མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རཱན་ཁཱན་གནས་དབྱུང་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་པཱ་ཀི་སི་ཐན་གྱི་གྲོས་ཚོགས་འོག་མས་སྲིད་བློན་ཨིམ་རཱན་ཁཱན་ལ་ཡིད་རྟོན་མེད་པའི་འོས་བསྡུ་བྱས་ཏེ། པཱ་ཀི་སི་ཐན་གྱི་དཔལ་འབྱོར་འཛིན་སྐྱོང་དང་ཕྱི་འབྲེལ་སྲིད་ཇུས་ཐད་བྱེད་འཛོལ་ཤོར་བའི་སྐྱོན་འཛུགས་འོག་མང་མོས་ཐོག་ནས་སྲིད་བློན་ཨིམ་རཱན་ཁཱན་གནས་དབྱུང་བཏང་ཡོད་འདུག

Pakistan PM Imran Khan, army chief Gen Qamar Javed Bajwa (centre) and defence minister Pervez Khattaq at a military parade. Image: AP/File

ཁ་སང་ཕྱི་ཚེས་ ༡༠ ཉིན་པཱ་ཀི་སི་ཐན་གྱི་གྲོས་ཚོགས་འོག་མས་ཡུལ་དེའི་སྲིད་བློན་ཨིམ་རཱན་ཁཱན་གྱིས་དཔལ་འབྱོར་འཛིན་སྐྱོང་དང་ཕྱི་འབྲེལ་སྲིད་ཇུས་ཐད་བྱེད་འཛོལ་ཤོར་བའི་དོགས་གཞིའི་འོག་ཡིད་རྟོན་མེད་པའི་འོས་ཤོག་ (No-Confidence Vote) བསྡུས་ཏེ་མང་མོས་ཀྱི་ཐོག་ནས་ཁོ་པ་སྲིད་བློན་ནས་གནས་དབྱུང་བཏང་སྟེ། དེ་སྔ་ཐེངས་གསུམ་ལ་པཱ་ཀི་སི་ཐན་གྱི་སྲིད་བློན་བྱས་མྱོང་ཞིང་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་འོག་བཙོན་འཇུག་ཁྲིམས་ཆད་མྱངས་པའི་ཡུལ་དེའི་སྲིད་བློན་ཟུར་པ་ན་ཝ་ཛི་ཤ་རིབ་ (Nawaz Sharif) ཀྱི་གཅུང་པོ་དང་། ཨི་རཱན་ཁཱན་གྱི་ཁ་གཏད་གཙོ་བོ་ཤེ་བྷ་ཛི་ཤ་རིབ་ (Shehbaz Sharif) སྲིད་བློན་གསར་བར་འཁོད་སྲིད་པ་ཡིན་འདུག

གྲོས་ཚོགས་ཀྱི་འོས་བསྡུའི་གོང་ཏག་ཏག་དེར་སྲིད་བློན་ཨིམ་རཱན་ཁཱན་དང་ཁོ་བོའི་གཞུང་འཛིན་ཚོགས་པའི་འཐུས་མི་རྣམས་གྲོས་ཚོགས་ར་བ་ནས་ཕྱིར་ཐོན་པ་མ་ཟད། འོས་ཤོག་གི་གྲུབ་འབྲས་བསྒྲགས་རྗེས་ཁོ་པས་རང་གི་ཊུ་ཝི་ཊར་ཐོག པཱ་ཀི་སི་ཐན་འདི་ཉིད་ཕྱི་ལོ་ ༡༩༤༧ ལོར་རང་བཙན་ཐོབ་ཡོད། འོན་ཀྱང་། དེ་རིང་ཕྱིའི་རྒྱལ་ཁབ་ཀྱི་ངན་ཇུས་འོག་ནས་གཞུང་འཛིན་བརྗེ་བསྒྱུར་ལ་འགོག་རྒོལ་བྱེད་པའི་རང་དབང་འཐབ་རྩོད་བསྐྱར་དུ་འགོ་ཚུགས་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་དམངས་གཙོ་སྲུང་སྐྱོབ་བྱེད་མཁན་ནི་དུས་ནམ་ཡང་མི་མང་ཡིན། ཞེས་བརྗོད་འདུག་ལ། ཁོ་པར་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་ངོས་ནས་ངོ་རྒོལ་བྱ་དགོས་པའི་རེ་སྐུལ་བྱས་པ་ལྟར། ཁ་སང་ཕྱི་དྲོ་ནས་པཱ་ཀི་ཐན་གྱི་གྲོང་ཁྱེར་ཆེ་གྲས་ལཱ་ཧོར་(Lahore) དང་ར་ཝལ་ལིན་ཌི་ (Rawalpindi)། ཀ་ར་ཅི་ (Karachi)  བཅས་ནང་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

Opposition supporters celebrated outside the Supreme Court after the court ruled the move to block a no-confidence vote was unconstitutional2

པཱ་ཀི་སི་ཐན་གྱི་ཁ་གཏད་ཚོགས་པ་གཙོ་གྲས་པཱ་ཀི་སི་ཐན་ཁ་ཆེའི་ཚོགས་པའི་(Pakistan Muslim League) མགོ་འཁྲིད་ཤེ་བྷ་ཛི་ཤ་རིབ་ཀྱིས་རང་གི་ཊུ་ཝི་ཊར་སྟེང་། པཱ་ཀི་སི་ཐན་ནང་སྐྱ་རེངས་གསར་བ་ཤར་སོང་། མཉམ་འདུས་སྲིད་དོན་ཚོགས་པས་པཱ་ཀི་སི་ཐན་བསྐྱར་སྐྲུན་བྱ་རྒྱུ་རེད། ཅེས་བརྗོད་ཡོད་ཀྱང་། ཁོ་པ་ཨིམ་རཱན་ཁཱན་གྱི་ཁ་གཏད་གཙོ་བོ་དེ་ཡིན་སྟབས། ཨིམ་རཱན་ཁཱན་གྱི་སྲིད་དོན་ཚོགས་པ་པཱ་ཀི་སི་ཐན་རྒྱལ་ཡོངས་དྲང་བདེན་ལས་འགུལ་ཚོགས་པས་ (Pakistan Tehreek-e-Insaf) གལ་ཏེ་ཤེ་བྷ་ཛི་ཤ་རིབ་ཀྱིས་རང་ཉིད་སྲིད་བློན་གྱི་འོས་མི་ནས་ཕྱིར་འཐེན་མ་བྱས་ཚེ། ཚོགས་པ་དེའི་གྲོས་ཚོགས་འཐུས་མི་ཚང་མས་རྩ་དགོངས་ཞུ་རྒྱུ་ཡིན་པ་མ་ཟད། ཁོ་པའི་གཞུང་ལ་མཐའ་གཅིག་ཏུ་འགོག་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་པཱ་ཀི་སི་ཐན་གྱི་སྲིད་དོན་དབྱེ་ཞིབ་པ་ཕལ་ཆེ་བས་དེ་སྔ་ཡུལ་དེའི་གནད་འགག་ཆེ་བའི་པཱན་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བྱས་མྱོང་མཁན་ཤེ་བྷ་ཛི་ཤ་རིབ་སྲིད་བློན་གསར་བར་འདེམས་ཐོན་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག

འདས་པའི་ཟླ་བ་འགའ་ཤས་ནང་ཕྱིའི་རྒྱལ་ཁབ་ཀྱི་བུ་ལོན་སྤྲོད་འཇལ་མ་ཐུབ་པ་དང་། དངུལ་གྱི་ཡུལ་ཐང་ཆག་སྟེ་སྣུམ་དང་བཟའ་ཅའི་རིན་གོང་འཕར་བའི་རྐྱེན་གྱིས། མང་ཚོགས་ཁྲོད་ཨིམ་རཱན་ཁཱན་གྱིས་སྣེ་ཁྲིད་པའི་པཱ་ཀི་སི་ཐན་གྱི་གཞུང་ལ་འདོད་པ་མེད་པའི་རྣམ་པ་ཤུགས་ཆེར་མངོན་བཞིན་པའི་ཐོག པཱ་ཀི་སི་ཐན་རང་བཙན་ཐོབ་པ་ནས་བཟུང་ཡུལ་དེའི་ཆབ་སྲིད་ལ་ཕྱོགས་ཡོངས་ནས་ཁ་ལོ་བསྒྱུར་ཞིང་དུས་རྒྱུན་ཕན་ཚུན་དགྲ་ཟླར་གྱུར་བའི་ཕྱོགས་བརྒལ་པཱ་ཀི་སི་ཐན་ཁ་ཆེ་ཚོགས་པ་དང་། པཱ་ཀི་སི་ཐན་མི་མང་སྲིད་དོན་ཚོགས་པ་ (Pakistan Peoples Party) གཉིས་གཅིག་ཏུ་བསྒྲིལ་ཏེ། ཨིམ་རཱན་ཁཱན་ཁྲིམས་མཐུན་གྱི་ཐོག་ནས་ཡིད་རྟོན་མེད་པའི་འོས་ཤོག་བརྒྱུད་གནས་དབྱུང་གཏོང་ཐབས་བྱས་ཡོད་པ་རེད།

སྤྱིར་ཁ་གཏད་ཚོགས་པས་གྲོས་ཚོགས་འོག་མའི་ནང་ཡིད་རྟོན་མེད་པའི་འོས་ཤོག་དེ་ཉིད་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཁུར་ཡོད་ཀྱང་། དེ་སྔ་པཱ་ཀི་སི་ཐན་གྱི་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོའི་ (Cricket) རྩེད་འགྲན་པ་གྲགས་ཅན་དང་། ཕྱི་ལོ་ ༢༠༡༨ ལོར་ལྐོག་ཟ་རུལ་སུངས་གཙང་བཟོ་བྱས་ཏེ་པཱ་ཀི་སི་ཐན་དེང་རབས་ཀྱི་ཕྱོགས་སུ་འཁྲིད་རྒྱུའི་ཁས་ལེན་འོག་ནས་སྲིད་བློན་དུ་བདམས་ཐོན་བྱུང་བའི་ཨིམ་རཱན་ཁཱན་གྱིས་བདེན་དཔང་མེད་པའི་ཐོག་ནས་ཁ་གཏད་ཚོགས་པ་དང་ཨ་རི་གཉིས་ནས་ངན་པ་ལག་སྦྲེལ་བྱས་ཏེ་ཁོ་པ་གནས་དབྱུང་གཏོང་རྩིས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ལ། གྲོས་ཚོགས་འོག་མའི་ཚོགས་གཞོན་ཁ་སིམ་སུ་རི་ (Qasim Suri) ཨིམ་རཱན་ཁཱན་གྱི་གཞུང་འཛིན་ཚོགས་པའི་ཚོགས་མི་ཞིག་ཡིན་སྟབས། ཁ་གཏད་ཚོགས་པས་བཏོན་པའི་ཡིད་རྟོན་མེད་པའི་འོས་ཤོག་དེ་ཉིད་ཕྱིའི་རྒྱལ་ཁབ་ཀྱི་ངན་ཇུས་འོག་བྱུང་བ་ཞིག་ཡིན་པར་བརྟེན་རྩ་ཁྲིམས་དང་འགལ་ཡོད་སྐོར་བརྗོད་དེ་འོས་བསྡུའི་ལས་རིམ་རྩིས་མེད་བཏང་ཡོད་ཅིང་། དེའི་ཐོག་སྲིད་བློན་ཨིམ་རཱན་ཁཱན་གྱིས་ཡུལ་དེའི་སྲིད་འཛིན་ལ་བཀའ་མངག་བཏང་སྟེ་གྲོས་ཚོགས་ནུས་མེད་བཟོས་པ་བརྒྱུད་བར་བརྒལ་འོས་བསྡུ་འཚོག་དགོས་སྐོར་བརྗོད་པར་བརྟེན།  ཁ་གཏད་ཚོགས་པ་རྣམས་ཀྱིས་ཡུལ་དེའི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་བློན་གྱི་ཐག་གཅོད་དེ་རྩ་ཁྲིམས་དང་འགལ་བ་ཞིག་ཡིན་པ་དང་། གྲོས་ཚོགས་ངོས་ནས་ཡིད་རྟོན་མེད་པའི་འོས་ཤོག་བསྡུ་དགོས་པའི་བཀའ་བཏང་བ་ཞིག་ཡིན་པ་རེད།

Supporters of ousted Prime Minister Imran Khan’s party take part in a rally in Peshawar on Sunday. (Photo: AP)

སྲིད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་ཨིམ་རཱན་ཁཱན་སྲིད་བློན་དུ་བདམས་ཐོན་བྱུང་བ་དེ། ཕྱོགས་གཅིག་ནས་ཁོ་པ་རྒྱལ་ཁབ་ཀྱི་དབྱུག་རྩེད་སྤོ་ལོའི་གྲགས་ཅན་ཞིག་ཡིན་པའི་རྐྱེན་གྱིས་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱས་པ་དང་། ཡང་ཕྱོགས་གཞན་ནས་ཡུལ་དེའི་སྲིད་དབང་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྟངས་འཛིན་བྱེད་མཁན་གཙོ་བོ་དམག་གི་སྒྲིག་འཛུགས་དང་གསང་བའི་ལས་ཁུངས་ཀྱིས་ཁོ་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་རྒྱུ་མཚན་གྱིས་ཡིན་པར་རྗོད་ཀྱིན་འདུག་ལ། ད་ལྟ་ཁོའི་དབང་ཐང་ཉམས་པའི་རྐྱེན་གཙོ་བོ་དེ་ཡང་དམག་གི་སྒྲིག་འཛུགས་དང་འགལ་ཟླར་གྱུར་བའི་རྐྱེན་གྱིས་ཡིན་པར་འགྲེལ་བརྗོད་བྱེད་ཀྱིན་འདུག

ད་བར་པཱ་ཀི་སི་ཐན་ལ་ལས་ཡུན་ལོ་ ༥ ཧྲིལ་པོ་སྲིད་བློན་གྱི་འགན་འཁུར་བླངས་མྱོང་བའི་མགོ་འཁྲིད་ཅིག་བྱུང་མྱོང་མེད་ཅིང་། ཨིམ་རཱན་ཁཱན་ནི་གྲོས་ཚོགས་ཀྱིས་ཡིད་རྟོན་མེད་པའི་འོས་ཤོག་བརྒྱུད་གནས་དབྱུང་བཏང་བའི་སྲིད་བློན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། པཱ་ཀི་སི་ཐན་གྱི་རྒྱལ་ཡོངས་འོས་བསྡུ་རྗེས་མ་དེ་ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ནང་བསྡུ་འཆར་ཡོད་སྟབས། སྐབས་དེར་ཨིམ་རཱན་ཁཱན་བསྐྱར་དུ་སྲིད་བློན་གྱི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་གཏན་འཁེལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢༠ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༣ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese