མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་སྒྲིལ།

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་མཇུག་བསྡོམས་གསུང་བཤད་གནང་སྐབས། བཀའ་ཤག་གི་གསལ་བཤད་ལན་འདེབས་ནང་གསལ་བ་ལྟར་ང་ཚོའི་འདས་པ་དེ་འདས་པ་རེད། མ་འོངས་པར་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུར་འབད་བརྩོན་ཞུ་ཐུབ་རྒྱུ་གལ་ཆེན་པ་རེད་ཅེས་གསུངས་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༣ པ་དེ་ཉིད་དངོས་སུ་མཇུག་བསྒྲིལ་སོང་བ་དང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་སྐབས། གྲོས་ཚོགས་ནི་བོད་ཀྱི་ཆོས་རིག་དང་སྐག་ཡིག་རིག་གཞུང་དང་བཅས་པའི་མེ་ལོང་ལྟ་བུ་ཡིན་སྟབས་སྤྱི་འཐུས་ཚང་མས་སྡིངས་ཆ་དེ་བཞིན་བོད་སྤྱི་བའི་ཆེད་དུ་དོན་ཕན་ལྡན་པ་ཞིག་ཡོང་རྒྱུར་འགན་འཁུར་ལེན་དགོས་སྐོར་གསུངས་སོང་།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་སྐབས། ཁ་སང་ཕྱི་ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན་བོད་ཁམས་སྐྱེ་རྒྱུ་མདོ་ཡི་དམག་སྒར་གྱི་ཉེ་འགྲམ་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ་དངོས་བདེན་བྱུང་འདུག ང་ཚོས་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་ཕྱི་ཟླ ༢ ཚེས་༢༥ ཉིན་གཞས་པ་ཚེ་དབང་ནོར་བུས་རང་ལུས་མེ་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་བར་མྱ་ནང་གུས་འདུད་ཀྱི་གྲོས་འཆར་ཞིག་ཁུར་ཡོད་པ་རེད། ད་ལྟ་སྐྱེ་རྒུ་མདོ་རུ་རང་ལུས་མེར་སྲེག་མཁན་གྱི་མཚན་དང་ལོ་རྒྱུས་སོགས་གསལ་ཁ་གང་ཡང་རག་གི་མི་འདུག ཡིན་ན་ཡང་། ཁོང་རྣམ་པ་ཡིས་བོད་བསྟན་སྲིད་ཀྱི་དོན་དུ་བློས་བཏང་ཆེན་པོ་ཞིག་གནང་བ་ཡིན་དུས། ང་ཚོས་ཁོང་རྣམ་པས་བློས་བཏང་དེ་དག་དོན་དང་ལྡན་པར་ཡོང་བར་ཤོག་དང་། ལྷག་པར་སོ་སོས་བོད་བསྟན་སྲིད་ཀྱི་ཆེད་དུ་ལྷག་བསམ་འཇུག་པ་ཆེར་སྐྱེད་ཀྱི་ཐོག་ནས་ཞབས་འདེགས་ཞུ་ཐུབ་དགོས་རྒྱུའི་ཆོས་སེམས་དམ་བཅའ་ཞིག་བླང་ཐུབ་པ་ཡིན་ན། ངས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཡིན་ན་འདྲ། གདུང་སེམས་མཉམ་སྐྱེད་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད་རེད་ཅེས་སྙན་གསེང་ཞུ་རྒྱུ་ཡིན། གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་ང་ཚོས་ཐོག་མ་དེར་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་ལ་གཞུང་འབྲེལ་གྲོས་གཞི་གྲོས་འཆར་ཞིག་ཁུར་ཡོད། ང་འདིར་དྷ་རམ་ས་ལའི་གྲོས་ཚོགས་ར་བའི་ནང་སླེབས་ནས་ཆེད་དུ་དམིགས་ནས་གྲོས་ཆོད་ཁུར་བ་ཕལ་ཆེར་ཐེངས་མ་དང་པོར་ཆགས་བསྡད་ཡོད། ཅེས་གསུངས་སོང་།

དེ་ཡང་ཁོང་གིས་མུ་མཐུད་གསུངས་དོན། བཀའ་ཤག་གིས་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་ཁྱེར་ཏེ། ང་ཚོས་དེའི་ནང་གི་དོན་ཚན་ ༡༦ དང་ ༡༩ ཡི་ནང་གསེས་ཁག་ཅིག་ཐོན་ཐུབ་ཡོད་པ་རེད། དེ་བཞིན་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ག་པ་ལ་བསྐྱར་བཅོས་ཁུར་ཡོད་ཀྱང་ཐོན་ཐུབ་མེད་པ་རེད། དེར་བརྟེན་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་གྲོས་ཚོགས་ཀྱི་རྣམ་དཔྱོད་ལ་བརྩི་བཀུར་ཞུ་དགོས་ཀྱི་ཡོད་ནའང་། བར་སྐབས་ང་ཚོའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཐོག་ནས་དཀའ་ངལ་ཞིག་ཡོང་གི་འདུག ད་ལྟ་བཀའ་ཤག་གི་གསལ་བཤད་ལན་འདེབས་ནང་གསུངས་བ་བཞིན། ང་ཚོའི་འདས་པ་དེ་འདས་པ་རེད། མ་འོངས་པར་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུར་འབད་བརྩོན་ཞུ་ཐུབ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་ལ། གྲོས་ཚོགས་འདི་བཞིན་བོད་སྤྱི་བའི་བདེ་དོན་གླེང་སའི་སྡིངས་ཆ་ཞིག་ཡིན་སྟབས། ཚང་མས་སྡིངས་ཆ་དེ་བོད་སྤྱི་བའི་ཆེད་དུ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་འགན་འཁུར་ཞུ་དགོས་ཤིང་། དེ་ལྟར་བྱས་པ་བརྒྱུད་ནས་གྲོས་ཚོགས་ལ་མཚན་མཐོང་དང་། བོད་བསྟན་སྲིད་ལའང་ཕན་པ་ཡོང་གི་ཡོད་པ་མ་ཟད། གྲོས་ཚོགས་འདི་བཞིན་བོད་ཀྱི་ཆོས་རིག་སྐད་ཡིག གོམས་སྲོལ་དང་བཅས་པའི་མེ་ལོང་ལྟ་བུ་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

འདི་ལོའི་སྔོན་རྩིས་གཏན་འབེབས་ཁྲོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་སྔོན་རྩིས་མ་དདུལ་ནས་ཡོང་འཆར་ཧིན་སྒོར་ ༨༥,༡༦,༡༢,༣༣༤ དང་། ཟུར་བཀོལ་ནས་ཡོང་འཆར་ཧིན་སྒོར་ ༡,༧༧,༨༢,༩༧,༨༥༤ བཅས་ཁྱོན་སྔོན་རྩིས་ཕྱོགས་བསྡོམས་མ་དངུལ་ཧིན་སྒོར་ ༢,༦༢,༩༩,༡༠,༡༨༨ ཡོང་རྒྱུ་དང་། རྩིས་ལོ་འདིའི་ནང་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་ཆེད་འགྲོ་འཆར་ཧིན་སྒོར་ ༨༤༨༩༥༠༨༡༢ དང་། ཟུར་བཀོལ་རྩིས་ཁོངས་སུ་འགྲོ་འཆར་ཧིན་སྒོར་ ༡༦༩༣༢༦༤༩༣༧ བཅས་རྩིས་ལོ་འདིའི་ནང་ཁྱོན་བསྡོམས་ཧིན་སྒོར་ ༢༥༤༢༢༡༥༧༤༩ ཡི་འགྲོ་གྲོན་གཏོང་འཆར་ཡོད་པ་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྦེང་ལོར་ལྷོ་ཕྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་ལ་ཡོང་འཆར་ཧིན་སྒོར་ ༣,༨༢,༥༢,༩༤༡ དང་། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་ ༣ བཅས་ནས་སྔོན་རྩིས་ཡོང་འཆར་ཧིན་སྒོར་ ༡,༢༥,༦༥,༩༡༢ བཅས་ཁྱོན་ཧིན་སྒོར་ ༥,༠༨,༡༨,༨༥༣ ཡོང་འཆར་ཡིན་ཞིང་། འགྲོ་འཆར་གྱི་ཐད་སྡེ་ཚན་གཉིས་ལ་ཁྱོན་ཧིན་སྒོར་ ༤,༦༧,༦༤,༡༤༥ འགྲོ་འཆར་དུ་གཏན་འབེབས་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་དང་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese