མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ནང་གི་དགེ་འདུན་པ་ཞལ་གྲངས་ ༦༣༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་གདན་ས་ཁག་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པ་བཅས་དགེ་འདུན་པ་ཞལ་གྲངས་ ༦༣༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་དབུ་འཛུགས་མཛད་འདུག

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བརྒྱད་གཏོར་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ། Photo:HHDL

དེ་ཡང་ཁ་སང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྒྱད་གཏོར་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། དགེ་འདུན་པ་ཞལ་གྲངས་ ༥༥ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས། དེ་རིང་ཁྱེད་རང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཐོག་བསྙེན་རྫོགས་སྒྲུབ་རྒྱུ་རེད། སྐལ་བ་ཧ་ཅང་གི་བཟང་པོ་རེད། སྟོན་པ་བཅོམ་ལྡན་འདས་རང་ཉིད་རྒྱལ་པོའི་སྲས་རེད། འོན་ཀྱང་ཁྱིམ་སྤངས་ནས་རབ་ཏུ་བྱུང་སྟེ་བསྙེན་རྫོགས་སྒྲུབ་གནང་ཡོད་པ་རེད། ངོས་ཀྱིས་རྡོ་རྗེ་གདན་དུ་ཐུབ་དབང་རིན་པོ་ཆེའི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་པ་ཡིན། སྐལ་བ་ཧ་ཅང་བཟང་པོ་བྱུང་ཡོད་ཞེས་སོགས་གསུངས་ཡོད་འདུག

བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་གི་མཛད་རིམ་ལྟར་ན། འདི་ལོའི་བསྙེན་རྫོགས་སྡོམ་པ་འབོག་ཆོག་དེ་ཁག་གཉིས་སུ་དབྱེ་སྟེ། ཕྱི་ཚེས་ ༩ ནས་ཚེས་ ༡༥ བར་དང་། ཕྱི་ཚེས་ ༡༦ ནས་ཚེས་ ༢༣ བར་གཙུག་ལག་ཁང་གི་ཆོས་རའི་ནང་སྡོམ་པ་འབོག་ཆོག་གནང་རྒྱུ་ཡིན་འདུག་ལ། ད་ལན་བསྙེན་རྫོགས་སྒྲུབ་མཁན་དེ་གདན་ས་སེ་འབྲས་དགའ་གསུམ་གཙོ་བོར་གྱུར་བའི་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་གདན་ས་ཆོས་སྡེ་ཁག་ ༣༤ ལྷག་དང་། སོག་ཡུལ་དང་སི་པན། ཇར་མ་ནི། ཨཱར་ལེན་ཌི། ཧྥ་རན་སི། ཨོ་སི་ཊི་རི་ཡ། ཨ་རི། ཝེ་ཊི་ནམ།  བལ་ཡུལ། ཨུ་རུ་སུ། སྦེལ་ཇམ་བཅས་ནས་ཁྱོན་དགེ་འདུན་པ་ཞལ་གྲངས་ ༦༣༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་གི་ཡོད་པ་རེད།

ཕྱི་ཚེས་ ༩ ཉིན་གཙུག་ལག་ཁང་དུ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་བཀའ་དྲིན་བསྐྱངས་བ། Photo:HHDL

གཞན་ཡང་། ༧གོང་ས་མཆོག་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་ལ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ད་དུང་ཕྱི་ཟླ་ ༦ ཚེས་ ༡ ནས་ ༢ བར་ཉིན་གཉིས་རིང་༧གོང་ས་མཆོག་གིས་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་གནང་རྒྱུ་ཡིན་འདུག་ལ། ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༠ བར་༧གོང་ས་མཆོག་གིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བཞུགས་སྒར་དྷ་རམ་ས་ལར་བདེ་ཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༨ ཉིན་གྱི་སྔ་དྲོ་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་། ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་གསར་འགོད་པ་བསྟན་འཛིན་ཕུར་བུས་བཏུས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese