མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་བོད་དོན་སྐོར་སྐྱོད་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཆེན་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་གནང་རྒྱུ་དང་དེ་ནས་ཟླ་འདིའི་ཕྱི་ཚེས ༢༩ བར་སུད་སི་དང་། སི་པན། ཅེག་སྤྱི་མཐུན་རྒྱལ་ཁབ། ཌེན་མག སེ་ཝེ་ཊན་སོགས་སུ་བོད་དོན་དྲིལ་བསྒྲགས་དང་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

 དེ་རིང་ནས་ཕྱི་ཚེས་ ༦ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཇི་ནེའི་ཝའི་( Genewa Summit) ཚོགས་ཆེན་འཚོག་མུས་ཡིན་པ་དང་བསྟུན། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཡུ་རོབ་ནང་དུ་བོད་དོན་ལས་འགུལ་སླད་ཟླ་འདིའི་ཕྱི་ཚེས ༣ ཉིན་སུད་སིའི་ཛུ་རིག་གྲོང་ཁྱེར་དུ་འབྱོར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས  ༦ ཉིན་ཇི་ནེའི་ཝའི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཆེན་གྱི་སྟེང་དུ་ཁོང་གིས་བོད་ནང་གི་འགྲོ་མིའི་ཐོབ་ཐང་ཐོག་ལ་གཏམ་བཤད་གནང་རྒྱུ་ཡིན་འདུག ཇེ་ནེའི་ཝའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་སྐོར་གྱི་ཚོགས་འདུ་དེའི་ཐོག་རྒྱལ་སྤྱིའི་ཤེས་ཡོན་པ་དང་། ལས་འགུལ་བ། རང་དབང་འཐབ་རྩོད་པ་སོགས་མི་གྲངས་  ༢༡ གིས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག

 དེའི་ཐད་འདི་གའི་གསར་འགོད་པར་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། སང་ཉིན་དང་གནངས་ཉིན་བཅས་ཉིན་གྲངས་ ༢ རིང་ལ་ཇི་ནེ་ཝའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་འདུ་འཚོག་རྒྱུ་དེ། སྤྱིར་བཏང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་ཆེན་དེ་ལོ་གཅིག་ལ་ཐེངས་གཉིས་ཙམ་འཚོགས་སྲོལ་ཡོད་པ་དང་། དེའི་མཉམ་དུ་UN watch ཞེས་པའི་སྡེ་ཚན་ཞིག་ཡོད་པ་དེའི་ནང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་པོ་ཞིག་གིས་སོ་སོའི་རྒྱལ་ཁབ་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་གླེང་མོལ་བྱེད་སའི་གླེང་སྟེགས་ཞིག་ཡོད་རེད། དེའི་སྟེང་གཞུང་འབྲེལ་གྱི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་གླེང་སློང་མ་བྱུང་བ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོས་ནས་གླེང་སློང་བྱ་རྒྱུའི་གོ་སྐབས་ཤིག་ཡོད་པ་རེད། དེའི་ནང་དུ་དུས་རྒྱུན་བོད་པའི་སྤྱི་ཚོགས་ནང་གི་ཆབ་སྲིད་བཙོན་ཟུར་དང་གཟེངས་སུ་ཐོན་པའི་སྒྱུ་རྩལ་བ་སོགས་ཀྱིས་གཏམ་བཤད་བྱས་མྱོང་འདུག ད་ལན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྐང་འགན་ཁྱེར་ནས་ས་མིག་ཅིག་ཐབས་ཤེས་བྱས་ནས་ང་ཤོག་ལབ་པ་རེད། ངས་ཕྱི་ཚེས་ ༦ ཉིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སྐད་ཆ་བཤད་རྒྱུ་ཡིན་པ་དང་། ད་ལན་གྱི་ཚོགས་འདུའི་ཐོག་རྒྱལ་ཁབ་མང་པོ་ཞིག་ནས་འགྲོ་བ་མིའི་ཐོབ་ཐབ་གླེང་སློང་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད་དུས། གོ་སྐབས་བཟང་པོ་ཞིག་ཀྱང་ཡིན་པ་རེད། ཅེས་བརྗོད་བྱུང་།

 དེ་བཞིན་ཁ་སང་སུད་སི་དང་ལིག་ཏིན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊར་(Enes Kanter)ལགས་དང་། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་ལ་ཡི་རངས་བསྔགས་བརྗོད་ཀྱི་གསོལ་སྟོན་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། བོད་ནང་གི་བོད་མིའི་གནས་བབ་དང་འབྲེལ་ནས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་སླད་དུ་ནམ་ཡང་སེམས་ཤུགས་ཆགས་མི་ཉན་པ་དང་། བོད་དོན་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབ་སླད། བོད་མི་ཚོས་ཆོལ་ཁ་སོགས་ཀྱི་འཐེན་འཁྱེར་སྤངས་ཏེ། ཚང་མས་རྡོག་རྩ་གཅིག་སྒྲིལ་བྱ་དགོས་སྐོར་འབོད་སྐུལ་གནང་ཡོད་འདུག

ཡང་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། སུད་སིར་བོད་མི་དང་ས་གནས་མི་མང་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་འཆར་ཡོད་པ་དང་། དེ་ནས་སུ་ཝེ་ཌན་གྱི་མཐོ་སློབ་གཉིས་སུ་བོད་དོན་སྐོར་ལ་གཏམ་བཤད་གནང་རྒྱུ་དང་། དེ་ནས་སི་པན་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་སུ་སི་པན་དང་ཅེག་ཀྱི་སྐད་ཡིག་ཏུ་ཕབ་སྒྱུར་བྱས་པའི་ཁོང་གི་བརྩམས་ཆོས་སྐོར་ར་དབུ་འབྱེད་དང་དེའི་ཐད་གླེང་མོལ་སོགས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་ལ། ལས་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ནས་ཕྱི་ཚེས ༢༩ བར་སུད་སི་དང་། སི་པན། ཅེག་སྤྱི་མཐུན་རྒྱལ་ཁབ། ཌེན་མག སེ་ཝེ་ཊན་སོགས་སུ་བོད་དོན་དྲིལ་བསྒྲགས་དང་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢༠ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༣ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese