མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་གཉོར་ཁང་གི་བྱིས་པ་ཚོར་རྒྱ་སྐད་མ་གཏོགས་བཤད་མི་ཆོག་པའི་སྒྲིག་གཞི་ལག་བསྟར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གཅིག་པུ་ཙམ་མ་ཡིན་པར་བྱིས་པ་ཚོའི་ཕ་མ་དང་ས་གནས་མང་ཚོགས་ལའང་བསམ་བློ་བསྒྱུར་བཀོད་སློབ་གསོ་ཟེར་བའི་རྒྱ་སྒྱུར་ཚོགས་འདུ་བསྡུས་ཏེ་རྒྱ་ཡིག་རྒྱ་སྐད་སྦྱོང་བར་སྐུལ་འདེད་གཏོང་གི་འདུག

འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོར་རྒྱའི་སྐད་ཡིག་གི་ཁྱབ་ཚད་རྒྱལ་ཁོངས་སུ་བཅུག་པའི་གྲངས་ཉུང་མི་རིགས་ས་ཁུལ་བཅས་ཚུད་པའི་བརྒྱ་ཆ་ ༨༥ ཟིན་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་ལྟར། བོད་དང་ལྷོ་སོག་སོགས་སོ་སོའི་སྐད་ཡིག་གཉིས་ལྡན་གྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་ངའི་ཕ་སྐད་ནི་རྒྱ་སྐད་ཡིན་ཞེས་པའི་འབོད་ཚིག་སྦྱར་ཏེ་བྱིས་པ་ཚོ་ཆུང་བའི་དུས་ནས་རྒྱའི་སྐད་ཡིག་ལ་གོམས་ཤིང་། མི་རིགས་སོ་སོའི་ཕ་སྐད་རྣམས་རིམ་གྱིས་རྩ་མེད་དུ་གཏོང་བའི་ཐབས་ཇུས་གཏིང་ནག་པོ་ཞིག་ལག་བསྟར་བྱེད་མུས་ཡིན་པ་རེད།

དེ་ཡང་རྔ་བ་ཁུལ་གྱི་བྱིས་གཉོར་ཁང་ཞིག་ཏུ་དགེ་རྒན་བྱེད་བཞིན་པའི་བོད་རིགས་བུད་མེད་ཅིག་གིས་འདི་གའི་གསར་འགོད་པར། གོང་རིམ་གྱི་སྲིད་ཇུས་གཏན་འབེབ་ལྟར་དུ་བྱིས་གཉོར་ཁང་གི་དགེ་རྒན་དང་མ་ཚབ་ཚང་མས་རྒྱ་སྐད་ཤེས་དགོས་པ་མ་ཟད། རྒྱའི་སྤྱི་སྐད་མ་ཤེས་ན་ལས་ཀ་རག་ཁག་པོ་ཡིན་སྐོར་དང་། ཁོང་མོ་ས་གནས་ཀྱི་བོད་ཡིག་སློབ་འབྲིང་ཞིག་ནས་དམའ་འབྲིང་མཐར་ཕྱིན་རྗེས། རྒྱའི་སློབ་གྲྭ་ཞིག་ནས་སློབ་ཆེན་མཐར་ཕྱིན་པར་བརྟེན། རྒྱ་ཡིག་རྒྱ་སྐད་ཀྱི་ཐོག་ནས་དཀའ་ངལ་མེད་ཀྱང་ཉིན་ལྟར་བྱིས་པ་ཚོ་དང་ལྷན་དུ་རྒྱ་སྐད་མ་གཏོགས་བཤད་ཆོག་གི་མེད་པར་བརྟེན། བྱིས་པ་ཚོ་ཡིན་དང་ཡིན། དགེ་རྒན་དང་མ་ཚབ་རྣམས་ཀྱིས་ཀྱང་སློབ་གྲྭའི་ཕྱི་ནང་གང་སར་རྒྱ་སྐད་བཤད་ནས་འདུག་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་བརྗོད་བྱུང་།

རྔ་བ་ཁུལ་དམའ་འབྲིང་སློབ་གྲྭའི་སྤྱི་སྟེགས་ཀྱི་གནས་ཚུལ་ལྟར་ན། སློབ་མའི་བདེ་འཇགས་སྲུང་སྐྱོབ་་སོགས་ལ་ཁ་གཡར་ནས་ཁུལ་དེའི་དམའ་འབྲིང་སློབ་གྲྭ་དང་བྱིས་གཉོར་ཁང་ཁག་ཏུ་ཉེན་རྟོག་མི་སྣ་ཆེད་གཏོང་གིས་བྱིས་པ་ཚོར་ཆབ་སྲིད་སློབ་གསོ་གཏོང་བ་དང་། ཉིན་ལྟར་ལྟ་སྲུང་བྱས་ཏེ་སྤྱོད་གཙང་འཛུགས་སྐྲུན་ཞེས་པའི་མིང་ཐོག་ནས་བྱིས་པ་ཚོའི་ཕྱི་ནང་ཚང་མ་རྒྱ་རིགས་དང་རྒྱ་ཡིག་ཅན་དུ་བསྒྱུར་བཞིན་ཡོད་འདུག

གཞན་ཡང་། ཟླ་འདིའི་ཟླ་མགོར་མགོ་ལོག་ཁུལ་ཐོག་ཏུ་སློབ་ཕྲུག་ཁག་ཅིག་གི་ཕ་མར་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གསབ་སྦྱོང་ཟེར་བ་ཞིག་སྤྲད་པ་དང་། ཚོགས་འདུ་དེའི་སྟེང་ཕ་མ་དང་བུ་ཕྲུག་གི་བསམ་བློ་བསྒྱུར་བཀོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། སློབ་ཕྲུག་གི་བསམ་བློ་བསྒྱུར་བཀོད་བྱ་རྒྱུ་ནི་སློབ་གྲྭའི་དགེ་རྒན་དང་གྲོང་ཚོའི་ལས་བྱེད་པ་གཅིག་པུ་ཙམ་མིན་པར། སློབ་ཕྲུག་གི་ཕ་མས་འགན་ཁུར་དགོས་པ་དང་། ཕ་མ་ཚོ་རང་འགུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གསོ་སྦྱོང་ལ་ཞུགས་ཏེ། རྒྱ་ཡིག་རྒྱ་སྐད་ཀྱི་གནས་ཚད་ཡར་རྒྱས་བཏང་རྗེས། རང་གི་བུ་ཕྲུག་ལའང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱང་བཅུག་ནས་རྒྱ་ཡིག་རྒྱ་སྐད་ཡག་པོ་བཤད་ཤེས་པ་དང་འབྲི་ཤེས་དགོས་པར་མ་ཟད། དེ་མཉམ་དུ་གོང་རིམ་གྱི་ཚོགས་འདུ་རིམ་པའི་ནང་དོན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གསར་པར་གོ་བ་ཡང་དག་བླངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་དགོས་ཚུལ་སོགས་བརྗོད་དེ། བུ་ཕྲུག་གི་ཕ་མ་རྣམས་ལ་ཟབ་སྦྱོང་བསྡུ་ཡི་ཡོད་པ་ལྟར། མགོ་ལོག་ཁུལ་མི་རིགས་སློབ་འབྲིང་དུ་ཕ་མ་རྣམས་ལ་སྔ་རྗེས་ཐེངས་༡༦ ཙམ་ལ་ཟབ་སྦྱོང་འཚོགས་ཏེ་སློབ་ཕྲུག་གི་ཕ་མ་དང་སྡེ་བའི་དམར་ཤོག་ཚོགས་མི་དང་ལས་བྱེད་པ་བཅས་ལ་སྐུལ་འདེད་བཏང་ཡོད་འདུག

དེ་བཞིན། རྒྱ་ནག་གཞུང་གིས་བོད་ཁུལ་གང་སར་རྒྱ་སྒྱུར་སློབ་གསོ་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་གཞུང་འབྲེལ་འཕྲིན་ཕྲན་སྤྱི་སྟེགས་སྟེང་ནག་ཆུ་ས་ཁུལ་ཉི་མ་རྫོང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་དང་ཚོད་ལྟའི་ཡིག་རྒྱུག་གཏོང་བ་སོགས་ལས་ཉི་མ་རྫོང་གི་གྲོང་ཚོའི་ལས་བྱེད་དང་ཞིང་འབྲོག་པའི་ཏང་ཡོན་མང་ཚོགས་ཀྱིས་རང་ཉིད་ཀྱི་མི་འདང་བའི་ཆ་ཤེས་རྟོགས་ཁ་གསལ་ཐུབ་ཡོད་ལ། ཕྱིས་འབྱུང་གི་སློབ་སྦྱོང་དང་ལས་ཀའི་ཁྲོད་མི་འདང་བའི་ཆ་ཁ་གསབ་དང་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ལས་དོན་ཁག་དོན་འཁྱོལ་ཡང་དག་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏང་ཡོད་” ཅེད་བཀོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese