མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པའི་འོས་ཆོས་སྐོར་གྱི་བསྐྱར་བཅོས་ཁྲིམས་འཆར་དེ་ཟགས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཁག་ཅིག་གིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ བ་དང་འབྲེལ་ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་དེར་དགག་པ་བརྒྱབ་པ་དང་གཏན་འབེབས་བྱེད་ཐུབ་མེད་པ་རེད།

དེ་རིང་སྐབས་བཅུ་དྲུག་པའི་བཀའ་ཤག་གིས་གྲོས་ཚོགས་ར་བའི་ནང་། ཉེ་ལམ་གྲོས་ཚོགས་ཚོགས་དུས་གོང་མའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ལ་ཁྲིམས་ཞིབ་པ་ཆེ་བའི་འོས་མི་ཐོབ་མེད་པའི་གནས་སྟངས་དང་། ད་ཡོད་བཅའ་ཁྲིམས་དོན་ཚན་གཞིར་བཟུང་ཁྲིམས་ཞིབ་པ་ཆེ་བ་སྐོ་ཐུབ་ཀྱི་མེད་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ཞིག་བཏོན་པར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བརྟེན། ཁྲིམས་འཆར་དེ་གཏན་འབེབས་བྱེད་ཐུབ་མ་སོང་།

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་དོན་ཚན་ ༢ པའི་ག་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི། “ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས།” ཞེས་པར་བསྐྱར་བཅོས་ཁྲིམས་འཆར། ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས། ཞེས་འཁོད་ཡོད་ཅིང་། བགྲོ་གླེང་སྐབས་སྤྱི་འཐུས་རེ་འགས་ལོ་ལྔ་མིན་པར་ལོ་གསུམ་ཕར་འགྱངས་བྱེད་དགོས་དོན་གང་ཡིན་སྐོར་དོགས་འདྲི་བྱས་སོང་།

དེར་ཁྲིམས་འཆར་འདོན་མཁན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ཁྲིམས་བཟོའི་ལས་དོན་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་སྟབས། ད་ལྟ་(བསྐྱར་བཅོས་ཁྲིམས་འཆར་)འདིའི་ནང་ལོ་ ༣ བྲིས་ཡོད་ནའང་། ལོ་གཅིག་ཟིན་གྲབས་ཡོད་པ་རེད། བཅའ་ཁྲིམས་འདི་ཉིད་གཏན་འབེབས་བྱས་པའི་ལོ་ ༡༩༩༡ ནས་བརྩིས་ན། ན་ནིང་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ལོ་ ༣༠ ཚར་བ་རེད། ད་ལྟ་ལོ་ ༣ འགྱངས་པ་ཡིན་ན་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ བར་རེད། དེར་བརྟེན་ད་ལྟ་ལོ་གཉིས་མ་གཏོགས་ལྷག་མེད་པ་རེད། ལོ་གསུམ་འཇོག་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། ང་ཚོར་གནས་ཚུལ་དང་བཀའ་མོལ་མང་པོ་ཞིག་བྱུང་བར་བརྟེན། འདས་པའི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ཆེད་སྤྱི་ཡོངས་ནས་ཚོགས་ཆུང་ཞིག་འཛུགས་དགོས་ཀྱི་ཡོད་པ་རེད། བཀའ་ཤག་གི་གཏམ་བཤད་ནང་དུའང་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་ཡིན་པར་བརྟེན་གསལ་པོ་བྱས་ནས་བཀོད་ཡོད། བཅའ་ཁྲིམས་བསྐྱར་བཅོས་བྱེད་པའི་སྐབས་ལ་དེའི་(ཁྲིམས་ཞིབ་པ་)ཆ་རྐྱེན་ལ་ཞིབ་ཚགས་པོ་གཟིགས་རྒྱུ་དང་། ད་ལྟའི་ཆ་རྐྱེན་ཡོད་པ་དེ་ཚོ་ལ་འགྱུར་བ་ག་རེ་གཏོང་དགོས་མིན་གཟིགས་རྒྱུའི་ཆེད་དུ། དུས་ཡུན་ཐུང་ཐུང་ཞིག་བསྣམས་པ་རེད། ཅེས་གསལ་བཤད་གནང་སོང་།

བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ བ་དང་འབྲེལ་ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་དེར་དགག་པ་བརྒྱབ་པ་མ་ཟད། གྲོས་ཚོགས་ར་བའི་ནང་ཡིག་ཆ་ཨང་ ༣༩ ཐོག་གླེང་སློང་ཤུགས་ཆེར་བྱུང་སྟེ་བགྲོ་གླེང་མི་དགོས་པར་ཐད་ཀར་འོས་བསྡུའི་ཐོག་འགྲོ་རྒྱུའི་མང་མོས་ཐག་གཅོད་བྱུང་བ་ལྟར། བསྐྱར་བཅོས་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་ ༢༡ མ་གཏོགས་བྱུང་མེད་པར་བརྟེན། བཅའ་ཁྲིམས་དགོངས་དོན་བཞིན་ཁྲིམས་འཆར་བསྐྱར་བཅོས་ཆེད་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཐོབ་པའི་རྐྱེན་གྱིས་ཁྲིམས་འཆར་དེ་ཟགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༦ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༨ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese