང་གི་སྡོད་ཁང་མེད་མཁན་ཚོའི་ཆེད་དུ་མ་འོངས་ལོ་གཉིས་ནང་བཀའ་ཤག་གིས་ས་ཆ་གང་མང་མང་མཁོ་སྒྲུབ་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ནའང་ཉམ་ཐག་ཇེ་མང་དུ་འགྲོ་ཡི་འདུག་ཟེར་བའི་གནས་སྟངས་དེར་ཞིབ་འཇུག་ཆེད་ཁྱིམ་ཚང་རེ་རེའི་ནང་དུ་འཛུལ་ཏེ་ཞིབ་འཇུག་གནང་མུས་ཡིན་པས་མ་འོངས་པར་སྙན་ཐོ་རྒྱས་པ་ཞིག་གྲོས་ཚོགས་ལ་འབུལ་ངེས་ཡིན་སྐོར་གསུངས་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་ ༣ པའི་ཞོགས་པའི་ཚོགས་ཐུན་སྟེང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉེ་ལམ་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་སྡོད་ཁྱིམ་མེད་པའི་བོད་མིའི་གྲངས་འབོར་བསྡུ་རུབ་ཀྱི་ལས་གཞི་ཞིག་སྤེལ་ཡོད་པའི་དགོས་དམིགས་དང་མ་འོངས་འཆར་གཞིའི་སྐོར་གསལ་བཤད་གནང་སྐབས། བཀའ་ཤག་གི་དུས་ཡུན་འདིའི་ནང་ཁང་པ་མེད་མཁན་ཚོར་ཁང་པ་བརྒྱ་ཆ་བརྒྱ་ཐམ་པ་སྤྲོད་ཐུབ་པའི་རེ་བ་བྱེད་ཀྱི་མེད་ནའང་། ཡོང་རྒྱུའི་ལོ་གཉིས་ནང་ས་ཆ་གང་མང་མང་མཁོ་སྒྲུབ་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

དེ་ཡང་ཁ་སང་ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ངོས་ནས་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མིའི་ཁྲོད་དུ་རང་བདག་ཁང་ཁྱིམ་མེད་པའི་གྲངས་འབོར་བསྡུ་རུབ་ཅིག་བྱས་པ་དེའི་གནས་སྟངས་ཐད་གསལ་བཤད་གནང་ཡོད་པ་ལྟར། དེ་རིང་གི་སྔ་དྲོའི་ཚོགས་ཐུན་སྟེང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། འཛིན་སྐྱོང་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁང་ཁྱིམ་མེད་པ་ཚང་མའི་དཀའ་ངལ་སེལ་ཐབས་ཆེད། ལོ་དུས་ནུས་པ་ག་ཚོད་དགོས་ཀྱི་ཡོད་མེད་དང་། དེའི་ཆེད་དུ་ཨ་སྒོར་ས་ཡ་ ༣༠ ལྷག་ཐབས་ཤེས་གནང་རྒྱུ་དེ་སྟབས་བདེ་མིན་ནའང། དེའི་ཐད་དགོངས་བཞེས་གནང་བ་དེར་བསྔགས་བརྗོད་ཞུ་ཡི་ཡོད་སྐོར་དང་། དྷ་རམ་ས་ལ་ལྟ་བུར་མཚོན་ན་བོད་མི་གསར་འབྱོར་མང་སའི་ས་གནས་ཤིག་ཡིན་སྟབས། ས་ཆ་དང་ཡུལ་ཁྲིམས་ཀྱི་དཀའ་ངལ་ལ་མ་ལྟོས་པར་ས་གནས་སུ་ཡོད་པའི་བོད་ཁྱིམ་གྱི་སློབ་གྲྭ་དྷ་ཤོད་བོད་ཁྱིམ་ལྟ་བུར་འཛིན་རིམ་ལྔ་པ་མན་ཆད་མ་གཏོགས་མེད་སྟབས། འཛིན་སྐྱོང་བཀའ་ཤག་ངོས་ནས་བོད་ཁྱིམ་དང་གོ་བསྡུར་བྱས་ཏེ་རག་ཐབས་ཡོད་མེད་སྐོར་དགོངས་ཚུལ་བཏོན་སོང་།

དེའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གི་དུས་ཡུན་འདིའི་ནང་ཁང་པ་མེད་མཁན་ཚོར་ཁང་པ་བརྒྱ་ཆ་བརྒྱ་ཐམ་པ་སྤྲོད་ཐུབ་པའི་རེ་བ་བྱེད་ཀྱི་མེད་ནའང་། ཡོང་རྒྱུའི་ལོ་གཉིས་ནང་ས་ཆ་གང་མང་མང་མཁོ་སྒྲུབ་བྱ་རྒྱུ་ཡིན་པ་དང་། འཛིན་སྐྱོང་ངོས་ནས་ཁང་པ་མེད་མཁན་གྱི་ཐོ་གཞུང་རེ་རེ་ལ་ཞིབ་འཇུག་བྱས་ཏེ། མཐར་ཁང་པ་མེད་པའི་ཐོ་གཞུང་གཏན་འབེབ་ཟིན་རྗེས། ཐོ་གཞུང་དེ་བོད་མིའི་སྤྱི་ཚོགས་ནང་དགྲམ་རྒྱུ་ཡིན་ལ། གང་ལྟར་ཞིབ་འཇུག་ཚད་ལྡན་བརྒྱུད་ཁང་པ་ཐོབ་མི་དགོས་པ་ལ་ཐོབ་འདུག་ཟེར་བ་དང་། ཐོབ་དགོས་པ་ལ་ཐོབ་མི་འདུག་ཟེར་བའི་སྐད་ཆ་དེ་མེད་པ་བཟོ་ཐབས་བྱ་ངེས་ཡིན་སྐོར་དང་། ཁང་པའི་གནད་དོན་ཐད་སྤྱི་འཐུས་ནང་དོགས་པ་འདྲ་བྱུང་ཚེ། སྤྱི་འཐུས་ལྷན་ཚོགས་ངོས་ནས་ཚོགས་ཆུང་ཞིག་བཙུགས་ཏེ་སྐབས་དང་དུས་སུ་ནང་སྲིད་ལས་ཁུངས་དང་ལྷན་དུ་ལས་གཞིའི་གནས་སྟངས་སྐོར་གོ་བསྡུར་བྱ་ཆོག་པ་མ་ཟད། སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཀའི་ནང་ཚུད་ས་གནས་ཁག་ལ་ཕེབས་ཀྱི་ཡོད་སྟབས། འཛིན་སྐྱོང་ངོས་ནས་ས་གནས་རེ་རེའི་ལས་འཆར་ཁག་སྤྱི་འཐུས་རྣམས་ལ་ཕུལ་ཏེ། སྤྱི་འཐུས་རྣམ་པས་ས་གནས་ཁག་གི་ལས་འཆར་གྱི་གནས་སྟངས་ལ་གཟིགས་རྒྱུ་ཡོད་སྐོར་དང་། ཁང་པ་མཁོ་སྤྲོད་ཀྱི་ལས་གཞི་དེ་བང་ཡག་པོ་མ་བསྒྲིག་པ་ཡིན་ན། ལས་གཞི་རེ་རེ་ལ་བལྟས་ནས་ཐག་གཅོད་ལེན་སྐབས། སྤྱི་སྙོམས་ཀྱི་སྲིད་ཇུས་དང་འཆར་གཞི་ལྡན་པ་ཞིག་ཡོང་གི་མི་འདུག་ཟེར་བ་ལས། ད་ལྟ་བར་གནང་བཞག་པ་རྣམས་ཡག་པོ་མ་རེད་ཟེར་གྱི་མེད། བཀའ་ཤག་སྔོན་མས་དགོངས་པ་བཞེས་པ་ལ་བརྟེན་ནས་ང་ཚོས་མུ་མཐུད་ནས་ལམ་ཁ་བཟོས་བཞག་པ་དེ་རྒྱ་ཆེ་རུ་དང་འཆར་གཞི་ལྡན་པ་ཞིག་བཟོ་ཐུབ་ན། ད་ལྟ་ང་ཚོར་དཀའ་ངལ་འཕྲད་བཞིན་པ་དེ་སེལ་རྒྱུའི་རེ་བ་ཡོད་པ་རེད། ཅེས་དང་། གལ་ཏེ་ད་ལྟའི་བཀའ་ཤག་ངོས་ནས་ལས་གཞི་ཆ་ཚང་བ་སྒྲུབ་མ་ཐུབ་ནའང་། འཆར་གཞི་ལྡན་པ་ཞིག་བཟོ་ཐུབ་ན་བཀའ་ཤག་རྗེས་མ་རྣམས་ལ་སྟབས་བདེ་པོ་ཡོང་རྒྱུའི་རེ་བ་ཡོད་སྐོར་ལན་འདེབས་གནང་སོང་ལ། སློབ་གྲྭའི་ས་ཆ་སྐོར་དེ་བསམ་བློ་གཏོང་ཡུལ་ཞིག་ཡིན་ནའང་། སློབ་གྲྭའི་ས་ཆ་དེ་དག་ཐོག་མར་མངའ་སྡེ་གཞུང་ནས་ཤེས་ཡོན་བསྟི་གནས་ཀྱི་ངོ་བོའི་ཐོག་ནས་ཞུས་པའམ་ཉོས་པ་ཞིག་ཡིན་སྟབས། ད་ལྟ་སྡོད་ཁང་གི་ངོ་བོར་བསྒྱུར་བ་དེས་འབྱུང་རྒྱུར་མུ་མཐུད་དཀའ་ངལ་ནང་ལྷག་རྒྱུའི་ཉེན་ཁ་ཡོད་པ་དང་། ས་ཆའི་རྙོག་དྲ་རིགས་སེལ་རྒྱུ་དེར་དུས་ཚོད་མང་པོ་འགོར་གྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་ལ། རྩ་བའི་སྡོད་ཁང་མེད་མཁན་རྣམས་ས་ཆ་བྱེ་བྲག་པ་ཞིག་ལ་འགྲོ་རྒྱུའི་འདོད་པ་ཡོད་ནའང་། ད་ལན་སྲིད་ཇུས་གཅིག་གི་འོག་ནས་སོ་སོའི་གནས་བབ་དང་བསྟུན་ནས་ས་ཆ་ཞིག་མི་འདེམས་ཐབས་མེད་ཡིན་པ་ལས། ང་དེ་ལ་འགྲོ་རྒྱུ་མིན་ཟེར་བ་དང་། ཡང་རྗེས་སུ་ང་ལ་སྡོད་ཁང་མེད་ཟེར་བ་དེ་འགྲིག་གི་མེད་སྐོར་སོགས་གསུངས་སོང་།

ཁ་སང་གྲོས་ཚོགས་ཀྱི་ཉིན་རྒྱབ་ཚོགས་ཐུན་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གིས་འབྲེལ་ཡོད་ནང་སྲིད་ལས་བྱེད་ལ་སྡོད་ཁང་མེད་པའི་ཐོ་ཆ་ཚང་ལེན་ཤོག་ཟེར་དུས། སྐབས་དེ་དུས་ཁོ་ཚོས་ཐོ་བླངས་པ་ཡིན་ན་གཅིག་རག་རྒྱུ་ཡོད་རེད་བསམ་གྱི་རེད་གསུངས་སོང་། རག་རྒྱུ་ཡོད་ནའང་འདྲ། རག་རྒྱུ་མེད་ནའང་འདྲ། བཀའ་ཤག་གིས་ཐབས་ཤེས་བྱེད་ཀྱི་ཡིན། འོན་ཀྱང་ག་ཚོད་ལ་རོགས་པ་བྱེད་དགོས་ཀྱི་ཡོད་མེད་ང་ཚོས་ཧ་མ་གོ་ན། ཞུ་མཁན་གཅིག་པུ་ལ་སྤྲོད་རྒྱུ་ཙམ་ལས། ཁྱོན་ཡོངས་ལ་ལྟ་སྐྱོང་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་ནང་སྲིད་ལས་ཁུངས་ཀྱིས་ཟླ་བ་གཉིས་ཙམ་གོང་ལ་ཐོ་གཞུང་བསྡུས་པ་ལྟར་ན། རྒྱ་གར་དང་བལ་ཡུལ་གཉིས་ནང་མི་ཚང་ ༡༩༥༠ ནང་མི་གྲངས་ ༥༠༠༠ ལྷག་གི་གྲངས་ཐོ་ཞིག་འབྱོར་བ་རེད། དེའི་ནང་ཏན་ཏན་དྷ་སའི་ཁུག་ཀྱོག་ལ་བསྡད་ནས་ཡོངས་ཁྱབ་གསལ་བསྒྲགས་མ་ཐོས་པ་དེ་འདྲ་ཏན་ཏན་ཡོད་སྟབས། ཡང་བསྐྱར་ཕྱི་ཚེས་ ༡༦ བར་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། ཕལ་ཆེར་མི་ཚང་ ༢༥༠༠ དང་མི་ ༦༠༠༠ ནས་ ༧༠༠༠ ལྷག་བར་ལ་ཁང་པ་སྤྲོད་དགོས་པའི་གནས་སྟངས་ཆགས་འདུག ང་ཚོས་རོབ་རྩིས་བྱས་ན་ཨ་སྒོར་ས་ཡ་ ༣༢ ཙམ་དགོས་པའི་གནས་སྟངས་ཆགས་འདུག འབྱུང་འགྱུར་ལོ་ལྔ་ལྷག་ནང་ཚང་མ་བཟོ་ཐུབ་མིན་མི་ཤེས་ཀྱང་། ད་ལོའི་སྔོན་རྩིས་ནང་ལ་ཁོང་ཚོར་སྡོད་ཁང་སྤྲོད་ཡུལ་གྱི་ས་ཆ་མཁོ་སྒྲུབ་ཀྱི་ཆེད་དུ་དངུལ་རྩིས་བཀའ་འཁྲོལ་ཞུས་ཡོད། དེ་བཀའ་འཁྲོལ་ཐོབ་པ་ཡིན་ན། གཞིས་ཆགས་ཆེ་ཁག་ནང་ས་ཆ་ག་ཚོད་ཐོན་གྱི་ཡོད་མེད་ལ་དཔག་པའི་འཆར་གཞི་ལྡན་པའི་ཐོག་ནས། རྩ་བ་ནས་མེད་ན་མ་གཏོགས་དངུལ་འབོར་ཕྱེད་ཀའམ་ཆ་ཚང་སོ་སོས་སྤྲོད་དགོས་པ་སོགས་ས་ཆའི་རིན་ཐང་ལ་དཔག་པའི་འཆར་གཞི་བཟོས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རང་ཉིད་ངོས་ནས་ནང་སྲིད་བཀའ་བློན་རིམ་པ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཉམ་ཐག་གི་གནས་བབ་ཐོག་ལ་ཞིབ་འཇུག་ཚད་ལྡན་དགོས་པའི་འབོད་སྐུལ་ཞུས་པ་ལྟར་གང་ལ་གང་འཚམ་གྱིས་སྐུ་ལས་བསྐྱོན་ཡོད་ནའང་། འདོད་བློ་ཁེངས་པ་ཞིག་གནང་ཐུབ་མེད་པ་དང་། ཉམ་ཐག་རྙིང་པ་རྣམས་མུ་མཐུད་ཉམ་ཐག་གི་ཐོ་གཞུང་ནང་ཡོད་པ་དང་། ཉམ་ཐག་གསར་པ་རྣམས་ཐོ་གཞུང་ནང་ཞུགས་མི་ཐུབ་པའི་དཀའ་ངལ་མུ་མཐུད་ལྷག་ཡོད་པ་མ་ཟད། ས་གནས་འགའ་ཤས་ནང་གྲོང་སྡེའི་མི་ཕྱུག་ཤོས་དེ་ཉམ་ཐག་གི་ཐོ་གཞུང་ནང་ཡོད་པའི་གནས་ཚུལ་གོ་ཐོས་ཡོད་པར་བརྟེན། ད་ལྟའི་བཀའ་ཤག་ངོས་ནས་ཉམ་ཐག་གི་གནས་སྟངས་སྤྱི་ཡོངས་ལ་ཞིབ་འཇུག་ཚད་ལྡན་ཞིག་ཡོང་ཐུབ་པར་འབད་བརྩོན་ཞུ་རྒྱུའི་འབོད་སྐུལ་ཞུས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས།  སྤྱིར་ཉམ་ཐག་གི་སྒྲིག་གཞིའི་ནང་ལོ་གཉིས་རེའི་མཚམས་ལ་ཞིབ་འཇུག་དགོས་སྐོར་འཁོད་ཡོད་ནའང་། བཀའ་ཤག་ངོས་ནས་ལོ་ལྔའི་མཚམས་ལ་ཞིབ་འཇུག་ཚད་ལྡན་ཞིག་བྱ་རྒྱུའི་འདོད་པ་ཡོད་སྐོར་དང་། བཀའ་ཤག་ངོས་ནས་འདས་ལོར་ཤེས་རིག་དང་ནང་སྲིད། འཕྲོད་བསྟེན་བཅས་ཀྱི་ཟུང་དྲུང་རེ་བཅས་གནས་རིམ་མཐོ་བའི་ལས་བྱེད་གསུམ་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཆེ་ཁག་ལྔ་ལ་མངག་གཏོང་བྱས་ཏེ། ཉམ་ཐག་གི་ཐོ་གཞུང་ནང་ཡོད་པའི་མི་ཚང་རེ་རེའི་ནང་འཛུལ་བ་དང་ཁོང་ཚོའི་ཁྱིམ་མཚེས་ལ་འདྲི་རྩད་བྱས་ཏེ་ཞིབ་འཇུག་བྱས་ཡོད་སྐོར་དང་། ཉམ་ཐག་ཐོ་གཞུང་ནང་ཡོད་མེད་དེ་གཙོ་བོ་མི་སོ་སོས་དྲང་པོ་བྱ་དགོས་སྐོར་དང་། འཛིན་སྐྱོང་ངོས་ནས་ཉམ་ཐག་གི་ལོ་ཚོད་དང་ལྷན་ཁང་གང་གི་ཁྱབ་ཁོངས་སུ་གཏོགས་མིན་སོགས་ཀྱི་ཞིབ་འཇུག་གི་སྙན་ཐོ་རྒྱས་པ་དེ་གྲོས་ཚོགས་ལ་འབུལ་ཐུབ་པ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉམ་ཐག་གི་གནས་བབ་དང་འབྲེལ་ནས་གྲོས་ཚོགས་ནང་བཙན་བྱོལ་སྤྱི་ཚོགས་འདི་སྤྱིར་བལྟས་པ་ཡིན་ན་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ནའང་། དངོས་གནས་བྱས་ན་གནས་སྟངས་ཡར་རྒྱས་འགྲོ་སྐབས་ཉམ་ཐག་ཉུང་དུ་འགྲོ་དགོས་ཀྱི་ཡོད་ནའང་། ཉམ་ཐག་ཀྱང་ཇེ་མང་དུ་འགྲོ་ཡི་འདུག་ཟེར་གྱི་ཡོད་དུས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་བསམ་ཏེ། འདས་ལོར་ལྷོ་ཕྱོགས་གཞིས་ཆགས་ ༥ དང་ལྡི་ལི་བསམ་ཡས་གླིང་ལ་ཞིབ་འཇུག་བྱས་ཡོད་པ་རེད། སྐབས་དེའི་དུས་སྡོད་ཁང་མེད་མཁན་ལའང་ཞིབ་འཇུག་བྱས་པ་རེད། དེ་དང་མཉམ་དུ་ལུས་སེམས་ཐང་པོ་མེད་པའི་གྲངས་ཐོའང་བླངས་པ་རེད། ཧི་མ་ཅལ་ཁུལ་དུ་ཕྱི་ཟླ་ ༡༢ དང་ ༡ པོའི་ནང་ཚར་བ་རེད། དེ་ལྟར་བང་བསྒྲིགས་ནས་གང་ལྟར་ཟླ་བ་ཁ་ཤས་ནང་ལ་ཉམ་ཐག་ཞིབ་འཇུག་དེ་ཚར་བ་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

དེ་བཞིན་དེ་རིང་གི་ཚོགས་ཐུན་སྟེང་བོད་མི་མང་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་ཁོང་དང་ཕྱག་རོགས་སྤྱི་འཐུས་བལ་ཡུལ་གྱི་ས་གནས་ཁག་ཏུ་སྐོར་སྐྱོད་དུ་ཕྱིན་སྐབས། ས་གནས་མི་མང་གིས་དུས་རྒྱུན་ང་ཚོས་རྒྱ་བལ་འབྲུག་གསུམ་ཟེར་ནས་དཀའ་ངལ་གཅིག་མཚུངས་ཡིན་པའི་དགོངས་པ་བཞེས་རྒྱུ་མེད་པའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་དང་། དུས་རྒྱུན་བལ་ཡུལ་ཟེར་དུས་རྒྱལ་ས་ཀ་ཐི་མན་གྲུ་ཁུལ་གྱི་བོད་མི་ཚོང་པ་འགའ་ཤས་ཀྱི་སྣང་བ་འཆར་གྱི་ཡོད་ནའང་། དོན་དངོས་ཐོག་གློ་ཚེ་རོགས་དང་ཤར་ཁུམ་བུ་ཁུལ་གྱི་ཁ་འཐོར་མི་མང་དང་། དེ་བཞིན་ཕྱིས་སུ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁྲིས་སུ་འབྱོར་བའི་བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་ཡོད་སྐོར་བརྗོད་སོང་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་བལ་ཡུལ་གྱི་གནས་སྟངས་དེར་གཟིགས་རྟོག་ལོགས་སུ་དགོས་ཀྱི་ཡོད་པ་དངོས་འབྲེལ་ཡིན་སྐོར་དང་། གྲོས་ཚོགས་ནང་བལ་ཡུལ་དང་འབྲུག་ནང་གི་གནས་སྟངས་སྐོར་གླེང་སློང་མང་པོ་བྱེད་པ་དེས། དེར་གནས་བོད་མི་རྣམས་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཡོད་སྲིད་པས་དེ་ཙམ་གླེང་གི་མེད་པ་དང་། བལ་ཡུལ་ནང་དུའང་རྒྱལ་ས་འཕགས་ཤིང་དང་མཆོད་འབྱོར། ཇོ་ལ་ཁེལ་བཅས་ནང་གནས་སྟངས་འགྲིག་པོ་ཡོད་ནའང་། དུས་ཐུང་གི་ཚོང་ལས་ཆུང་ཆུང་ལ་བརྟེན་པའི་སྤོག་ར་ལ་འདས་པའི་ལོ་གཉིས་ནང་གཉན་རིམས་ཀྱི་རྐྱེན་པས་དཀའ་ངལ་མང་པོ་འཕྲད་ཡོད་པ་དང་། འཛིན་སྐྱོང་ངོས་ནས་བལ་ཡུལ་ནང་གི་བོད་མི་རྣམས་ལའང་སྡོད་ཁང་མཁོ་སྤྲོད་སོགས་ཀྱི་ཐད་ལ་ཞིབ་འཇུག་ཚད་ལྡན་གནང་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༤ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese