མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཀོ་ལི་གྷལ་དོན་ལྡན་གླིང་དུ་འཚམས་གཟིགས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༥ ཚེས་ ༢༨ ནས་ཟླ་འདིའི་ཕྱི་ཚེས་ ༡༢ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར་དེ་རིང་ཕྱི་ཚེས་ ༦ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་དུ་ཕེབས་འདུག

Sikyong’s arrival at Kollegal Dhondeling Tibetan settlement after concluding Hunsur visit, 6 June 2022.

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་འབྱོར་གྱིས་རྫོགས་ཆེན་དགོན་དང་ས་སྐྱ་དགོན་པ། སེར་སྨད་ཟེ་ཕུག་དགོན་པ། སྔ་འགྱུར་སྟག་གཤམ་ཨོ་རྒྱན་བསམ་གཏན་ཆོས་གླིང་། བཀྲ་ཤིས་དར་རྒྱས་དགོན་པ། རྟ་རྣ་དགོན་སོགས་སུ་འཚམས་གཟིགས་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧོན་སུར་ས་གནས་ཀྱི་ལས་སྣེ་རྣམ་པ་དང་། སེར་སྐྱ་མང་ཚོགས་རྣམས་ལ་སྐབས་ ༡༦ པའི་བཀའ་ཤག་གི་སྲིད་ཇུས་ལངས་ཕྱོགས་འགྲེལ་བརྗོད་གནང་བ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས། བཙན་བྱོལ་བོད་མི་རྣམས་གཅིག་སྒྲིལ་གྱིས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་ཧུར་བརྩོན་དགོས་པ། དེ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་འོག་ཤར་སྐྱོད་ཀྱིས་གྲོལ་མོལ་གྱི་ལམ་ནས་བོད་མིའི་མངོན་འདོད་སྒྲུབ་ཐབས་བྱེད་བཞིན་ཡོད་སྐོར་སོགས་གསུངས་ཡོད་འདུག དེ་ནས་ཉིན་རྒྱབ་ཏུ་རྒྱུད་སྨད་གྲྭ་ཚང་དང་ཆོས་འཁོར་མཆོད་རྟེན་སོགས་ལ་ཕེབས་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ལོའི་ལྷོ་ཕྱོགས་རྐང་སྤོལ་འགྲན་སྡུར་གྱི་ཉིན་མཐའ་མའི་སྐབས་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཕེབས་ཡོད་འདུག

Sikyong addresses the community members of Rabgyaling settlement at a reception and felicitation hosted this morning honouring the Sikyong’s maiden visit.

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཧོན་སུར་གཞིས་ཆགས་ཀྱི་རྒྱུད་སྨད་གྲྭ་ཚང་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་འཚམས་གཟིགས་གནང་སྟེ། ནང་ཆོས་དང་རིགས་ལམ། བོད་ཀྱི་སྐད་ཡིག་ཐོག་དབྱར་ཁའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཧོན་སུར་རབ་རྒྱས་གླིང་དང་ཀོ་ལི་གྷལ་དོན་ལྡན་གླིང་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཧོན་སུར་གཞིས་ལས་ཁང་སོགས་ལས་ཁུངས་ཁག་དང་དགོན་སྡེ། སྨན་ཁང་། སློབ་གྲྭ། རྒས་གསོ་གླིང་སོགས་སུ་འཚམས་གཟིགས་གནང་ཡོད་འདུག

Sikyong Penpa Tsering addressing the faculty and students of TCV Bylakuppe school.

ཟླ་འདིའི་ཕྱི་ཚེས་ ༡ དང་ ༢ ཉིན་སྦེལ་ཀོབ་བདེ་སླར་སཾ་བྷོ་ཊ་སི་ཝི་པི་ (CVP) ཉིན་སློབ་ཏུ་འཚམས་གཟིགས་དང་འབྲེལ་རྐང་རྩེད་སྤོ་ལོའི་རྩེད་ཐང་དང་། ཚན་རིག་སྐྱེད་ཚལ་ཞིག་དབུ་འབྱེད་གནང་ཡོད་པ་མ་ཟད། བདེ་སླར་གཞིས་གྲོང་ཁག་བཅུ་གསུམ་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང། མཉམ་འབྲེལ་དང་སྡེ་ཚན་ཁག་གི་ལས་ཁུངས། དེ་བཞིན་ལུགས་བསམ་གཞིས་གྲོང་ ༥ དང་ ༦ སོགས་ལ་འཚམས་གཟིགས་གནང་། ཕྱི་ཚེས་ ༢ ཉིན་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དང་། སྦེལ་ཀོབ་རྒས་གསོ་ཁང་། སྦེལ་ཀོབ་མ་དགོན་ཐེག་ཆེན་གླིང་དགོན་པར་ཕེབས་ཡོད་འདུག

Sikyong Penpa Tsering addressing the Tibetans in Bylakuppe.

ཕྱི་ཟླ་ ༥ ཚེས་ ༢༨ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་ལྷོ་ཕྱོགས་ཀར་ན་ཊ་ཀ་ཁུལ་གྱི་འཚམས་གཟིགས་དབུ་འཛུགས་གནང་ཡོད་པ་ལྟར། ཐོག་མར་བྷང་ལོར་ཁུལ་གྱི་སློབ་གྲྭ་དང་མི་མང་སོགས་སུ་ཐུག་འཕྲད་གསུང་བཤད་གནང་ཡོད་པ་དང་། ཚེས་ ༣༠ ཉིན་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ (Shri Basavaraj Bommai) དང་། ཀར་ན་ཊ་ཀའི་མངའ་གཞུང་གི་ཁྱུར་ལ་ཉེ་བའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ (Shri P Ravi Kumar) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་རེད། ཕྱི་ཚེས་ ༣༡ ཉིན་ནས་སྲིད་སྐྱོང་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དུ་ཕེབས་འབྱོར་བྱུང་སྟེ། ས་གནས་ཀྱི་དགོན་པ་གྲྭ་ཚང་ཁག་དང་སློབ་གྲྭ། གྲོང་སྡེ་བཅས་ཀྱི་ནང་དུ་གཟིགས་སྐོར་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༩ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese