མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཆུ་ལོག་གི་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དབུས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་གི་ནང་དུ་ཆུ་ལོག་དང་ས་རུད་སོགས་འབྱུང་བའི་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་ཡོད་འདུག

CORRECTS TOWN – Flood waters sweep through the ancient town of Feng Huang in central China’s Hunan province, Saturday, June 4, 2022. State media reported some deaths and missing in flooding in the province. (AP Photo) (Uncredited/AP)

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་གི་དབུས་ཧའོ་ནན་ཞིང་ཆེན་ནང་ཆུ་ལོག་བརྒྱུགས་ཏེ། ཁྱིམ་ཚང་ ༢༧༠༠ ལྷག་གི་ཁང་པར་གཏོར་བཤིག་ཐེབས་པ་དང་། ད་སྔ་བར་མི་གྲངས་ ༡༠ འདས་གྲོངས་དང་མི་ ༣ བོར་བརླག་ཏུ་ཕྱིན་ཡོད་པ་མ་ཟད། ད་དུང་ཡང་མྱུར་སྐྱོབ་རུ་ཁག་གིས་འཚོལ་ཞིབ་ཀྱི་བྱ་བ་མུ་མཐུད་སྤེལ་བཞིན་ཡོད་པ་དང་། ད་བར་ཆུ་ལོག་དེའི་ཁྲོད་གྲོང་གསེབ་ཀྱི་མི་མང་ས་ཡ་ ༡།༨ ཙམ་གྱི་འཚོ་གནས་ལ་གནོད་ཤུགས་ཐེབས་པ་དང་མི་གྲངས་ ༢༨༦༠༠༠ ལྷག་གནས་སྤོར་བྱ་དགོས་བྱུང་ཡོད་འདུག

དེ་བཞིན། དེ་རིང་སྔ་དྲོར་རྒྱ་ནག་གི་ལྷོ་ཕྱོགས་ཀན་ཤི་ས་ཁུལ་དུ་རི་ཉིལ་ས་རུད་བྱུང་སྟེ་ཤེས་རྟོགས་བྱུང་བ་ལྟར་ན། ད་སྔ་བར་བུད་མེད་ཅིག་འདས་གྲོངས་སུ་ཕྱིན་པ་གཏན་འཁེལ་བྱུང་ཡོད་པ་དང་། ད་ལྟ་མྱུར་སྐྱོབ་རུ་ཁག་གིས་གསོན་གནས་ཐུབ་པའི་མི་ག་ཚོད་ཅིག་ཡོད་མེད་མུ་མཐུད་འཚོལ་ཞིབ་བྱེད་ཀྱི་ཡོད་འདུག་ལ། ཟླ་འདིའི་མགོ་ནས་བཟུང་ཧའོ་ནན་ཞིང་ཆེན་ནང་རླུང་འཚུབ་དྲག་པོ་གཡུགས་པ་དང་ལོ་རྒྱུས་ནང་འབབ་མ་མྱོང་བའི་ཆར་བ་སོགས་བབས་པར་བརྟེན། མི་རྒྱུ་གཉིས་ལ་དཀའ་ངལ་ཤུགས་ཆེན་བཟོས་ཡོད་པ་རེད།

ད་རེས་རྒྱ་ནག་དབུས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་འབྱུང་བའི་གོད་ཆག་བྱུང་བཞིན་པའི་གནད་དོན་དང་འབྲེལ་ནས། རྒྱ་ནག་གཞུང་གིས་ཀན་ཤི་གྲོང་ཁྱེར་གྱི་གཙོས་ཅཱང་ཤི་(Jiangxi)དང་ ཧྥོ་ཇེན་(Fujian)། གཱང་ཌཱོན་ (Guangdong)། ཧེ་ནན་ (Hainan)། སི་ཁྲིན། ཡུ་ནན། ཞི་ཧྥ་ (Xinhua) སོགས་སུའང་ཆར་བ་ཤུགས་ཆེན་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད་ལ།

རྒྱ་ནག་གཞུང་གིས་ཆུ་ལོག་གི་ཉེན་ཁ་སྲུང་སྐྱོབ་དང་ཆུ་གློག་གི་ལས་གཞིའི་སྟེང་འགྲོ་གྲོན་ཤུགས་ཆེན་བཏང་སྟེ། ཡར་ཀླུང་གཙང་པོའི་ཆུ་རྒྱུན་དུ་ཆུ་མཛོད་ཆེན་པོ་གསུམ་བརྒྱབ་ཡོད་ཀྱང་། འདས་པའི་ལོ་མང་རིང་དབྱར་ཁའི་སྐབས་སུ་རྒྱ་ནག་གི་ལྷོ་དང་དབུས་ཁུལ་དུ་ཆུ་ལོག་གི་གོད་ཆག་མང་པོ་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དུ་ཆགས་པའི་མི་གྲངས་ ༢༠༠༠ ལྷག་འདས་གྲོངས་དང་མི་མང་ས་ཡ་ ༣ ལྷག་གི་སྡོད་གནས་མེད་པར་བཟོས་ཏེ། སྐབས་དེའི་ཆུ་ལོག་དེ་ནི་རྒྱ་ནག་གི་ལོ་རྒྱུས་ནང་ཆེས་འཇིགས་སུ་རུང་བའི་ཆུ་ལོག་ཅིག་ལ་ངོས་འཛིན་བྱས་ཡོད་པ་རེད།

ཡང་འདས་ལོར་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཐོག རྒྱ་ནག་དབུས་ས་ཁུལ་ (Zhengzhou)ནང་ཆུ་ལོག་བརྒྱུགས་ཏེ་མི་གྲངས་ ༢༥ འདས་གྲོངས་དང་མི་མང་ཁྲི་ ༢༠ ལྷག་གནས་སྦོར་དགོས་བྱུང་བའི་གནས་ཚུལ་བྱུང་ཡོད་ཀྱང་། ཕྱིས་སུ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་པར་རིས་སོགས་བཀྲམ་པའི་ནང་། སྲང་ལམ་དུའང་ཆུ་ལུག་ཆེན་པོ་བརྒྱུགས་ཏེ་མང་ཚོགས་དཀྱུས་མ་རྣམས་ཆུ་ཆེན་བརྒལ་ནས་ལས་ཀར་འགྲོ་བ་དང་ཉིན་རེའི་འཚོ་བའི་ཕྱིར་དུ་བསྐྱོད་ཀྱི་ཡོད་པ་སོགས་མཐོང་རྒྱུ་བྱུང་བ་མ་ཟད། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བསྒྲགས་པའི་གྲངས་འབོར་དག་ལ་ནམ་ཡང་ཡིད་ཆེས་བྱ་རྒྱུ་མེད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༩ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese