མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དབྱིངས་སྐྱིད་ལགས་སུ་ཡང་བསྐྱར་རྒྱལ་སྤྱིའི་འགྲན་སྡུར་ཐོག་ཨང་དང་པོ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་ལྔའི་ནང་བོད་རིགས་ཨོ་རྩེད་བ་ཆོས་དབྱིངས་སྐྱིད་ལགས་སུ་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་གྱི་སྐྱེད་མའི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་གསུམ་ཐོབ་ཡོད་འདུག

བོད་རིགས་ཨོ་རྩེད་བ་ཆོས་དབྱིངས་སྐྱིད་ལགས་སུ་སི་པེན་གྱི་རྒྱལ་སྤྱིའི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་སི་པན་གྱི་གྲོང་ཁྱེར་ (La Coruna) དུ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་བསྡུས་ཡོད་པ་དང་། འགྲན་སྡུར་དེའི་ནང་འཛམ་གླིང་རྒྱལ་ཁབ་མང་པོ་སི་པན་གྱི་གྲོང་ཁྱེར་ (La Coruna) ས་ཁུལ་དུ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་ནང་ཧོང་ཀོང་དང་ཉི་ཧོང་ལ་སོགས་པའི་རྒྱལ་ཁབ་ ༣༠   ཡི་རྩེད་འགྲན་པ་ ༡༦༡  མཉམ་ཞུགས་བྱས་ཡོད་འདུག་ལ།  བོད་ཀྱི་ཨོ་རྩེད་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྤྱི་ལེ་ ༢༠ ཡི་སྐྱེད་མའི་འདུར་རྒྱུག་ཁྲོད་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་ ༢༧ དང་སྐར་ཆ་ ༥༠ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་ཐོབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཡུ་རོབ་རྒྱལ་ཁབ་སི་པན་གྱི་རྒྱལ་ས་མན་ཌི་རེ་ཌིར་འཚོགས་པའི་རྒྱལ་སྤྱིའི་རྩེད་འགྲན་ཐོག་ཏུའང་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་བླངས་ཡོད་འདུག ཡང་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་ཡུ་རོབ་རྒྱལ་ཁབ་ (Slovakia) ནང་འཚོགས་པའི་རྒྱལ་སྤྱིའི་གསེར་གྱི་རྟགས་མའི་སྐྱེད་མའི་སྤྱི་ལེ་ ༣༥ ཡི་འདུར་རྒྱུག་ཁྲོད། ཆོས་དབྱིངས་སྐྱིད་ལགས་ཀྱིས་ཡང་ཨང་དང་པོ་བླངས་ཡོད་འདུག་ལ། འདས་པའི་གཟའ་འཁོར་ལྔའི་ནང་ཆོས་དབྱིངས་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་འགྲན་སྡུར་ཁྲོད་ཨང་དང་པོ་ཐེངས་གསུམ་བླངས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོའི་ལོན་ཏོན་ཨོ་རྩེད་འགྲན་ཚོགས་ཀྱི་སྐྱེད་མའི་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་ཆོས་དབྱིངས་སྐྱིད་ལགས་སུ་ཨང་གསུམ་པ་ཐོབ་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༡༦ ལོར་སྐབས་དེར་ཨང་གཉིས་པ་ཐོབ་མཁན་ཨུ་རུ་སུའི་འགྲན་ཞུགས་པ་ཨོ་གྷ་ཁ་ནི་སི་ཀི་ནཱ་(Olga Kaniskina)ཡིས་སྟོབས་སྐྱེད་སྨན་རྫས་བེད་སྤྱོད་བྱས་པའི་ཉེས་མིང་འོག མོའི་ཨང་གཉིས་པའི་གཟེངས་རྟགས་ཕྱིར་བསྡུས་ཏེ་ཆོས་དབྱིངས་སྐྱིད་ལགས་སུ་སྤྲད། ཡང་ཕྱི་ལོ་ ༢༠༢༢ ཏེ་མི་ལོ་ ༡༠ ཡི་རྗེས་སུ་ཕྱི་ལོ་ ༢༠༡༢ ལོའི་རྩེད་འགྲན་དེར་ཨང་དང་པོ་ལེན་མཁན་ཨུ་རུ་སུའི་འདུར་རྒྱུག་པ་ལཱ་ཤི་མཱ་ནོ་ཝ་ (Yelena Lashmanova) ཡིས་ཀྱང་སྟོབས་སྐྱེད་སྨན་རྫས་བེད་སྤྱོད་བྱས་ཡོད་སྐོར་ར་འཕྲོད་དེ། མི་ལོ་ ༡༠ ཡི་རྗེས་སུ་སྐབས་དེའི་ཨང་དང་པོ་གཟེངས་རྟགས་དེ་ཆོས་དབྱིངས་སྐྱིད་ལགས་སུ་སྤྲད་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་ཆོས་དབྱིངས་སྐྱིད་ལགས་ཀྱིས་དེ་རིང་ང་ལ་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཞིག་ཡོང་གི ཨང་དང་པོ་ཐོབ་པར་དགའ་ཡི་འདུག་ཀྱང་། མི་ལོ་ ༡༠ ཡི་ཡར་སྔོན་དུ་ངས་འཛམ་གླིང་མི་མང་གི་མདུན་ནས་གཟེངས་རྟགས་དེ་ལེན་མ་ཐུབ་པར་སྐྱོ་སྣང་སྐྱེ་ཡི་འདུག་ཅེས་བརྗོད་ཡོད་པ་རེད།

བོད་རིགས་ཨོ་རྩེད་བ་ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ལོར་བོད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་ནས་ཡིན་ཞིང་། ཆུང་དུས་ནས་ཡུལ་ཚོའི་སློབ་གྲྭར་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་ལོན་ཏོན་ཨོ་རྩེད་ཐོག་མཉམ་ཞུགས་བྱས་ཏེ་མཐར་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་ཡོད་པ་རེད། མོའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པས། ཕྱི་ལོ་ ༢༠༡༣ ནས་བོད་ཁུལ་གྱི་ན་གཞོན་མང་པོ་ཞིག་རྒྱ་ནག་དང་རྒྱལ་སྤྱིའི་རྩེད་འགྲན་སྣ་མང་ནང་ཞུགས་ཏེ་རིམ་པ་མི་འདྲ་བའི་བྱ་དགའ་ཁག་ཐོབ་ཡོད་པ་རེད། དེ་ཡང་བོད་རིགས་ཨོ་རྩལ་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ལ་ཕྱི་ལོ་ ༢༠༠༨ ལོའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཐོག་སྨི་ཆིག་ཁྲིའི་སྐྱེས་པའི་རྒྱང་རྒྱུག་ཁྲོད་ཨང་དང་པོ་ཐོབ། དེ་བཞིན་ ༢༠༡༡ ལོའི་ཊོར་ཀེ་རྒྱལ་སྤྱིའི་འགྲན་ཚོགས་ཐོག་འཇུ་རེས་ཤེད་རྩལ་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་བའི་ཤི་ལོག་སྒྲོལ་མ་ལགས། ཕྱི་ལོ་ ༢༠༡༣ ལོའི་སྐབས་ ༢༡ པའི་ཡ་གླིང་གི་འགྲན་ཚོགས་མཐོར་འཛེག་འགྲན་སྡུར་ཁྲོད་བོད་རིགས་བུ་མོ་རིན་ཆེན་ལྷ་མོ་ལགས་ལ་ཨང་དང་པོ་ཐོབ་ཡོད་པ་རེད། ཁོང་མོ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་འཛམ་གླིང་ཨོ་རྩེད་འགྲན་ཚོགས་ཐོག་གཟེངས་རྟགས་ལེན་མཁན་བོད་རིགས་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༨ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese