མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་ཀྱིས་ཁེ་ན་ཌའི་གཞུང་ལ་བོད་དོན་ཉེན་བརྡ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁེ་ན་ཌའི་ངོས་ནས་འཕྲལ་དུ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཚམས་མ་བཞག་ཚེ་རྒྱ་ནག་ངོས་ནས་དེར་བསྟུན་ཡ་ལན་མ་སྤྲད་ཐབས་མེད་ཆགས་ངེས་ཡིན་སྐོར་ཉེན་བརྡ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌར་ཕེབས་སྐྱོད་ཀྱིས་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་ཕེབས་པ་མ་ཟད། གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་གནད་དོན་ཚོགས་ཆུང་གི་ཉན་ཞིབ་ཐོག་བོད་དོན་ཞུ་སྐུལ་གནང་བར། ཁེ་ན་ཌའི་རྒྱ་ནག་གཞུང་ཚབ་ཀྱིས་བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་གྱི་ཚོགས་པ་ཞིག་ཡིན་པ་དང་། ཁེ་ན་ཌ་ངོས་ནས་འཕྲལ་དུ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཚམས་མ་བཞག་ཚེ། རྒྱ་ནག་ངོས་ནས་དེར་བསྟུན་ཡ་ལན་མ་སྤྲད་ཐབས་མེད་ཆགས་ངེས་ཡིན་སྐོར་ཉེན་བརྡ་བཏང་ཡོད་འདུག

ཁེ་ན་ཌའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་འབྲེལ་དྲ་བའི་སྟེང་། བཙན་བྱོལ་བོད་གཞུང་(Tibetan government-in-exile) ཟེར་བ་དེ་འཆར་གཞི་ལྡན་པའི་ཐོག་ནས་བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་ཆབ་སྲིད་ཚོགས་པ་ཡིན་ལ། ཚོགས་པ་དེས་རྒྱ་ནག་གི་རྩ་ཁྲིམས་ཡོངས་སུ་རྡོག་རོལ་གཏོང་གི་ཡོད། ཚོགས་པ་དེ་རྒྱལ་ཁབ་གཅིག་གིས་ཀྱང་ངོས་འཛིན་བྱེད་ཀྱི་མེད། སྤེན་པ་ཚེ་རིང་ཚོགས་པ་དེའི་མགོ་འཁྲིད་ཡིན་པའི་ཆ་ནས་རྒྱ་ནག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་གྱི་ཁ་བྲལ་བ་ཞིག་རེད་ལ། ཁོ་པའི་དམིགས་ཡུལ་ནི་བོད་རང་བཙན་ཁྱབ་བསྒྲགས་བྱས་ཏེ་བོད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་སྒྱུར་ཐབས་བྱེད་བཞིན་པ་དེ་རེད། ཅེས་འཁྱོག་བརྗོད་བྱས་འདུག་པ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་ཆུང་གི་ཉན་ཞིབ་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་སྐོར་གསུངས་པ་དེས་བོད་རང་བཙན་རྩོད་མཁན་གྱི་ཤོག་ཁག་གི་ངོ་གདོང་མཚོན་གྱི་ཡོད་ཚུལ་བཤད་འདུག

དེ་བཞིན་རྒྱ་ནག་གི་མགྲིན་ཚབ་པ་དེས་བོད་རྒྱ་གྲོས་མོལ་དང་འབྲེལ་ཏེ། རྒྱ་ནག་ངོས་ནས་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་ངོས་འཛིན་བྱེད་ཀྱི་མེད་ལ། རྒྱ་ནག་དབུས་གཞུང་གིས་དེ་ལྟ་བུའི་ཁྲིམས་འགལ་གྱི་ཚོགས་པའི་ལྷན་ནམ་ཡང་གྲོས་མོལ་བྱ་རྒྱུ་མིན་པ་དང་། རྒྱ་ནག་དབུས་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གཉིས་ལས་གཞན་སུ་གཅིག་ལའང་བོད་མིའི་སྐུ་ཚབ་བྱ་རྒྱུའི་ཐོབ་ཐབ་མེད་སྐོར་བརྗོད་འདུག་ལ། འདས་པའི་ལོ་གཅིག་ནང་བོད་ནང་བོད་མི་གང་བྱུང་བཙོན་འཇུག་ཁྲིམས་ཆད་བཏང་བ་དང་། ཉེ་ཆར་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་མུས་ཡིན་ནའང་། རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ད་ལྟའི་ཆར་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རིག་གནས་དང་བཅས་པ་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་རྣམས་ཀྱིས་སྤྲོ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་ཡོད་པ། བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་ཡོད་སྐོར་བཀོད་འདུག གཞན་ཡང་རྒྱ་ནག་གཞུང་གིས་འདས་ལོར་བོད་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་ཡིས་མཚོན་པའི་བོད་ཀྱི་སློབ་གྲྭ་ཁག་སྒོ་བརྒྱབ་ཏུ་བཅུག་པ་མ་ཟད། རྒྱལ་ཡོངས་སྤྱི་སྐད་ཟེར་བའི་སྲིད་ཇུས་འོག་བོད་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཁྲིད་སྐད་ཡིག་དེ་རྒྱའི་སྐད་ཡིག་ཏུ་བསྒྱུར་དགོས་པའི་བཙན་བཀའ་བཏང་བ་སོགས་གནས་ཚུལ་མང་པོ་ཐོན་ཡོད་ཀྱང་། གཞུང་ཚབ་ཁང་དེས་རྒྱ་ནག་གཞུང་ངོས་ནས་ཁྲིམས་སྒྲིག་གཞིར་བཟུང་བོད་ཀྱི་རིག་གཞུང་དང་སྐད་ཡིག་བཀོལ་སྤྱོད་ཐད་སྲུང་སྐྱོབ་དང་གོང་འཕེལ་འགྲོ་རྒྱུ་གཙོར་འཛིན་བྱེད་བཞིན་ཡོད་སྐོར་གྱི་འཁྱོད་བཤད་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཁ་ན་ཌིའི་ནང་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༧ ཉིན་སྲིད་སྐྱོང་མཆོག་གིས་གྲོང་ཁྱེར་ཊོ་རོན་ཊོ་རུ་ཡོད་པའི་བོད་ཀྱི་ཆོས་ཚོགས་ཁག་ ༡༢ དང་ཚོགས་པ་སྐྱིད་སྡུག་ ༡༤ བཅས་ཀྱི་སྐུ་ཚབ་དང་ཐུག་འཕྲད་གནང་། ཁ་སང་ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་མཆོག་གིས་རྒྱ་རིགས་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་བཅས་ཀྱི་སྐུ་ཚབ་དང་ཐུག་འཕྲད་ཀྱིས་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༡ ནས་ཟླ་འདིའི་ཕྱི་ཚེས་ ༡༢ བར་འཇར་མ་ཎི་དང་ཨ་རི། ཁེ་ན་ཌ་བཅས་གསུམ་དུ་གཞུང་འབྲེལ་སྐོར་བསྐྱོད་ཀྱི་ལས་རིམ་འགྲོ་མུས་ཡིན་ཞིང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྲོས་ཚོགས་ཀྱི་ལས་རིམ་ཁག་གྲུབ་རྗེས་མོན་ཊི་རལ་ (Montreal) ཁུལ་དུ་གནས་སྡོད་བྱེད་པའི་བོད་མི་རྣམས་ལ་གསུང་བཤད་གནང་འདུག་པ་མ་ཟད། གནས་དེར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཟུར་པ་རྣམས་ལ་ཟུར་དུ་ཐུག་འཕྲད་ཀྱིས་བཀའ་མོལ་་གནང་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨ་རི་ཧྥི་ཝི་ར་ནི་ (Arif Virani) ལགས་ཀྱིས་མགྲོན་འབོད་ཞུས་པ་ལྟར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་ནང་ཕེབས་ཡོད་ལ། གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་གནད་དོན་ཚོགས་ཆུང་གི་རྒྱུན་ལས་ཀྱི་ཉན་ཞིབ་ཐོག་བོད་ནང་གི་གནས་སྟངས་སྤྱི་དང་། ཡང་སྒོས་སུ་འདས་པའི་ལོ་ངོ་ ༢༧ རིང་གར་སོང་ཆ་མེད་དུ་གྱུར་བའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐོག་གླེང་སློང་གནང་ཡོད་པ་རེད་ལ། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ནས་ཀྱང་༧པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་ནས་ཁེ་ན་ཌའི་གཞུང་དང་གྲོས་ཚོགས་ལ་རེ་སྐུལ་དོན་ཚན་ ༥ བཏོན་ཡོད་པ་རེད། དེའི་ཐད་རྒྱ་ནག་གི་གཞུང་ཚབ་ཁང་དེས། རྒྱ་ནག་གཞུང་ངོས་ནས་ཆོས་དད་རང་དབང་གི་སྲིད་ཇུས་འོག་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་དང་། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་མཚོན་པའི་སྤྲུལ་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་ལམ་ལུགས་དེ་དུས་རབས་མང་པོའི་གོང་ནས་རིམ་གྱིས་གཏན་འབེབས་བྱུང་ཡོད་ནའང་། དེ་ཉིད་ལོ་རྒྱུས་དང་ཆོས་ལུགས་ཀྱི་ཆོ་ག་གཞིར་བཟུང་བཅོས་བསྒྱུར་བྱ་དགོས་པ་མ་ཟད། རྒྱ་ནག་གི་ཁྲིམས་སྒྲིག་ཁག་དང་མཐུན་སྒྲིག་བྱ་དགོས་ཚུལ་བཤད་འདུག་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་རྒྱ་ནག་ཁ་བྲལ་གཏོང་མཁན་ཞིག་ཡིན་ཚུལ་དང་། ཁོང་གིས་རྒྱ་ནག་ཁ་བྲལ་གྱི་ཆབ་སྲིད་ཁེ་ཕན་གྱི་ཆེད་དུ་སྲོལ་རྒྱུན་ལམ་སྲོལ་རྣམས་བརྩི་མེད་རྡོག་རོལ་བཏང་སྟེ་ཕྲུ་གུ་ཞིག་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་ཚུལ་དང་། དེ་ནི་ཁྲིམས་འགལ་ཙམ་དུ་མ་ཟད་ངོས་འཛིན་བྱ་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་འདུག་ལ། རྒྱུན་ལྡན་ལྟར་༧པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་མི་སེར་དཀྱུས་མ་ལྟར་འཚོ་བ་སྐྱེལ་བཞིན་ཡོད་སྐོར་བསྐྱར་དུ་བཤད་ཡོད་འདུག

 

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 1

  1. དཀར་མཚོ་སྐྱིད། says:
    ལོ་ 4 སྔོན།

    ཤིན་ཏུ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese