མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོར་དགོས་པའི་བཙན་བཀའ་བཏང་།  

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྨ་ཆུའི་འགྲམ་བརྒྱུད་དུ་གཡས་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་རྒྱག་འཆར་ཡོད་པས་ཉེ་འགྲམ་དུ་ཡོད་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོར་དགོས་པའི་བཙན་བཀའ་བཏང་ཡོད་འདུག

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་། པར་བོད་ནས་འདི་ག་གསར་ཁང་དུ་མཁོ་སྤྲོད་གནང་།

རྒྱ་ནག་གཞུང་གིས་བོད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་ཀྱི་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་བརྒྱུད་དུ་གཡས་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་བརྒྱག་འཆར་ཡོད་པའི་རྐྱེན་གྱིས། ཉེ་འགྲམ་དུ་ཆགས་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དཔལ་ཁ་གྲོང་རྡལ་ནས་སྤྱི་ལེ་གསུམ་བཞི་ཙམ་གྱི་མཚམས་སུ་ཡོད་པའི་ཁྱོ་དཀར་ནག་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་གནས་སྤོར་དགོས་པའི་བཀའ་བཏང་ཡོད་འདུག་ལ། མཚོ་སྔོན་ཞིང་ཆེན་གྱི་ཆུ་ནུས་ཐོན་ཁུངས་ལྷན་ཁང་གི་འདས་པའི་ལོ་ངོ་ ༤༠ རིང་གི་མི་ཡུལ་གནས་སྤོར་དང་འཛུགས་སྐྲུན་གྱི་ཕྱོགས་བསྡོམས་ཡིག་ཆའི་ནང་དུ་། ཞིང་ཆེན་དེའི་ནང་ཆུ་གློག་ས་ཚིགས་ཆེ་འབྲིང་ཁྱོན་ ༢༠ བརྒྱབ་ཟིན་པ་དང་། དེ་འབྲེལ་གྲོང་སྡེ་ཁག་ ༡༡༤ ལ་གནས་སྤོར་ལས་གཞི་ལེགས་འགྲུབ་བྱུང་ཡོད་ལུགས་བཀོད་འདུག

འབྲེལ་ཡོད་ཅིག་གིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། སྡེ་མི་དང་དགེ་འདུན་པ་སུ་ཡིན་རུང་གནས་སྤོར་འདོད་མེད་ནའང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཡིན་ཟེར་དུས་རྒྱལ་ཁབ་ཀྱི་དོ་ཡར་ཡོང་ནི་མ་རེད། གོང་རིམ་གྱི་ལས་བྱེད་པ་ཡང་ནས་ཡང་དུ་ཡོང་ནས་དགོན་པ་ཡིན་གཅིག་མིན་མིན་གཅིག་གིས་སྤོར་དགོས་ཟེར། ཁོང་ཚོ་དགོན་པར་སློབ་གསོ་གཏོང་རྒྱུ་དང་རྒྱུས་ལོན་བྱེད་དུ་ཡོང་བ་རེད། ཡིན་ནའང་ད་ལྟའི་ཆར་དགོན་པ་ནམ་སྤོར་གྱི་དུས་ཚེས་གཏན་འཁེལ་བྱས་མ་སོང་། སྤོར་དགོས་པ་གཏན་འཁེལ་རེད་ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཚོས་ཨ་ཚོགས་དགོན་གྱི་དགེ་འདུན་པ་ཚོས་གཡས་འཁྱིལ་ཆུ་གློག་འཛུགས་སྐྲུན་གྱི་འཆར་འགོད་ལྟར་དུ་བདེ་འཇགས་ངང་འཛུགས་སྐྲུན་ལེགས་འགྲུབ་ཡོང་ཆེད། དགེ་འདུན་པ་དང་ཡུལ་མི་ཚོར་གོ་དཀོན་བློ་འགུག་གི་དྲིལ་བསྒྲགས་སྣ་ཚོགས་སྤེལ་གྱི་ཡོད་འདུག འོན་ཀྱང་། ཨ་ཚོགས་དགོན་པ་དང་ཡུལ་མིའི་ངོས་ནས་དགོན་པ་གནས་སྤོར་འདོད་མེད་པའི་བསམ་ཚུལ་དང་དཀའ་ཁག་ཡོད་པ་འབྲེལ་ཡོད་ལ་འགྲེལ་བརྗོད་བྱས་ཡོད་ཀྱང་ཕན་ཐོགས་བྱུང་མེད་འདུག

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་། པར་བོད་ནས་འདི་ག་གསར་ཁང་དུ་མཁོ་སྤྲོད་གནང་།

གཡས་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་དེ་ན་ནིང་ཕྱི་ཟླ་༡༢ བའི་ཚེས་༢༦ ཉིན་ནས་སྔ་རྗེས་སུ་རྟོག་ཞིབ་རུ་ཁག་བསླེབས་ནས་ཞིབ་འཇུག་དང་རྒྱུས་ལོན་བྱེད་འགོ་བཙུགས་ཡོད་པ་དང་། ཆུ་གློག་འཛུགས་སྐྲུན་གྱི་འགན་གཙོ་བོ་ རྨ་ཆུ་ཀུང་སི་ཟེར་བ་ཞིག་གིས་འཁུར་ཡོད་འདུག  རྒྱ་ནག་གཞུང་ཕྱོགས་ནས་ལས་གཞི་དེ་ནི་རྒྱལ་ཁབ་འཕེལ་འགྱུར་ཨུ་ཡོན་ལྷན་ཁང་ཟེར་བ་དེས་ཆུ་གློག་ས་ཚུགས་ཀྱི་ལས་གཞི་དེར་ཆོག་མཆན་སྤྲད་ཡོད་ལུགས་དང་། ཕྱི་ལོ་༢༠༢༢ ནས་ ༢༠༢༣ བར་འཆར་གཞི་ལྟར་དུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་དགོས་ལུགས་དྲིལ་བསྒྲགས་བྱས་འདུག

ཆུ་གློག་ས་ཚིགས་དེ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་མང་ར་རྫོང་གཉིས་མཚམས་ཀྱི་དཀར་མོ་གཡས་འཁྱིལ་ཞེས་པའི་ལུང་གཞོང་དུ་རྒྱུ་བའི་རྨ་ཆུའི་འགྲམ་རྒྱུད་དུ་འཛུགས་སྐུན་བྱ་འཆར་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ནང་དུ། ཆུ་མཛོད་དེའི་ཤོངས་ཚད་སྟོང་ཝ་དུང་ཕྱུར་༡༦.༣༩ དང་། ཆུ་གློག་ས་ཚིགས་ཁང་བའི་སྤྱིའི་ཤོངས་ཚད་རྒྱ་དཔང་གྲུ་བཞི་མ་ཁྲི་ ༢༠.༤ ། ཆུ་རག་གི་སྤྱིའི་རྒྱ་ཁྱོན་རྒྱ་དཔང་གྲུ་བཞི་མ་ཁྲི་༣༩༠ ཡིན་ལུགས་བརྗོད་འདུག

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི་མཚོ་ལྷོ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་དུ་ཆགས་ཡོད་པ་དང་། དགོན་པ་དེ་ནི་ཕྱི་ལོ་༡༨༨༩ ལོར་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་འདུག  ད་ལྟ་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་ཞལ་གྲངས་ ༡༥༧ ལྷག་ཡོད་ཅིང་། ཕྱི་ལོ་༢༠༢༡ ལོའི་སྟོན་མཇུག་ནས་བཟུང་རྒྱ་གཞུང་གིས་རང་ལོ་༡༨ མ་ཟིན་པའི་དགེ་འདུན་པ་རྣམས་དགོན་པར་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད་འདུག

ཕྱི་ལོ་༢༠༡༤ ནས་༢༠༡༧ བར་རྒྱ་གཞུང་གིས་དཀར་མོ་གཡས་འཁྱིལ་གྱི་ཟམ་ཆེན་བསྐྱར་དུ་འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་དཔལ་འབྱོར་འདུ་འགོད་ལ་ཕན་ཐོགས་ཆེ་ལུགས་བཤད་དེ། ཟམ་པ་རྒྱ་ཆེ་རུ་བཏང་ཡོད་ནས་ཆུ་གློག་ས་ཚིགས་འཛུགས་སྐྲུན་ལ་སྟབས་བདེ་བསྐྲུན་ཡོད་འདུག

Haihe River water conservancy commission Photo: Online webpage screenshot

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་རྒྱུག་ཆུ་དང་གཙང་པོའི་ཐོག་ཏུ་གློག་ཁང་ཆེ་ཆུང་སྣ་ཚོགས་འཛུགས་སྐྲུན་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཆུ་རག་སོགས་ཀྱི་འཛུགས་སྐྲུན་དང་འབྲེལ་ནས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་དུད་ཁྱིམ་སྟོང་ཕྲག་མང་པོ་བཙན་ཐབས་ཀྱིས་ས་གནས་གཞན་དུ་གནས་སྤོར་གཏོང་གི་ཡོད་པ་རེད། དཔེར་ན། བོད་མཚོ་སྔོན་ཞིང་ཆེན་ནང་གཅིག་པུར་ཆ་བཞག་ན། ཞིང་ཆེན་གྱི་ཆུ་ནུས་ཐོན་ཁུངས་ལྷན་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ ཉིན་སྤེལ་བའི་མི་མང་གནས་སྤོར་དང་དང་འཛུགས་སྐྲུན་ལས་གཞིའི་སྐོར་གྱི་ཕྱོགས་བསྡོམས་ནང་། ཞིང་ཆེན་དེའི་ནང་ཕྱི་ལོ་ ༡༩༧༠ ནང་ནས་བཟུང་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱས་ཏེ་ཆུ་གློག་ས་ཚིགས་ཆེ་འབྲིང་ཁྱོན་ ༢༠ བརྒྱབ་ཡོད་པ་དང་། ཆུ་མཛོད་ཁང་ཆེ་འབྲིང་ཁྱོན་ ༡༢ བརྒྱབ་ཡོད་ལུགས་དང་། ས་གནས་དེ་ཁུལ་གྱི་ཞིང་འབྲོག་མི་མང་ཁྲི་ ༦༠༠༠༠ ལྷག་གནས་སྤོར་བྱས་ཟིན་པ་བཅས། ད་ལྟ་བར་དུ་གྲོང་སྡེ་ ༡༡༤ ལ་གནས་སྤོར་ལས་གཞི་ལེགས་འགྲུབ་བྱུང་ཡོད་ལུགས་བཀོད་འདུག

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༩ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༩ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༡ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༢ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese