མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་དངོས་སུ་འགོ་འཛུགས་ཀྱིས་འབྱུང་འགྱུར་ཉིན་གྲངས་ ༡༠ ནང་སྤྱི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་བར་གྱི་ལྷན་ཁང་རེ་རེའི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་བྱ་རྒྱུ་ཡིན་པ་དང་། འཛིན་སྐྱོང་བཀའ་ཤག་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་སྐོར་གྱི་སྙན་ཐོ་ཞིག་གྲོས་ཚོགས་ལ་སྙན་སྒྲོན་ཞུས་གནང་སོང་།

དེ་ཡང་ཚོགས་གཙོ་མཆོག་ནས། གཙོ་བོ་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཆགས་ཀྱི་ཡོད་སྟབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་རེ་བའི་མི་འབུར་གཏད་ས་ལྟ་བུ་དེ་༧སྐྱབས་མགོན་རིན་པོ་ཆེ་ཁོང་ཉིད་ཆགས་བསྡད་ཡོད། ཁོང་གི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཐོག་མ་ཉིད་ནས་དམངས་གཙོ་ཅན་དུ་འགྱུར་རྒྱུ་དང་། དེ་བཞིན་དུས་རྒྱུན་ང་ཚོས་ཡོངས་གྲགས་ཐོག་ནས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དམངས་གཙོ་གསོལ་རས་གནང་བ་རེད་ཟེར་ནས། དུས་རྒྱུན་ཕྱི་ཟླ་ ༩ ཚེས་ ༢ ལ་དུས་དྲན་སྲུང་གཙི་ཞུ་རྒྱུ་ཆགས་པ་རེད། རྩ་བའི་དམངས་གཙོའི་ལམ་ལུགས་ནང་ལ་ཐད་ཀའི་དམངས་གཙོ་ཟེར་བ་དང་། སྐུ་ཚབ་ཀྱི་དམངས་གཙོ་ཟེར་བ། དེ་བཞིན་གྲོས་ཚོགས་དང་སྲིད་འཛིན་གྱི་ལམ་ལུགས་ཟེར་བ་ལྟ་བུའི་རྒྱལ་སྤྱིའི་དམངས་གཙོའི་འཕེལ་རིམ་ནང་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཆགས་ཡོད། ཡིན་ནའང་། ང་ཚོ་སྐྱབས་བཅོལ་བའི་གནས་སྟངས་ཤིག་གི་ཐོག་ནས་དེ་ཚོ་ཚང་མའི་ལེགས་ཆ་བླངས་ཏེ། དམངས་གཙོའི་ལམ་ལུགས་ཤིག་ཆགས་པ་ཕལ་ཆེར་གསལ་པོ་རེད་འདུག དེར་བརྟེན། ང་ཚོའི་དམངས་གཙོ་དབུ་བརྙེས་ནས་ལོ་ངོ་ ༦༠ ལྷག་ཕྱིན་པ་རེད། ལུས་པ་ཁ་ཤས་ཀྱི་དམངས་གཙོ་ང་ཚོ་ལས་གཞོན་པ་ལྟ་བུ་དང་། ང་ཚོའི་དམངས་གཙོ་དེ་ལོ་ངོ་བཅུ་ཕྲག་ ༦ ལྷག་གིས་རྒན་པ་ལྟ་བུ་ཆགས་བསྡད་ཡོད། དེར་བརྟེན་མང་ཚོགས་ཀྱིས་འོས་བསྡུ་བྱས་པའི་འཐུས་མི་ང་ཚོས་དམངས་གཙོའི་ལྟ་གྲུབ་དེ་སེམས་ལ་ངེས་དགོས་པ་ཞིག་དང་། གཞི་རིམ་མང་ཚོགས་ལའང་དམངས་གཙོའི་ཐོག་ལ་བསམ་ཚུལ་འདོན་ཕྱོགས་སོགས་ཀྱི་ཐད་ལ་དུས་རྒྱུན་དུ་སློབ་སྦྱོང་བྱེད་ཐུབ་དགོས་པ་དེ་གནད་འགག་ཆེན་པོ་རེད་འདུག ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་བོད་ཀྱི་དམངས་གཙོའི་སྒྲིག་འཛུགས་ཀྱི་གཞི་འཛིན་ས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་ཡིན་པ་དང་། བཅའ་ཁྲིམས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོད་སྤྱི་ཚོགས་ཀྱི་བདེ་དོན། གནས་སྐབས་བོད་ནང་གི་བོད་མིའི་ཚོ་དཀའ་ངལ་ལས་སྐྱོབ་ཐབས། བོད་ནང་གི་ཁོར་ཡུག་ཐད་ཞུ་སྐུལ་དང་གླེང་སློང་ཐུབ་རྒྱུ། དེ་བཞིན་བཙན་བྱོལ་སྤྱི་ཚོགས་འདི་བཞིན་འདྲ་མཉམ་དང་དྲང་བདེན། དཔལ་འབྱོར་གྱི་ཁེ་ཕན་སྤྱི་སྙོམས་ཡོང་ཐུབ་པའི་སྲིད་ཇུས་འཛིན་རྒྱུའི་འགན་དབང་བསྐུར་ཡོད་པ་ལྟར། བཀའ་སྤྱི་གཉིས་ནས་དེ་ལྟར་ལག་བསྟར་ཐུབ་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་སོང་།

ཚོགས་གཙོ་མཆོག་ནས་གྲོས་ཚོགས་ར་བའི་ནང་སྤྱི་འཐུས་དང་འཛིན་སྐྱོང་བཀའ་ཤག་ངོས་ནས་སྤྱི་སེམས་ཡོད་པའི་ཐོག་ནས་བསམ་ཚུལ་འདོན་རྒྱུ་དང་བགྲོ་གླེང་ནང་ཞུགས་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་ལས། ཚོར་བའི་དབང་དུ་ཕྱིན་ན་གྲོས་ཚོགས་ཀྱི་ལས་རིམ་ལ་འགལ་རྐྱེན་བཟོ་ཡི་ཡོད་པ་མ་ཟད། སྤྱི་ཚོགས་ལའང་བརྡབ་གསིག་ཡོང་གི་ཡོད་སྐོར་དང་། སྤྱི་འཐུས་རྣམ་པ་ཉེ་ལམ་ས་གནས་ཁག་ལ་འཚམས་གཟིགས་སུ་བསྐྱོད་ཟིན་ཙམ་ཡིན་སྟབས། མང་ཚོགས་ཀྱི་བསམ་ཚུལ་དང་རེ་བ་རྣམས་སེམས་ལ་བཅངས་ཏེ་གྲོས་ཚོགས་ཀྱི་ལས་རིམ་ནང་ཆ་ཤས་བཞེས་རྒྱུའི་འབོད་སྐུལ་ཞུས་སོང་།

དེ་རིང་སྔ་དྲོའི་ཚོགས་ཐུན་ཐོག་སྤྱི་འཐུས་རྣམ་པས་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་བྱས་ཡོད་ཅིང་། ཉིན་རྒྱབ་ཀྱི་ཚོགས་ཐུན་སྟེང་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་སྔོན་རྩིས་འགོད་འབུལ་གྱི་གཏམ་བཤད་སྤེལ་ཡོད་པ་རེད། ད་ལན་གྱི་སྔོན་རྩིས་གྲོས་ཚོགས་སྟེང་བཀའ་ཤག་གི་གསལ་བཤད་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁྲིམས་འཆར་ཞིག་དང་། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་འཚོགས་པའི་གྲོས་ཚོགས་ཚོགས་དུས་ ༡ པོའི་ནང་བཀའ་ཤག་གི་བཀའ་བློན་ ༤ བསྐོ་གཞག་ཐུབ་མེད་པར་བརྟེན། ད་ལན་བཀའ་བློན་འོས་འདེམས་བྱ་སྲིད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 4 སྔོན།

    སྤྱི་འཐུས་སྐབས་བཅུ་གཅིག་ནས་སྐབས་བཅུ་དྲུག་བར་བཅའ་ཁྲིམས་དོན་ཚན་བཞི་བཅུའི་འོག་གྲོས་ཚོགས་ཀྱི་ལས་རིམ་ཁྲིམས་མཐུན་ཐོག་ཕྱིན་ཡོད་པ་དང་། ད་ལམ་སྤྱི་འཐུས་སྐབས་བཅུ་བདུན་ནས་ཟླ་བ་གཅིག་གི་ནང་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པ་ཚོགས་རྒྱུ་དེ་ཁྲིམས་མཐུན་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་འགལ་ལ་ངོས་འཛིན་དགོས་པ་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese