མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་མང་པོས་ཐའེ་ཝན་ནང་གཟིགས་སྐོར་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དྲུག་ཐའེ་ཝན་ནང་འབྱོར་ཏེ་ཉིན་གྲངས་གཉིས་རིང་གཟིགས་སྐོར་གནང་བཞིན་ཡོད་པ་དང་བསྟུན་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཐའ་འཁོར་དུ་འཐབ་འཁྲུག་གནམ་གྲུ་དང་དམག་གྲུ་སོགས་བཏང་ནས་འཇིགས་སྐུལ་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ནས་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སི་གྷར་ཧམ་(Lindsey Graham)ལགས་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་དང་གྲོས་ཚོགས་གོང་མའི་འཐུས་མི་རོ་བྷིར་ཊི་(Robert Menendez)། གྲོས་ཚོགས་གོང་མའི་འཐུས་མི་ (Richard Burr) དང་ (Ben Sasse)། (Rob Portman)། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ (Ronny Jackson) བཅས་འཐུས་མི་དྲུག་གིས། ཐའེ་ཝན་ནང་གཟིགས་སྐོར་གནང་སྟེ་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་དང་། ཕྱི་སྲིད་བློན་ཆེན་ཇོ་སེབ་ཝུ་སོགས་ལ་མཇལ་མོལ་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་(Nancy Pelosi) མཆོག་ཐའེ་ཝན་ནང་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ལྕམ་སྐུ་མཆོག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཕེབས་མི་ཆོག་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།

ཐའེ་ཝན་གཞུང་གི་མགྲིན་ཚབ་པ་ཞ་ཝེ་ཁྲང་ (Xavier Chang) གིས། ཨ་རིའི་གྲོས་ཚོགས་འཐུས་མི་ཐའེ་ཝན་ནང་གཟིགས་སྐོར་དུ་ཕེབས་པ་དེས་ཨ་རིའི་གཞུང་གིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་པ་ཙམ་མིན་པར། ཐའེ་ཝན་དང་ཨ་རི་དབར་གྱི་འབྲེལ་ལམ་གཏིང་ཟབ་པོ་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་པ་རེད། ཅེས་དང་། ཐའེ་ཝན་དང་ཨ་རིའི་དབར་གྱི་འབྲེལ་ལམ་མུ་མཐུད་དུ་སྲ་བརྟན་ཡོང་ཐུབ་རྒྱུ་དང་། འཛམ་གླིང་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཡོང་བར་ཕན་ཐོགས་ཡོང་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཁ་སང་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཅན་ (Zhao Lijian) གྱིས། ཨ་རི་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་ལ་མཐའ་གཅིག་ཏུ་ངོ་རྒོལ་་ཡོད་ལ། མུ་མཐུད་རྒྱ་ནག་གཞུང་གིས་མངའ་ཁོངས་སྲུང་སྐྱོབ་ཐད་བློ་རྩ་བརྟན་པོ་ཡོད་སྐོར་བརྗོད་འདུག་པ་མ་ཟད། དེ་རིང་རྒྱ་ནག་གཞུང་གིས་འཐབ་འཁྲུག་གནམ་གྲུ་དང་འབར་རྫས། དམག་གྲུ་སོགས་བཏང་སྟེ་ཐའེ་ཝན་མཐའ་འཁོར་དུ་འཇིགས་སྐུལ་དྲག་པོ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ལྕམ་སྐུ་ནན་སེ་པེ་ལོ་སི་མཆོག་ཐའེ་ཝན་ནང་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཆེན་པོ་ཐེབས་རྒྱུ་ཡིན་སྟབས་འཕྲལ་དུ་ཕྱིར་འཐེན་དགོས་སྐོར་དང་། ཨ་རིས་མུ་མཐུད་ཐའེ་ཝན་ལ་འབྲེལ་ལམ་བཟུང་བ་ཡིན་ན་རྒྱ་ནག་གིས་ཡ་ལན་སློག་རྒྱུ་ཡིན་ལ། དེའི་མཇུག་འབྲས་གང་བྱུང་གི་འགན་ཆ་ཚང་ཨ་རིས་འཁུར་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།

སི་ཝེ་ཌིན་གྲོས་ཚོགས་ཀྱི་སི་ཐའེ་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚོགས་པས་སྣེ་འཁྲིད་པའི་འཐུས་མི་ ༡༡ དང་། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་གཅིག་བཅས་ཀྱིས་ཐའེ་ཝན་ནང་ཉིན་གྲངས་ལྔ་རིང་གཟིགས་སྐོར་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་དང་ལྷན་དུ་དྲ་ལམ་བརྒྱུད་གླེང་མོལ་གནང་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་གིས། ཐའེ་ཝན་དང་སི་ཝེ་ཌིན་གཉིས་ཀྱིས་སྤྱི་ཡོངས་ནས་རང་དབང་དང་དམངས་གཙོ་ལ་རིན་ཐང་སྤྲོད་དགོས་པའི་ལངས་ཕྱོགས་གཅིག་པ་ཡིན་སྟབས། འཛམ་གླིང་གི་དམངས་གཙོ་དོན་དུ་གཉེར་བའི་རྒྱལ་ཁབ་རྣམས་མཉམ་འབྲེལ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་དང་། དེ་བཞིན་འཐུས་མི་རྣམས་ནས་ཀྱང་ཐའེ་ཝན་གྱི་རང་དབང་དང་དམངས་གཙོ་སྲུང་སྐྱོབ་བྱ་རྒྱུ་དེ་སོ་སོའི་འོས་འགན་ཞིག་ཡིན་ལ། ཐའེ་ཝན་དང་ཡུ་རོབ་མཐུན་ཚོགས་བར་གྱི་མཐུན་གྲོས་མུ་མཐུད་ཡོང་ཐབས་གནང་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་འདུག

རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ཨ་རིའི་གནད་ཡོད་མི་སྣ་ཁག་ཅིག་སྔ་རྗེས་སུ་ཐའེ་ཝན་ནང་ཕྱིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ནས་ཉིན་གྲངས་ ༤ རིང་ཨ་རིའི་རྒྱལ་སྲིད་བློན་ཆེན་ཟུར་པ་མེག་པམ་པུ་མཆོག་གཞུང་འབྲེལ་མིན་པའི་ཐོག་ནས་ཐའེ་ཝན་ནང་ཕེབས་ཡོད་པ་མ་ཟད། ཨ་རིའི་གཞུང་ནས་ཐའེ་ཝན་ཐོག་བཟུང་བའི་ལངས་ཕྱོགས་ལ་དྲང་ཕྱོགས་ཀྱི་གོམ་པ་གསར་པ་ཞིག་སྤོ་དགོས་སྐོར་དང་། ཐའེ་ཝན་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པས་རང་བཙན་གསལ་བསྒྲགས་དགོས་དོན་མེད་སྐོར་སོགས་གསུངས་ཡོད་འདུག་ལ། ཐའེ་ཝན་གཞུང་ནས་ཀྱང་ཁོང་ལ་ཆེ་བསྟོད་ཕུལ་ཡོད་འདུག སྐུ་ཚབ་མེག་པམ་པུ་མཆོག་སྐབས་རྗེས་མའི་ཨ་རིའི་སྲིད་འཛིན་གྱི་འོས་མི་ཞིག་ཏུའང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese