མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྣར་ཐང་དཔར་ཁང་ལ་གྱོང་གུད་ཇི་ཡོད་ལ་མ་ལྟོས་པར་མུ་མཐུད་གནས་དགོས་པའི་ཐག་གཅོད་བྱུང་ན་རྒྱུན་སྐྱོང་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གཉིས་པའི་ཉིན་རྒྱབ་ཚོགས་ཐུན་སྟེང་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་སྤྱི་ཡོངས་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས།  སྤྱི་འཐུས་ཁག་ཅིག་གིས་འཛིན་སྐྱོང་བཀའ་ཤག་ངོས་ནས་རིང་མིན་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྣར་ཐང་དཔར་ཁང་སྒོ་བརྒྱབ་རྒྱུའི་ཐག་གཅོད་དེར་བློ་འཚབ་ཡོད་སྐོར་གྱི་བསམ་ཚུལ་བཏོན་པར། དཔལ་འབྱོར་བཀའ་བློན་མཆོག་ནས་ཁྲིམས་སྒྲིག་གི་ཐོག་ནས་སྣར་ཐང་དཔར་ཁང་ལྟ་བུའི་སྡེ་ཚན་རིགས་མཁོ་བསྡུ་བྱ་རྒྱུར་གྲོས་ཚོགས་ལ་གོ་བསྡུར་བྱ་དགོས་ཀྱི་མེད་ནའང་། གལ་ཏེ་སྤྱི་ལྷན་གྱིས་སྤྱི་མོས་སམ་མང་མོས་ཐོག་ནས་སྣར་ཐར་དཔར་ཁང་མུ་མཐུད་སྒོ་འབྱེད་དགོས་པའི་བཀའ་བཏང་ཚེ་འཛིན་སྐྱོང་ངོས་ནས་དེ་བཞིན་གནང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་ཡང་ཁ་སང་ཕྱི་ཚེས་ ༢༡ ཉིན་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་ལ་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་སྔོན་རྩིས་གཏམ་བཤད་སྙན་སྒྲོན་ཞུས་པའི་སྐབས་སྔོན་རྩིས་རྒྱབ་གཉེར་ཞུ་ཕྱོགས་ཐད་ཀྱི་དོན་ཚན་ ༧།༣ ནང་། ད་ལྟའི་ཆར་ཕྱི་དྲིལ་ཁྱབ་ཁོངས་སྣར་ཐང་དཔར་ཁང་གི་འགྲོ་གྲོན་དང་གྲུབ་འབྲས་གོ་མ་མཚུངས་པས། ཕྱི་དྲིལ་སྣར་ཐང་དཔར་ཁང་རིང་མིན་སྒོ་བརྒྱབ་རྒྱུ་ཡིན་པས་ལས་ཁུངས་ཁག་གི་སྔོན་རྩིས་འཆར་འབུལ་དུ་ཡིག་ཆ་དཔར་གྲོན་ལ་སྤར་ཆ་ཇི་འོས་རྒྱབ་གཉེར་ཞུས་ཡོད། ཅེས་འཁོད་པའི་ཐད། དེ་རིང་བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཀ་བྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་ལགས་སོགས་སྤྱི་འཐུས་ཁག་ཅིག་གིས་སྣར་ཐང་དཔར་ཁང་གི་ལོ་རྒྱུས་དང་ཆབ་སྲིད་རང་བཞིན་གྱི་གལ་གནད་ཐད་གླེང་སློང་དང་འབྲེལ། སྣར་ཐང་དཔར་ཁང་རྒྱུན་གནས་དགོས་པའི་དགོངས་ཚུལ་གསུངས་སོང་།

དེའི་ཐད་དཔལ་འབྱོར་བཀའ་བློན་མཆོག་གིས་གསལ་བཤད་ལན་འདེབས་གནང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་(སྣར་ཐང་དཔར་ཁང་གི་)ལོ་རྒྱུས་ཀྱི་གནས་བབ་དེ་གལ་ཆེན་པོ་རེད། དེ་སྒོ་བརྒྱབ་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད་ཟེར་ནས་ཐག་གཅོད་ཅིག་བྱུང་བ་ཡིན་ན། དེ་གཞིར་བཟུང་བྱས་ནས་འགྲོ་རྒྱུ་རེད། འཛིན་སྐྱོང་བཀའ་ཤག་གིས་ཨུ་ཚུགས་གང་ཡང་རྒྱག་གི་མིན། འོན་ཀྱང་འཛིན་སྐྱོང་བཀའ་ཤག་གིས་བསམ་བློ་མ་བཏང་བ་དེ་འདྲ་རྩ་བ་ནས་མ་རེད། ལོ་རྒྱུས་གནས་བབ་དང་དངོས་ཡོད་གནས་སྟངས་ཐད་བསམ་བློ་བཏང་བ་ཡིན། ལོ་རྒྱུས་ཀྱི་གནས་བབ་ཀྱི་ཐོག་ནས་བོད་ནང་གི་སྣར་ཐང་དང་སྡེ་དགེ་དཔར་ཁང་དེ་ཚོ་གལ་ཆེན་པོ་ཆགས་ཡོད་པ་རེད། དེ་ཚོའི་སྲོལ་རྒྱུན་གྱི་རྒྱུན་ལྟ་བུ་ང་ཚོས་འཛིན་ཐུབ་པ་ལྟ་བུ་ཡིན་ན། ང་ཚོས་ཤིང་བརྐོས་བརྒྱབ་ནས་དཔེ་ཆ་པར་སྐྲུན་བྱ་རྒྱུའི་ཡིག་ཆ་ཆ་ཚང་ཞིག་དགོས་ཀྱི་ཡོད་རེད་དེ། ད་ལྟ་སྣར་ཐང་དཔར་ཁང་གིས་སྔོན་མ་བོད་ནང་ལས་ཀ་བྱས་པ་ནང་བཞིན་གནང་གི་ཡོད་པ་མ་རེད། དེང་སང་པར་བརྒྱབ་རྒྱུ་ཆ་ཚང་ཞིག་དེང་དུས་འཕྲུལ་ཆས་ཀྱིས་པར་བརྒྱབ་པ་བཞིན་བྱེད་ཀྱི་ཡོད་པ་རེད། མིང་དེ་སྣར་ཐང་དཔར་ཁང་ཞེས་ཡོད་པ་རེད། མིང་དེ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཉར་དགོས་ཀྱི་རེད་གསུང་གི་ཡོད་ན། དེ་བཀུར་འོས་སྤྱི་འཐུས་གཅིག་གཉིས་ཀྱི་བསམ་ཚུལ་མིན་པར། གྲོས་ཚོགས་ཁྱོན་ཡོངས་ནས་མང་མོས་དང་སྤྱི་མོས་ཀྱི་ཐག་གཅོད་བྱུང་བ་ཡིན་ན། དེ་གཞིར་བཟུང་འགྲོ་རྒྱུ་ཡིན། འཛིན་སྐྱོང་གི་སྒྲིག་གཞི་ནང་སྡེ་ཚན་འདིའི་རིགས་སྒོ་བརྒྱབ་མ་བརྒྱབ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གོ་བསྡུར་ཞུ་དགོས་ཀྱི་མེད་ལ། སྤྱི་འཐུས་རྒྱུན་ལས་ལའང་གོ་བསྡུར་ཞུ་དགོས་ཀྱི་མེད་པ་རེད། ཅེས་གསུངས་སོང་།

ཡང་དཔལ་འབྱོར་བཀའ་བློན་མཆོག་གིས། ཐོག་མའི་ཆར་འཛིན་སྐྱོང་ངོས་ནས་སྣར་ཐང་དཔར་ཁང་དེ་མུ་མཐུད་གནས་ཐབས་ཐད་བསམ་བློ་བཏང་སྟེ། ད་ལྟ་སྣར་ཐང་དཔར་ཁང་དེ་ཉིད་ཕྱི་དྲིལ་ལས་ཁུངས་ཀྱི་འོག་ཐོག་ཏུ་ཡོད་པ་དེ་སྣེ་ལེན་ཁང་གི་ཕྱོགས་སུ་གནས་སྤོ་ཐུབ་ཆེད་ས་ཆར་ལྟ་ཞིབ་བྱེད་ཞོར། ཕྱི་དྲིལ་ལས་ཁུངས་ལ་སྣར་ཐང་དཔར་ཁང་གིས་ལོ་ལྟར་པར་ཇི་ཙམ་རྒྱག་གི་ཡོད་མེད་དང་། འགྲོ་སོང་ཇི་ཙམ་ཡིན་མིན་ཐད་ཞིབ་འཇུག་བྱེད་དུ་བཅུག་ཡོད་པ་དང་། ཕྱོགས་གཞན་ནས་གངས་ཅན་སྐྱིད་གཤོངས་ནང་ཞ་ཚན་མང་དྲགས་པའི་རྐྱེན་གྱིས་ཚོན་མདོག་ཅན་གྱི་པར་སྐྲུན་རིགས་ལེགས་པོ་ཡོང་གི་མེད་པར་བརྟེན་སྣེ་ལེན་ཁང་ལ་སྤོ་འཆར་བྱས་ཡོད་ནའང་། ཕྱི་དྲིལ་ལས་ཁུངས་ཀྱི་ཞིབ་འཇུག་ནང་སྣར་ཐང་དཔར་ཁང་གི་འདས་པའི་ལོ་ ༤ ཡི་གནས་སྟངས་སྐོར་ནས། རྩིས་ལོ་ ༢༠༡༧ ནས་ ༢༠༡༧ ལོའི་ནང་སྣར་ཐང་དཔར་ཁང་ནས་རིན་འབབ་ཧིན་སྒོར་ ༡༨,༠༨,༨༧༥ ཡི་པར་སྐྲུན་བྱས་ཡོད་པ་དང་། ལས་བྱེད་ཀྱི་གླ་ཕོགས་སོགས་འགྲོ་སོང་ཁྱོན་བསྡོམས་ཧིན་སྒོར་ ༦༡,༦༧,༡༥༩ ཕྱིན་ཡོད་ཅིང་། ལོ་དེར་དངུལ་གྱི་གྱོང་གུད་དེ་ ༤༣,༥༨,༢༨༤ བྱུང་ཡོད་སྐོར་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བར་པར་སྐྲུན་རིན་འབབ་ཧིན་སྒོར་ ༢༦,༡༠,༧༥༠ བྱང་ཡོད་ཀྱང་འགྲོ་སོང་ ༥༩,༠༢,༢༥༧ ལྷག་ཕྱིན་ཡོད་སྟབས། ལོ་དེར་གྱོང་གུད་འབུམ་ ༣༢,༩༡,༥༠༧ ཕྱིན་ཡོད་པ། རྩིས་ལོ་ ༢༠༡༩ ནས་ ༢༠༢༠ བར་པར་སྐྲུན་རིན་འབབ་ ༣༠,༤༢,༡༠༠ དང་འགྲོ་སོང་ཧིན་སྒོར་ ༥༢,༤༨,༧༢༤ བཅས་གྱོད་གུད་ཧིན་སྒོར་ ༢༢,༠༦,༦༢༤ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་རིན་འབབ་ཧིན་སྒོར་ ༢༠,༢༢,༨༨༠ ཡི་པར་སྐྲུན་བྱས་ཡོད་པ་དང་། ཁྱོན་འགྲོ་སོང་ཧིན་སྒོར་ ༥༤,༧༥,༢༢༢ བཅས་ལོ་དེར་ཁྱོན་གྱོང་གུད་ཧིན་སྒོར་ ༣༤,༥༢,༣༤༢ བྱུང་ཡོད་སྐོར་གསུངས་སོང་ལ། སྣར་ཐང་དཔར་ཁང་གི་གྱོད་གུད་མ་ཚོར་བའི་རྒྱུ་མཚན་གཙོ་བོ་ནི། དཔར་ཁང་དེའི་ལས་བྱེད་ ༨ ཀྱི་གླ་ཕོགས་རྣམས་ཁུངས་གཞན་གྱིས་མཁོ་སྤྲོད་བྱེད་ཀྱི་ཡོད་སྐོར་དང་། ལས་བྱེད་ ༨ དེ་དག་གི་ལས་དོན་གཙོ་བོ་ནི་པར་སྐྲུན་གྱི་ཕྱོགས་ལ་ཡིན་པ་ལས། འཕྲུལ་ཆས་སྒྲིག་སྟངས་སོགས་ཀྱི་ཐད་ལ་རྒྱ་གར་བ་ཞིག་ཆེད་དུ་གླ་དགོས་སྐོར་དང་། སྤྱི་ལྷན་གྱིས་སྣར་ཐང་དཔར་ཁང་གི་གནས་སྟངས་ཤེས་པའི་ཐོག་ནས་དཔར་ཁང་ལ་གྱོང་གུད་ཇི་ཡོད་ལ་མ་ལྟོས་པར་མུ་མཐུད་གནས་དགོས་པའི་ཐག་གཅོད་བྱུང་ཚེ། འཛིན་སྐྱོང་ངོས་ནས་དེ་གཞིར་བཟུང་རྒྱུན་སྐྱོང་བྱ་རྒྱུ་ཡིན་སྐོར་གསལ་བཤད་གནང་སོང་།

དེ་བཞིན་དེ་རིང་གི་ཉིན་རྒྱབ་ཚོགས་ཐུན་སྟེང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདས་ལོར་སྤྱི་འཐུས་དང་ཁྲིམས་ཞིབ་ཁང་གི་དཀའ་རྙོག་ལ་བརྟེན་ནས་སྤྱི་འཐུས་ལྷན་ཚོགས་བསྐོང་ཚོགས་མ་ཐུབ་པའི་དུས་སྐབས་སུ། འཛིན་སྐྱོང་བཀའ་ཤག་གིས་སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དོན་ཚན་ ༥ པའི་ནང་གསེས་ ༣ པ་དང་། དོན་ཚན་ ༧ པའི་ནང་གསེས་ ༥ རྣམས་བེད་སྤྱོད་ལོག་པ་བཏང་བའི་ཚོར་བ་བྱུང་ཡོད་སྐོར་དང་། སྐབས་དེར་འཛིན་སྐྱོང་གིས་སྤྱི་འཐུས་མེད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྤྱི་འཐུས་མེད་བཞིན་དུ་བཀའ་འཁྲོལ་ཞུས་པ་དེ་འགྲིག་གི་མེད་པ་དང་མ་འོངས་པའང་དཀའ་རྙོག་ཅིག་ཆགས་ཉེན་ཡོད་སྐོེར་གསུངས་པའི་ཐད། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་བར་ཡིག་འབྲེལ་བྱུང་ནས། བཀའ་ཤག་གི་ལངས་ཕྱོགས་གང་འདྲ་ཡིན་མིན་སྤྱི་འཐུས་རྒྱུན་ལས་ལ་སྙན་གསེང་ཞུས་ཡོད་པ་དང་། ད་ལྟ་གྲོས་ཚོགས་ནང་དུ་གཞུང་དངུལ་བསྡུ་འགོད་དང་ལོ་འཁོར་སྔོན་རྩིས་སྟངས་འཛིན་སྒྲིག་གཞི་ནང་གི་དོན་ཚན་ ༧ པའི་ནང་གསེས་ ༥ པར་མཐའ་གཅིག་ཏུ་བཀའ་ཤག་གིས་འགལ་འདུག་གསུང་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། དེ་བཞིན་འཛིན་སྐྱོང་གིས་བརྒྱ་ཆ་ ༡༠༠ འགྲིག་ཡོད་ཅེས་ལབ་རྒྱུ་ཏོག་ཙམ་ཁག་པོ་ཡིན་རྒྱུ་རེད། ཡིན་ན་ཡང་། ང་ཚོས་དེེའི་སྐབས་སུ་མང་ཚོགས་སུ་སྐད་ཆ་དྲིས་ནས་ལན་ཕུལ་དགོས་པ་དག་ཞུས་ཡོད། གང་ཡིན་ཟེར་ན། བཅའ་ཁྲིམས་གཏན་འབེབས་བྱེད་པའི་སྐབས་སུ་གྲོས་ཚོགས་དང་སྤྱི་འཐུས་རྒྱུན་ལས་མེད་པའི་གནས་སྟངས་སུས་ཀྱང་གཟིགས་ཡོད་པ་མ་རེད། ཚིག་ཐོག་ཏུ་རྒྱུན་ལས་ལ་བཀའ་འཁྲོལ་ཞུ་དགོས་ཞེས་ལབ་ཡོད་པ་རེད་ལ། ཉིན་གྲངས་ ༡༠ ནང་དུ་མ་སླེབས་པ་ཡིན་ན་ཐོབ་པར་ངོས་འཛིན་བྱེད་ཀྱི་ཡིན་ཞེས་འཁོད་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ཡོད་པ་ཡིན་ནའང་སྐབས་རེར་ཉིན་གྲངས་ ༡༠ ནང་འཚོག་མ་ཐུབ་པའི་གནས་སྟངས་ཡོང་གི་ཡོད་པ་རེད། དེ་འདྲ་ཡོང་བའི་སྐབས་སུ་རང་བཞིན་གྱིས་བཀའ་འཁྲོལ་ཐོབ་ཟིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱུན་ལས་ཡོད་མེད་ཀྱི་གནས་སྟངས་དེ་བཅའ་ཁྲིམས་ནང་དུ་འགྲེལ་བཤད་བརྒྱབ་མེད་པ་རེད། གང་ཡིན་ཟེར་ན། བཅའ་ཁྲིམས་བཟོ་སྐབས་དང་བསྐྱར་བཅོས་བྱེད་པའི་སྐབས་སུ་དེའི་གནས་སྟངས་ཤིག་སུས་ཀྱང་གཟིགས་ཡོད་མ་རེད། ཅེས་དང་། གྲོས་ཚོགས་ནང་དུ་ཞི་འཇམ་དང་རྙོག་དྲ་མི་ཡོང་བའི་ཆེད་དུ་གྲོས་ཚོགས་སུ་སྤྱི་འཐུས་རྒྱུན་ལས་ཀྱི་དགོངས་པ་གང་ཡོད་པ་ཁྱེར་ཡོང་ཆོག་པར་ཞུ་རྒྱུ་ཡིན། དེ་རྙོག་དྲ་མི་ཡོང་ཆེད་ཡིན་པ་ལས་བཀའ་ཤག་གིས་ཁྲིམས་དང་འགལ་ཡོད་ཅེས་པ་དེར་རྩ་བ་ནས་ངོས་ལེན་བྱེད་ཐབས་མེད་པ་གསལ་པོ་ཞུ་རྒྱུ་ཡིན། ཞེས་གསལ་འདེབས་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་དང་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༡ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 1

  1. Khenrap says:
    ལོ་ 4 སྔོན།

    According to reporters, Narthang printing press runs on deficit over years. The deficit does not match the purpose of Narthang press and Narthang is merely a title given to the press House. If that is the case, Sikyong is absolutely right to close down and save deficit and money can be used for other meaningful purpose.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese